དེ་རིང་ནི2025ལོའི་ཟླ06པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གི“རྐང་ཚའི་མཚོ་སྔོན་པོ་ནོར་གནག”དང“རྐང་ཚའི་མཚོ་སྔོན་པོ་འབྲོག་ལུག”ཅེས་པའི་ཤ་རིགས་ཐོན་རྫས་ལ་ཤང་ཀང་སྤུས་ལེགས་ཐོན་རྫས་ཀྱི་ཁས་ལེན་དཔང་ཡིག་ཐོབ།

2025-05-12 16:06:43   |   751

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི“རྐང་ཚའི་མཚོ་སྔོན་པོ་ནོར་གནག”དང“རྐང་ཚའི་མཚོ་སྔོན་པོ་འབྲོག་ལུག”ཅེས་པའི་ཤ་རིགས་ཐོན་རྫས་ལ་ཤང་ཀང་ཚད་གཞི་དང་བཤེར་བཅད་ལྟེ་གནས(STC)ཀྱི་ཁས་ལེན་དཔང་ཡིག་ཐོབ་ཅིང་། ཤང་ཀང་ཚད་གཞི་དང་བཤེར་བཅད་ལྟེ་གནས(STC)ཀྱིས་ཤང་ཀང་སྤུས་ལེགས་ཐོན་རྫས་ཀྱི་ཁས་ལེན་དཔང་ཡིག་སྤྲད།

ཤང་ཀང་སྤུས་ལེགས་ཐོན་རྫས་དཔང་ཡིག་ནི་ཀོང་ཏུང་ཞིང་ཆེན་དང་ཤང་ཀང་ཚད་གཞི་དང་བཤེར་བཅད་ལྟེ་གནས(STC)གཉིས་ཀྱིས་མཉམ་སྒྲུབ་བྱས་ཏེ་སྤེལ་བའི་རྩེར་སོན་སྤུས་ཀར་ཁས་ལེན་དཔང་ཡིག་སྟེར་བ་ཞིག་ཡིན་པ་དང་། ཤང་ཀང་ས་གནས་རང་དང་རྒྱལ་སྤྱིའི་འབྲེལ་ཡོད་ཚད་གཞིའི་སྒེར་ཚུགས་བརྟག་བཤེར་ལས་ཁས་ལེན་ཐོབ་ཡོད་པས་ཤང་ཀང་གི་ཁྲོམ་རའི་སྟེང་དགའ་བསུ་ཆེ་ཤོས་ཐོབ་པའི་ཐོན་རྫས་ཀྱི་ར་སྤྲོད་ངོས་འཛིན་གྲས་ཤིག་ཡིན་ལ། འཛད་སྤྱོད་པས་ཟས་རིགས་བདེ་འཇགས་དང་སྤུས་ཚད་ལ་ཡིད་ཆེས་བྱེད་པའི་དམིགས་ཚད་དུ་འཛིན་བཞིན་ཡོད། ཁེ་ལས་ཀྱི་ཐོན་རྫས་ལ་ཤང་ཀང་སྤུས་ལེགས་ཐོན་རྫས་ཀྱི་དཔག་ཡིག་ཐོབ་པ་དེས་ཐོན་རྫས་ཀྱི་སྤུས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཚད་གཞིར་སླེབས་པ་ར་སྤྲོད་བྱས་ཡོད།

རྐང་ཚའི་མཚོ་སྔོན་པོ་ནོར་གནག་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཡོད་ལ། དེ་ནི་ངེས་དོན་གྱི་མཐོ་སྒང་འབྲོག་ཁུལ་ཞིག་ཡིན། ནོར་གནག་ནི་དུས་ཡུན་རིང་པོར་མཐོ་ཞིང་གྲང་ངར་ཆེ་བའི་མཚོ་བོད་མཐོ་སྒང་དུ་གནས་ཡོད་ཅིང་།  རི་མགོ་ལུང་ཀྱོག་ཏུ་རང་བྱུང་རྩྭ་ཆུར་བརྟེན་ནས་འཚོ་བཞིན་ཡོད།  དེའི་ཤ་གནད་ཀྱི་ཚིལ་སྣ་སྲ་མཁྲེགས་ལྡན་ཞིང་། ཚིལ་གྱི་ཁྱབ་སྟངས་སྙོམས་པ། ཤ་ཁུ་དྭངས་ཤིང་བཅུད་ཀྱི་རྫས་སྣ་མང་པས། མཚོ་བོད་མཐོ་སྒང་གི་ཁྱད་ལྡན་གྱི་ལྗང་མདོག་ཐོན་རྫས་ཤིག་ཡིན།

ཐེངས་འདིར།“རྐང་ཚའི་མཚོ་སྔོན་པོ་ནོར་གནག”དང་“རྐང་ཚའི་མཚོ་སྔོན་པོ་འབྲོག་ལུག”གི་ཤ་རིགས་ལ་ཤང་ཀང་གི་སྤུས་ལེགས་ཐོན་རྫས་ཀྱི་དཔང་ཡིག་ཐོབ་པ་དེས། རྐང་ཚའི་ཤ་རིགས་ཀྱི་སྤུས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད་ལ། “རྐང་ཚའི་མཚོ་སྔོན་པོ་ནོར་གནག”དང“རྐང་ཚའི་མཚོ་སྔོན་པོ་འབྲོག་ལུག”གི་ཚོང་རྟགས་ཀྱི་ཤུགས་རྐྱེན་དང་ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་ལས་ཆེ་རུ་བཏང་ཡོད།

མ་འོངས་པར་རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་ཁུལ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ཏེ། རྐང་ཚའི་ཁྱད་འཕགས་ཀྱི་རང་བྱུང་ཆ་རྐྱེན་དང་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། སྤུས་རྟགས་གསར་གཏོད་དང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཐད་རྒྱུན་མཐུད་ངང་ཤུགས་བཏོན་ཏེ། སྔར་ལས་མང་པོའི་རྐང་ཚའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ལ་སྤུས་རྟགས་ལེགས་གྲས་ཀྱི་ཁས་ལེན་དཔང་ཡིག་ཐོབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་ཚོང་ར་གསར་འབྱེད་བྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་མེད་པ་ནས་ཡོད་པ་མངོན་འགྱུར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་འབད་བརྩོན་བྱེད་རྒྱུ་རེད།



མཉམ་སྤྱོད།