དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞི་བསྐྲུན་ཏེ་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བསྩལ།

2025-05-29 16:43:41   |   48

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི“གྲོང་གསེབ་དར་སྤེལ”དང“ཨང་ཀིའི་དཔལ་འབྱོར”གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དཀོན་ལོ་ཚང་གོང་མ་སྡེ་བས“དྲ་སྦྲེལ+”ཡི་དུས་རབས་ལ་ཁ་གཏད་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཐད་གཏོང་གློག་རྡུལ་ཚོང་དོན་གྱི་རྣམ་པ་གསར་པ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སྲོལ་རྒྱུན་ཞིང་ཕྱུགས་ལས་ལ་ཨང་ཀི་ཅན་གྱི་ཕྱིར་འཚོང་ཐབས་ལམ་གསར་གཏོད་བྱས་ནས་གྲོང་ཚོའི་དཔལ་འབྱོར“འཕར་སྣོན་དང་རྒྱུན་སྲིང”བྱ་རྒྱུར་སྐུལ་འདེད་བཏང་།

རྨང་གཞི་སྲ་བརྟན་དང་ལས་སྟེགས་ཇེ་ལེགས་སུ་བཏང་། དཀོན་ལོ་ཚང་གོང་མ་སྡེ་བའི་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞི་རྒྱུན་ལྡན་ཅན་གྱི་འཁོར་སྐྱོད་དང་ཕྱོགས་བསྡུས་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད། འོམ་ཆུ་གྲོང་རྡལ་གྱིས་མ་དངུལ་སྒོར་ཁྲི96.5བརྩོན་ལེན་བྱས་ཏེ་ཐད་གཏོང་རྟེན་གཞི་སྨི་གྲུ་བཞི་མ240བསྒྱུར་བཀོད་བྱས་ནས་ལེགས་འགྲུབ་བྱུང་ཞིང་། ཆེད་ལས་སྒྲིག་ཆས་དང་དྲ་རྒྱའི་རྨང་གཞི་སྒྲིག་བཀོད་ཉོ་སྒྲུབ་བྱས་ཏེ། ཐོན་རྫས་འགྲེམ་སྟོན་དང་ཐད་གཏོང་ཕྱིར་འཚོང་། མཛོད་ཉར་ཟོང་འགྲུལ་བཅས་གཞི་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་བསྐྲུན་ནས་ཞིང་ཕྱུགས་ཐོན་རྫས་དྲ་བའི་མྱུར་ལམ་དུ་ཞུགས་སུ་བཅུག

ཨང་ཀིས་རོགས་རམ་བྱས་པར་ཕན་འབྲས་མངོན། 2024ལོའི་ཟླ9པར་གློག་རྡུལ་ཚོང་དོན་ཐད་གཏོང་བྱེད་མགོ་ཚུགས་པ་ནས་བཟུང་། ཐོན་རྫས་ཕྱིར་འཚོང་སྤྱི་འབོར་སྒོར་ཁྲི20ལྷག་ཙམ་ལས་བརྒལ་ཡོད་ལ། རྒྱ་ཁྱོན་སྨི་གྲུ་བཞི་མ240ཡི་ཨང་ཀི་ཅན་གྱི་བར་སྟོང་དེ་དཀོན་ལོ་ཚང་གོང་མ་སྡེ་བའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཡུན་ཕན་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི“ནོར་བུ”གསར་པ་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཏུ་རྩྭ་ཐང་གི་རིག་གནས་དང་དམངས་སྲོལ་རྣམ་པ་དང་ཞིང་ཕྱུགས་ཐོན་རྫས་ཟུང་དུ་སྦྲེལ་ནས། “ཐད་གཏོང་ལམ་ནས་དངོས་ཟོང་བཙོང་བ་དང་རིག་གནས་གནས་སྐོར་ཁྱབ་གདལ་དུ་གཏོང་བ”ཡི་རྣམ་པ་གྲུབ་ཡོད། བརྙན་རིས་བརྒྱུད་དེ་རྩྭ་ཐང་གི་ཡུལ་ལྗོངས་དང་རྟ་རྒྱུག་དུས་ཆེན་སོགས་ཁྱད་ཆོས་ལྡན་པའི་རིག་གནས་གནས་སྐོར་ཐོན་ཁུངས་མངོན་པར་བྱས་ཏེ། “ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་གནས་སྐོར”གྱི་ཟོང་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།



མཉམ་སྤྱོད།