དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚས“བཅོས་སྐྱོང་ལྔ་མཉམ་འདྲེས”གཏིང་ཟབ་ཏུ་སྤེལ་ཏེ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་སུ་བཏང་།

2025-05-26 15:13:15   |   62

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྲིད་སྐྱོང་དང་ཁྲིམས་སྐྱོང་། བྱམས་སྐྱོང་། རང་སྐྱོང་། བློ་སྐྱོང་སྟེ“བཅོས་སྐྱོང་ལྔ་མཉམ་འདྲེས”ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཙུགས།

བདེ་འཇགས་འཛུགས་སྐྲུན་བྱེད་པའི་ཏང་གི་སྲོག་ཤིང་གི་སྣེ་ཁྲིད་གོ་གནས་གཏིང་ཟབ་ཏུ་བཏང་སྟེ། རྫོང་ཨུས་སྤྱི་ཡོངས་འཛིན་པ་དང་སྡེ་ཁག་གིས་རམ་འདེགས་བྱེད་པ། ཡུལ་གྲོང་གིས་སྡོམ་འགོད་བྱེད་པ། སྡེ་བ (གཞིས་ཁུལ) ཡིས་དོན་ཐོག་ཏུ་འཁྱོལ་བའི་ཏང་འཛུགས་སྐྱོང་གིས་བདེ་འཇགས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་མཉམ་འགུལ་འགན་འཁྲིའི་མ་ལག་འཛུགས་སྐྱོང་ལ་ཤུགས་བསྣན་ནས།《སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་བདེ་འཇགས་རྐང་ཚ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་རྒྱུའི་སྐོར་གྱི་དོན་འཁྱོལ་བྱ་ཐབས》སོགས་ཀྱི་ཡིག་ཆ་བཟོས་པ་དང་། ཕྱོགས་ཡོངས་ནས་རྫོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཇེ་མཐོར་བཏང་།  “1+N”ཡི་ཏང་འཛུགས་སྐྱོང་གསར་གཏོད་ཀྱིས་ཕྱོགས་མང་པོ་ནས་གཞི་རིམ་བཅོས་སྐྱོང་ལས་དོན་མ་ལག་ལ་སྣེ་ཁྲིད་བྱས་ཏེ། སྡེ་བའི (གཞིས་ཁུལ) “1278”ཏང་འཛུགས་སྐྱོང་མནའ་འབྲེལ་དང“1264”དྲ་བའི་ཞབས་ཞུའི་སྒྲིག་སྲོལ་གསར་པ་སོགས་སྤུས་རྟགས་རབ་དང་རིམ་པ་བསྐྲུན་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་འབྲེལ་མཐུད་བྱེད་པ་དང་མཉམ་སྡེབ་ཤུགས་འདོན་ལ་སྣེ་ཁྲིད་བྱེད་པ་མངོན་འགྱུར་བྱུང་།

ཐོག་མར་མཚོ་བྱང་ཁུལ་གྱི་ཚོད་ལྟའི་གནས་སུ“ལྟེ་གནས་ལྔ + ལས་སྟེགས་གཅིག”ནང་དོན་བྱས་པའི་གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཆ་འཕྲིན་ཅན་གྱི་ཕྱོགས་བསྡུས་ལས་སྟེགས་བསྐྲུན་པ་དང་། དེའི་ནང་རྐང་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཁྲིམས་འཛིན་དང་སྤྱི་ཚོགས་ལས་དོན་པུ་སོགས་སྡེ་ཁག་མང་པོའི་ལས་སྒྲུབ་མི་སྣ་རྩ་འཛུགས་བྱས་ཏེ་ལྟེ་གནས་སུ་བཅའ་སྡོད་བྱས་ནས་གཞུང་དོན་སྒྲུབ་པ་དང་།  གཞི་རིམ་བཅོས་སྐྱོང་དེ“སྡེ་ཁག་ཁ་ཐོར་གྱི་ལས་སྒྲུབ”ནས“མཉམ་འདྲེས་མཐུན་སྦྱོར་གྱི་ལས་སྒྲུབ”ཏུ་བསྒྱུར་བ་མངོན་འགྱུར་བྱུང་།

དཔལ་ཡོན་སྲོལ་གསར་དར་སྤེལ་བཏང་སྟེ་ཁྱིམ་སྲོལ་འཛུགས་སྐྱོང་དང་གོམས་སྲོལ་བཟང་པོ་ཆགས་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གསར་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ། “སེ་འབྲུའི”ཁྱིམ་གཞིས་དང་“མི་རིགས་མཐུན་སྒྲིལ+”སོགས་མཉམ་འདྲེས་གསར་གཏོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།

“སྲོག་ཤིང་གཅིག་དང་རུ་ཁག་ལྔ”དང་“རིམ་པ་ལྔའི་བདེ་འཇགས་དྲ་བ”སོགས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། “ཏང་ཀྲི་པུ་ཧྲུའུ་ཅི+རུ་དཔོན+དྲ་མིག་པ+རོང་འབྲོག་ཁྱིམ་ཚང”བཅས་ཀྱི་དོ་དམ་རྣམ་པ་གྲུབ་པར་བྱས་ཏེ། མངའ་ཁུལ་གྱི་ཏང་རྩ་འཛུགས་ཡོངས་སུ་ཁྱབ་པ་དང་། དམངས་ཀྱི་འདོད་བློ་ཐད་འདོན་དང་དྲ་བའི་དོ་དམ་འཐུས་ཚང་། བདེ་སྐྱོང་ཚོད་འཛིན་ལ་འཐུས་ཤོར་མེད་པ། འགལ་བ་དང་རྩོད་གླེང་མེད་པ། དམངས་ལ་བློ་ཉེའི་ཞབས་འདེགས་བྱེད་པ་བཅས་ཀྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།



མཉམ་སྤྱོད།