དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“ལྕགས་རི་རིང་བོ་གསར་པའི་མཐོ་འབྲིང་སློབ་མའི་སྟོབས་ཤུགས་རང་སྐྱེད་འཛིན་གྲྭའི་རྣམ་གྲངས”མཚོ་བྱང་རྐང་ཚ་རུ་ཐོན།

2025-04-23 15:36:14   |   252

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཁབ་ནུས་ཁུངས་ཚོགས་པ་སྤྱི་ཕན་ཐེབས་རྩ་ཚོགས་པའི་རོགས་རམ་དང་། ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་འོག    ཀྲུང་གོ་གྲོང་གསེབ་འཕེལ་རྒྱལ་ཐེབས་རྩ་ཚོགས་པའི“ལྕགས་རི་རིང་བོ་གསར་པའི་མཐོ་འབྲིང་སློབ་མའི་སྟོབས་ཤུགས་རང་སྐྱེད་འཛིན་གྲྭའི་རྣམ་གྲངས”ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་དངོས་སུ་ཐོན་ཡོད་ཅིང་།  རྣམ་གྲངས་འདིས་རྐང་ཚ་རུ་སྐྱེས་པའི་མཐོ་གཅིག་འཛིན་གྲྭའི་སློབ་མ50ལ་བསྟུད་མར་ལོ་གསུམ་གྱི་དཔལ་འབྱོར་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། ལོ་རེར་སྒོར་ཁྲི10དང་། སྡོམ་པའི་སྒོར་ཁྲི30མཁོ་སྤྲོད་བྱས་ནས་འབྲོག་ཁུལ་གྱི་བྱིས་པའི་འབྱུང་འགྱུར་ལ་སློབ་གསོའི་འོད་ཟེར་འཕྲོ་རུ་འཇུག་རྒྱུ་རེད།  སྤྱི་ཟླ4པའི་ཚེས17ཉིན། “ལྕགས་རི་རིང་བོ་གསར་པའི་མཐོ་འབྲིང་སློབ་མའི་སྟོབས་ཤུགས་རང་སྐྱེད་འཛིན་གྲྭའི་མགོ་རྩོམ་མཛད་སྒོ”མཚོ་བྱང་ཁུལ་སློབ་འབྲིང་དང་པོ་རུ་འཚོགས།

ཐེངས་འདིའི་རྣམ་གྲངས་ལག་ལེན་བསྟར་སྐབས།  རྐང་ཚ་རུ་སྐྱེས་པའི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡིན་དགོས་པར་མ་ཟད། ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མ་དང་། ཡིག་ཚགས་བྱང་བུ། མ་མཐའི་འགན་སྲུང་།  དབང་བོ་སྐྱོན་ཅན་སོགས་ཀྱི་དམིགས་བསལ་གྱི་དཀའ་ངལ་ལྡན་པའི་བྱིས་པ་ལ་གཙོ་གནད་རོགས་སྐྱོར་བྱ་རྒྱུ་རེད། མི་རེ་ལ་ལོ་རེ་བཞིན་འཚོ་བའི་གྲོན་དངུལ་རོགས་སྐྱོར་བྱས་པ་བརྒྱུད་ནས། སློབ་མའི་ཁྱིམ་ཚང་གི་གནོན་ཤུགས་ཇེ་ཆུང་དང་། “འཚོ་བའི་དཀའ་ངལ་གྱིས་སློབ་གཉེར་བྱེད་མི་ཐུབ་པ་མེད་པར”འགན་ལེན་བྱས།  རྣམ་གྲངས་འདིས་མ་གཞི་ནས་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མར་ཤེས་བྱའི་སྒོ་མོ་འགྲིམ་པའི་བཞུད་ལམ་ཞིག་བསྐྲུན་ཡོད་པར་མ་ཟད།  ཁོ་ཚོར “ཤེས་བྱས་ལས་དབང་ལ་ཁ་ལོ་བསྒྱུར་ཞིང་རང་སྟོབས་ཀྱིས་མི་ཚེའི་གྲུབ་འབྲས་ཐོབ་རྒྱུའི”ཡིད་ཆེས་ཀྱང་བརྒྱུད་སྤྲོད་བྱས་ཡོད། རི་ཆུ་ལས་བརྒལ་བའི་བྱམས་སེམས་དེ་ནི་རྐང་ཚ་རྫོང་གི་སློབ་གསོ་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ནུས་ཤུགས་ཤིག་ཡིན་ལ། བྱིས་པ་རྣམས་འཚར་ལོངས་འབྱུང་བའི་བརྩེ་བའི་སྲུང་སྐྱོབ་ཅིག་ཀྱང་ཡིན།

རོགས་སྐྱོར་ཐོབ་བའི་སློབ་མ་མཁར་མོ་སྒྲོལ་མས “ཁྱེད་ཚོའི་རོགས་རམ་ལས་ངས་ཀྱང་ཏང་གི་གཅེས་སྐྱོང་ཚོར་བྱུང་། འཚོ་བར་དཀའ་ངལ་ཁ་ཤས་འཕྲད་ཀྱང་ཁྱེད་ཚོའི་བྱམས་སེམས་ཀྱིས་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་ལ་འོད་སྣང་བསྩལ་བྱུང་”ཞེས་བཤད།

གྲང་ངར་རྒོད་པའི་མཐོ་སྒང་ས་ཁུལ་གྱི་སློབ་གསོའི་རོགས་སྐྱོར་གྱི་དཔེ་མཚོན་ལག་ལེན་ཞིག་ཡིན་པའི་ངོས་ནས། ལྕགས་རི་རིང་བོ་གསར་པའི་སྟོབས་ཤུགས་རང་སྐྱེད་འཛིན་གྲྭའི་རྣམ་གྲངས་འཁོར་བསྐྱོད་བྱེད་པར་ཕན་ནུས་ཆེ་བའི་འགན་སྲུང་གི་ལམ་སྲོལ་ལྡན་ཡོད།  ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་། རྐང་ཚ་རྫོང་སློབ་གསོ་ཅུ།  མཚོ་བྱང་ཁུལ་མཐོ་འབྲིང་དང་པོ་བཅས་ཕྱོགས་གསུམ་གྱིས《རྣམ་གྲངས་རོགས་སྐྱོར་གྲོས་མཐུན》ལ་མིང་རྟགས་བཀོད་ཅིང་། རོགས་སྐྱོར་ཚད་ལྡན་དང་། སྤྲོད་པའི་བརྒྱུད་རིམ། ཕྱོགས་ཁག་གི་དབང་ཆའི་འགན་འཁྲི་བཅས་ཁ་གསལ་བཟོས་ཏེ། རྣམ་གྲངས་ཚད་གཞི་ཅན་དང་ཕན་ནུས་མཐོ་བའི་འཁོར་སྐྱོད་འགན་ལེན་བྱས་པ་རེད།  རྣམ་གྲངས་དེ་གྲུབ་འབྲས་ལྡན་པའི་སྒོ་ནས་ལག་ལེན་དུ་བསྟར་ན། གྲང་ངར་རྒོད་པའི་མཐོ་སྒང་ས་ཁུལ་ཙམ་མ་ཟད་རྒྱལ་ཡོངས་ཀྱི་སློབ་གསོའི་རོགས་སྐྱོར་ལས་དོན་ལ་ཉམས་མྱོང་རྩ་ཆེན་དང་དཔེ་སྟོན་ཀྱི་ནུས་པ་འདོན་ཐུབ་པས། སློབ་གསོ་དྲང་གཞག་གི་འདུ་ཤེས་དེ་ལས་ཀྱང་རྒྱ་ཆེ་བའི་མངའ་ཁོངས་སུ་ཐོན་རྒྱུར་སྐུལ་འདེད་གཏོང་ཐུབ།



མཉམ་སྤྱོད།