དེ་རིང་ནི2025ལོའི་ཟླ08པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བཏོད། སྐྱེ་ཁམས་དཔལ་ཡོན་གྱི་རྣམ་པ་བསྐྲུན།

2025-07-31 17:32:13   |   412

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་རྫོང་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་སྙིང་བོར་བརྩིས་ནས། དོན་དངོས་ཀྱི་ལག་ལེན་ཁྲོད་ནས་སྐྱེ་ཁམས་དག་ཞིང་ལ་སྲུང་སྐྱོབ་བྱས་ཏེ།  དཔལ་འབྱོར་དང་སྐྱེ་ཁམས་མཐུན་སྦྱོར་ངང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

ཐོག་མཐའ་བར་གསུམ་དུ“ལྗང་འཛུགས་དང་ལྗང་སྲུང་། ལྗང་སྤེལ” གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་སྲུང་འཛིན་ནུས་ཤུགས་ཇེ་མཐོར་བཏང་། སྐྱེ་ཁམས་ཁོར་ཡུག་གི་ཞན་ཆར་དམིགས་ཏེ་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་ཁོར་སྲུང་བཤེར་ཞིབ་སོགས་གནད་དོན་ཁག24སྒྲིག་བཅོས་ཨང་བསུབ་དང“ཕྱིར་བལྟ” ཡི་ལས་དོན་ལེགས་པོ་བསྒྲུབས་ནས་བཅོས་སྒྲིག་ཕན་འབྲས་ལ་ཁག་ཐེག་བྱས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས“བྱང་གསུམ་དང་སྐབས་དྲུག”སོགས་ཀྱི་ལས་གཞི་སྦྲེལ་མཐུད་བྱས་ཤིང་། གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་མུའུ་ཁྲི130ལེགས་གྲུབ་བྱུང་ལ། རྩྭ་ཐང་ལེགས་བཅོས་མུའུ་ཁྲི50དང་ལྕགས་ར་བཀག་སྐྱོང་མུའུ་ཁྲི40དང་། བྱེ་འགྱུར་རྩྭ་ས་བཅོས་སྐྱོང་མུའུ་ཁྲི3.5དང་། ས་ནག་གྲམ་པ་བཅོས་སྐྱོང་མུའུ་ཁྲི0.4དང་། ཞན་འགྱུར་ནགས་ཚལ་མུའུ་ཁྲི1ཉམས་གསོ་བཅས་བརྩོན་ལེན་བྱས་ནས། རྫོང་ཁོངས་ཀྱི་སྐྱེ་ཁམས་སྲུང་འཛིན་ནུས་ཤུགས་སྔར་ལས་ཇེ་མཐོར་བཏང་ཡོད།

མུ་མཐུད་དུ“སྦགས་བཙོག་འགོག་བཅོས”ཀྱི་འགག་སྒྲོལ་ལས་དོན་ལེགས་པོ་བསྒྲུབས་ནས་དྭངས་གཙང་དྲོད་རླངས་འདོན་སྤྲོད་ལ་སྐུལ་འདེད་དང་མཁའ་དབུགས་ཀྱི་སྤུས་ཚད་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད།  གཙང་མཚེའུ6གི་སྐྱེ་ཁམས་ཉམས་གསོའི་ལས་གཞི་ལག་བསྟར་བྱས་ནས་གཏིང་ཟབ་སྒོས“གཙང་སེལ་བཞི”སྤེལ་བ་དང་། ཆར་ཆུ་དང་བཙོག་ཆུ་ལོག་བཀར་བསྒྱུར་བཀོད་དང་བརྫད་སེལ་གནས44བཅོས་སྐྱོང་། སྐྱིད་སྨོན་གཙང་པོའི་བདེ་སྐྱིད་གཙང་བོའི་འཛུགས་སྐྲུན་ལས་འགན་བཅས་ལེགས་འགྲུབ་བྱུང་ཡོད། གཡི་དཀར་འོམ་ལུང་ཡུལ་ཚོའི་གད་སྙིགས་སྦས་སའི་རྣམ་གྲངས་བརྩོན་ལེན་བགྱིས་ཏེ་རྫས་ལུད་ཇེ་ཉུང་བཏང་ནས་ཕན་འབྲས་མུའུ་ཁྲི6ཡན་འཕར་ཡོད། མཚེའུ་དཔོན་དང་ནགས་ཚལ་རྩྭ་ཐང་དཔོན་གྱི་འགན་འཁྲི་ཕན་འབྲས་མཐོ་བའི་སྒོ་ནས་དོན་འཁྱོལ་བྱས་པ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ནུས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བས། “ལྗང་མདོག་གི་མཁའ་དབུགས་དང་དྭངས་གཙང་གི་ཆུ་བོ། ལྷད་མེད་པའི་ས་གཞིའི་ཕན་འབྲས་མངོན་གསལ་བྱུང་ཡོད།

ཧུར་ཐག་གིས་ལྗང་མདོག་ཐཱན་དམའ་ཡི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ནུས་ཁུངས་དྭངས་གཙང་འཕེལ་རྒྱས་ལ་ཤུགས་བསྣན་པ་དང་། ནུས་ཁུངས་དྭངས་གཙང་གིས་ནུས་ཁུངས་འཛད་སྤྱོད་སྡོམ་འབོར་གྱི་བསྡུར་ཚད་ལོ་རེ་བཞིན་ཇེ་མཐོར་བཏང་ཡོད། མུ་མཐུད་དུ་རེས་སྐོར་གསར་པའི་མཁར་གྲོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་སྒོ་སྤེལ་བ་དང་། གྲོང་གསེབ་ཀྱི“གཙང་སེལ་གསུམ་དང་བསྒྱུར་བཅོས་གསུམ”ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནས་ངེས་གཏན་དུ་འཕེན་པ་དང་། རིགས་དགར་བསྡུ་ལེན། དུས་བཅད་ལྟར་གཙང་སྐྱེལ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས། སྒེར་གྱིས་གང་འདོད་དུ་བསྐྲུན་པར་ཁྲིམས་ལྟར་ཐག་གཅོད་བྱས་ཏེ། སྡོད་གནས་དང་ལས་རིགས་ལ་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཡུལ་ལྗོངས་སྔར་ལས་ཇེ་བཟང་དུ་འགྲོ་བཞིན་ཡོད། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་བསྣན་པ་དང་། ཕྱོགས་ཡོངས་ནས་སྐྱེ་ཁམས“སྐར་གསོག་སྒོ་རྩིས་ཚོང་ཁང”ཁྱབ་གདལ་བཏང་སྟེ། མང་ཚོགས་སྐྱེ་ཁམས་མཉམ་སྐྲུན་དང་མཉམ་སྤྱོད་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྔར་ལས་སྐུལ་འདེད་བཏང་། ཧུར་ཐག་གིས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས“མཐོ་སྒང་སྐྱེ་ཁམས་སྟེང་གི་ཐཱན་ཉུང་རྫོང”བསྐྲུན།

ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགྲུལ་བཞུད་ཁྲོད། རྐང་ཚས་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། ལྗང་མདོག་རྒྱ་བསྐྱེད་དང་། སྦགས་བཙོག་འགོག་བཅོས། ཐཱན་ཉུང་ཐཱན་འཕྲི་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དེ་རྫོང་ཁོངས་ཀྱི་མངོན་གསལ་དོད་པོའི་རྨང་གཞིར་གྱུར་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་བསྐྲུན་པར་འབད་བརྩོན་ལྷུར་ལེན་བྱས་ཏེ། མུ་མཐུད་དུ་སྐྱེ་ཁམས་སྔར་ལས་མཛེས་པ་དང་མི་དམངས་སྔར་ལས་ཕྱུག་པའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་རྒྱུ།



མཉམ་སྤྱོད།