དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དཔལ་ཡོན་གྱི་མེ་ཏོག་རྩྭ་ཐང་དུ་བཞད།

2025-07-23 17:09:35   |   372

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བས་འབྲོག་སྡེ་དཀྱུས་མ་ཞིག“རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་སྡེར”གྱུར་བའི་དར་རྒྱས་ཀྱི་ལམ་བུ་གསོན་ཉམས་དོད་པའི་ངང་གསལ་བཤད་བྱས་ཡོད།

2021ལོའི་ཟླ6པའི་ཚེས8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་དཀོན་ལོ་གོང་མ་སྡེ་བར་རྟོག་ཞིབ་དུ་ཕེབས་པས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དགའ་སྤྲོའི་རྣམ་པས་ཁེངས། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་འོག སྡེ་བ་འདིས“ཏང་ཡོན་གྱིས་དམངས་དོན་གཉེར་བའི་ཟིན་ཐོའི་དཔྱད་བསྡུར་ལམ་ལུགས”བཙུགས་པ་དང་། ཏང་ཡོན་ཚོས་དམངས་སེམས་ལ་ཉན་པ་དང་། དམངས་ཀྱི་བློ་རིག་བསྡུ་རུབ་བྱས་ནས་འཕེལ་རྒྱས་ཀྱི་ཐབས་ཇུས་བཟང་པོར་མཉམ་དུ་གྲོས་བསྡུར་བྱས་ཏེ། མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་སྒུག”གི་གནད་དོན2200ལྷག་ཙམ་ཐག་གཅོད་བྱས་པས། སྡེ་དམངས་ཀྱིས་སྡེ་བའི“ཨུ་ལྷན་གཉིས”ལ་བསྟོད་པའི་མཐེ་བོང་བསྒྲེངས།

ཉེ་བའི་ལོ་ཤས་རིང་དཀོན་ལོ་གོང་མ་སྡེ་བས“རི་སྔོ་ཆུ་གཙང་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ཏེ། “མཚོ་སྐོར་བྱང་རྒྱུད”ཀྱི་སྐྱེ་ཁམས་འགོག་སྲུང་གནས་བབ་གཙོ་བོར་གཞི་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོབ་དེ་སྡེ་སྲོལ་དམངས་ཆིངས་སུ་བཀོད་པ་མ་ཟད། “དཔལ་ཡོན་འཕྲོད་བསྟེན་ཁྱིམ་ཚང”དང“ལྗང་མདོག་ཁྱིམ་ཚང་”གི་དཔྱད་བསྡུར་བྱེད་སྒོ་སྤེལ། སྐྱེ་ཁམས་དཔལ་ཡོན་ལས་སྒྲུབ་རུ་ཁག་གི་རུ་མི4དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མཁན49དང་། གཙང་སྦྲ་པ32བཅས་ཀྱིས་ཐུན་མོང་གིས་སྲུང་སྐྱོབ་བྱས་པ་བརྒྱུད། རི་སྔོ་ཆུ་གཙང་གི་མཛེས་ལྗོངས་བཟང་པོ་སྲུང་ཐུབ་པ་དང་། གསེར་རི་དངུལ་རིའི་རྫོགས་ལྡན་གྱི་བསྐལ་བ་བཟང་པོ་བསུས། སྲོལ་རྒྱུན་གྱི་ཕྱུགས་ལས་རྐྱང་བ་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་། ཁྱད་ཆོས་ལྡན་པའི་གནས་སྐོར། ཕྱུགས་ལས་གསོ་སྤེལ། སྦི་རག་ལས་སྣོན་སོགས་ཐོན་ལས་སྣ་མང་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་བཏང་། 2024ལོར་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2སྟོང6ལྷག་ཙམ་ཟིན་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི180ལས་བརྒལ་བས་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི“བདེ་སྐྱིད་ཀྱི་འབྲོག་སྡེ”ཞིག་ཏུ་གྱུར་ཡོད།

དཀོན་ལོ་གོང་མ་སྡེ་བས《སྡེ་སྲོལ་དམངས་ཆིངས》དང“གཅེས་སེམས་སྒོ་རྩིས་ཚོང་ཁང་གི”སྐར་གསོག་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་ཀྱི་བགོ་བྱར་སྦྲེལ་མཐུད་བྱས་ཏེ། རིག་གནས་དྲིལ་སྒྲོག་རུ་ཁག་དང་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་པ་དང་དུས་རབས་གསར་པའི་ཤེས་རིག་ལག་ལེན་དང་མི་དམངས་ཀྱི་གར་སྟེགས་ཆེན་པོར་བརྟེན་ནས་རིག་གནས་ཀྱི་བྱེད་སྒོ་སྣ་མང་སྤེལ་ཏེ་ཤེས་རིག་གི་མེ་ཏོག་གསར་པ་རྩྭ་ཐང་གི་གྲུ་ཟུར་ཡོངས་སུ་ཁྱབ་ཡོད།

མདུན་བསྐྱོད་ཀྱི་ལམ་སྣེ་གསར་པར། དཀོན་ལོ་གོང་མ་སྡེ་བས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་མུ་མཐུད་དུ་རི་སྔོ་ཆུ་གཙང་འདི་སྲུང་སྐྱོང་ཡག་པོ་བྱས་ཏེ་དཔལ་ཡོན་གྱི“སྐལ་བཟང་མེ་ཏོག”སྔར་བས་རྩྭ་ཐང་དུ་རྣམ་པར་བཞད་དུ་འཇུག་རྒྱུ་རེད།



མཉམ་སྤྱོད།