དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་ཐོན་ཀྲི་པུ་ལ“རྒྱལ་ཡོངས་ཀྱི་ལྔ་བཞི་དར་དམར་ཐོན་ཀྲི་པུ”ཡི་གཟི་བརྗིད་མཚན་སྙན་ཐོབ།

2025-05-27 15:04:40   |   152

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས“རྒྱལ་ཡོངས་ཀྱི་ལྔ་བཞི་དར་དམར་ཐོན་ཨུ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་ཚོགས་མི། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་ཚོགས་པའི་ལས་བྱེད་པ”བཅས་ཀྱི་གཟེངས་བསྟོད་གཏན་འབེབས་ཁྱབ་བསྒྲགས་བྱས་ཤིང་། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་ཐོན་ཀྲི་པུ་ལ“རྒྱལ་ཡོངས་ཀྱི་ལྔ་བཞི་དར་དམར་ཐོན་ཀྲི་པུ”་ཡི་གཟི་བརྗིད་མཚན་སྙན་ཐོབ།

ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་ཐོན་ཀྲི་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ནས། “ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་གུང་གཞོན་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། གུང་གཞོན་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ”གཙིགས་སུ་བཟུང་བ་དང་། བསམ་བློ་སྣེ་ཁྲིད་ཐད་ནས་སྣ་མང་སློབ་སྦྱོང་གི་བྱེད་སྒོ་བརྒྱུད་དེ་ན་གཞོན་གྱི་བསམ་བློའི་རྨང་གཞི་བརྟན་པོར་འདིང་བ་དང་ན་གཞོན་ཚོགས་མི་རྩ་འཛུགས་བྱས་ཏེ་གཞི་རིམ་ཞབས་ཞུའི་ནང་ཞུགས་སུ་བཅུག རྩ་འཛུགས་འཛུགས་སྐྱོང་ཁྲོད་དུ་ཚོགས་པའི་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཕ་ཡུལ་དུ་ལོག་པའི་ན་གཞོན་སོགས་འཇོན་མི་གཅིག་སྡུད་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་མང་པོ་གསོ་སྐྱོང་བྱས། གཡུལ་ས་འཛུགས་སྐྲུན་ཐད་ནས་གཅིག་གྱུར་གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། “ན་གཞོན་ཁྱིམ་ཚང”སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། ཏན་ཏིག་སྒོས་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་ན་གཞོན་མང་ཚོགས་ལ་ཞབས་ཞུ་དངོས་བསྒྲུབས་པ་དང་། ན་གཞོན་གྱི་“བྲེལ་དཀའ་ཁྲལ་སྒུག”ཐག་གཅོད་བྱས་ཏེ། གུང་གཞོན་ཚོགས་པའི་ཟམ་པ་ལྟ་བུའི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས།



མཉམ་སྤྱོད།