དེ་རིང་ནི2025ལོའི་ཟླ06པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་གསེར་རི་ཞིང་ཕྱུགས་ལས་མཉམ་ལས་ཁང་ལISOཡི་མ་ལག་བཞིའི་ཁས་ལེན་དཔང་སྤྲོད་ཐོབ།

2025-06-03 10:28:45   |   67


རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཁབ་དཔང་སྤྲོད་ཁས་ལེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་སྤྲད་པ་དང་དཔང་སྤྲོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་གསེར་རི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལIS09001སྤུས་ཚད་དོ་དམ་མ་ལག་དང་། IS014001ཁོར་ཡུག་དོ་དམ་མ་ལག   IS045001ལས་རིགས་བདེ་ཐང་བདེ་འཇགས་དོ་དམ་མ་ལག་དང་། IS22000ཟས་རིགས་བདེ་འཇགས་དོ་དམ་མ་ལག་བཅས་ཀྱི་དཔང་སྤྲོད་ཐོབ་པ་རེད། དཔང་སྤྲོད་ཁྱབ་ཁོངས་སུ་མྱུར་འཁྱགས་ཀྱི་ཟས་རིགས་གཞན་པ་སྐོར་ཅིག(མྱུར་འཁྱག་སྐམ་ཤ་དང་མྱུར་འཁྱགས་ལུག་ཤ)དང་། བཙོས་ཟས་ལས་སྣོན་གྱི(ཚྭ་སྦྱངས་སྐམ་ལུག་ཤའི་རིགས)ཐོན་རྫས་བཅས་འདུ། མཉམ་ལས་ཁང་འདི་ནི་རྐང་ཚ་རྫོང་མ་ཟད་ཁུལ་ཡོངས་སུ་རྒྱལ་སྤྱིའི་ཚད་ལྡན་རང་བཞིན་རྩ་འཛུགས་ཀྱི་སྤུས་ཚད་དོ་དམ་དང་ཁོར་ཡུག་དོ་དམ། ལས་རིགས་བདེ་ཐང་བདེ་འཇགས་དོ་དམ་དང་ཟས་རིགས་བདེ་འཇགས་དོ་དམ་མ་ལག་སོགས་ཁྱབ་སྤེལ་བཏང་པའི་ཞིང་པའི་དཔལ་འབྱོར་རྩ་འཛུགས་ཐོག་མ་དེ་ཡིན།

རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་གསེར་རི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི2014ལོར་བཙུགས་ཤིང་། ཕྱུགས་རིགས་གསོ་སྤེལ་རྒྱུད་སྤེལ་དང་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ཕྱིར་འཚོང་བྱེད་པ་སོགས་གཞི་གཅིག་ཏུ་གྱུར་པའི་མ་རྐང་ལམ་ལུགས་ཀྱི“མཉམ་ལས་ཁང་དང་སྤྱི་གཉེར”མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་སྤྱད་པ་ཞིག་ཡིན། 2019ལོར་མཉམ་ལས་ཁང་འདི་ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དུ་བདམས་ཤིང་། 2024ལོར་ཀྲུང་གོའི་ལྗང་མདོག་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱི་ལྗང་མདོག་ཟས་རིགས་ཀྱི་དཔང་སྤྲོད་ཐོབ། 2025ལོར་སླར་ཡངISOཡི་མ་ལག་བཞིའི་ཁས་ལེན་དཔང་སྤྲོད་ཐོབ་པ་དེས་ཐོན་རྫས་ཀྱི་སྤུས་ཚད་དང་ཁོར་ཡུག་དོ་དམ། ཟས་རིགས་བདེ་འཇགས་དང་ལས་རིགས་བདེ་ཐང་བདེ་འཇགས་དོ་དམ་བཅས་རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་ཆགས་ཐུབ་པ་མཚོན་ཡོད།

ཉེ་བའི་ལོ་འགའི་རིང་ལ། རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པ་གོ་སྐབས་སུ་བཟུང་སྟེ། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱིས་ཁྲིད་སྟོན་བྱེད་པ། མུ་མཐུད་དུ་ཞིང་ཕྱུགས་ཐོན་རྫས་ཀྱི“ཅན་ལྔ”ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི “གཅིག་ཅན་དགུ” ཡི་ཆ་སྒྲིག་ལས་གཞི་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། ཧུར་ཐག་སྒོས་ཞིང་ཕྱུགས་ལས་གཙོ་སྐྱོང་སྐྱེད་སྲིང་བྱེད་པ། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་ཤུགས་ཆེར་གཏོང་བ། ཞིང་ཕྱུགས་ལས་དང་འབྲེལ་བའི་ཐོན་རྫས་ལ་ཁས་ལེན་དཔང་སྤྲོད་ཐོབ་པར་རྒྱབ་སྐྱོར་བྱེད་པ། རྫོང་ཁོངས་ཕྱི་རུ་སྐམས་ཤ་དང་ལུག་ཤའི་ཐད་འཚོང་ཁང་འཛུགས་པའི་བྱ་དགའ་སྤྲོད་ཐབས་འདོན་པ། གཏིང་ཟབ་སྒོས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཐོན་རྫས་སུ་བསྒྱུར་པའི་ཐབས་ཇུས་སྤེལ་བ་བཅས་བྱས་པས། རྐང་ཚ་མཚོ་སྔོན་པོའི་ནོར་གནག་དང་རྐང་ཚ་མཚོ་སྔོན་པོའི་འབྲོག་ལུག་གི་ཐོན་རྫས་རབ་དང་རིམ་པར་ཞིང་ཆེན་ཕྱི་ནང་གི་ཁྲོམ་རའི་ནང་དགའ་བསུ་ཐོབ་ཡོད།

རྐང་ཚ་རྫོང་གིས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྲུན་དང་ཐོན་རྫས་ཁས་ལེན་དོ་དམ་བྱ་རྒྱུ་དེ་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པར་སྐུལ་འདེད་གཏོང་བའི་འགག་རྩར་བརྩིས་ནས་ཐོན་ཁུངས་ལ་བརྟེན་ནས། ཐོན་རྫས་ཁས་ལེན་དང་དྲིལ་བསྒྲགས་ངོ་སྤྲོད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། “མདོ་ལ་རིང་མོའི་འདབས་ཀྱི་འབྲོག་ར་བཟང་པོ”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་གཏོང་རྒྱུ་དང་། མཚོ་སྔོན་པོ་རྐང་ཚའི་ནོར་གནག་དང་མཚོ་སྔོན་པོ་རྐང་ཚའི་འབྲོག་ལུག་གི་སྤུས་རྟགས་ཀྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། ཁྱད་ལྡན་ཐོན་རྫས་ཇེ་ལེགས་ཇེ་བཟང་དང་། རོང་འབྲོག་མང་ཚོགས་ལ་བརྟན་འཇགས་ཀྱི་ཡོང་སྒོ་འཕར་བར་ནུས་ཤུགས་འདོན་རྒྱུ་རེད།



མཉམ་སྤྱོད།