དེ་རིང་ནི2025ལོའི་ཟླ08པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚས་ཐོན་ལས་གསུམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2025-08-06 10:31:46   |   38

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་ལ། གྲོང་གསེབ་དར་སྤེལ་གཏོང་བའི་ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་ཆེས་མཇུག་མཐའི་ལོའང་ཡིན། ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནས《གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང《ལྗང་མདོག་དང་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཏེ།  རང་ངོས་ཐོན་ཁུངས་ཀྱི་དགེ་མཚན་གཞིར་བཟུང་ནས་ཞིང་ཕྱུགས་ཐོན་ལས་དང་ནུས་ཁུངས་གཙང་མའི་ཐོན་ལས། སྐྱེ་ཁམས་རིག་གནས་གནས་སྐོར་ཐོན་ལས་བཅས་ལ་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཐོན་ལས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་ཚད་མཐོའི་འཕེལ་རྒྱས་འགྲོ་བར་གཞོགས་འདེགས་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པ”མགོ་ཚུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ཧུར་ཐག་གིས་ཞིང་ཕྱུགས་ཐོན་ལས་ཀྱི“སྦྲེལ་ཐག་ལེགས་པོ”བསྐྲུན་པ། རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཕྱོགས་སྟོན་དུ་བཟུང་སྟེ་ནུས་ཤུགས་ཡོད་རྒུས་དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོ་བསྐྲུན་ཡོད། གཏིང་ཟབ་སྒོས་ཞིང་ཕྱུགས་ལས་ཀྱི“ཅན་ལྔ”ཕྱོགས་བསྡུས་བཅོས་བསྒྱུར་བཏང་ནས་“གཅིག་ཅན་དགུ”འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་མས་མཐའ་མཐའ་གཅིག་ཏུ་བརྟན་པོར་སྲུང་ནས། སོན་བཟང་དཔེ་སྟོན་མུའུ2000ཡན་ཡོད་པ་དང་ལོ་ལེགས་ཡོང་བར་འགན་ལེན་བྱས། ཕྱོགས་ཡོངས་ནས“གསུམ་འཕར་གསུམ་འཚམ”དང་ཚན་རིག་དང་མཐུན་པའི་གསོ་སྤེལ་སོགས་ཀྱི་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ4བསྒྱུར་བཀོད་མཐོར་འདེགས་དང་དཔེ་སྟོན་རྣམ་པའི་ཁྱིམ་ཚང་ཞིང་ཕྱུགས་ར5གསོ་སྐྱོང་། སོན་རྩྭའི་རྟེན་གཞི་མུའུ5000འཛུགས་སྐྲུན་བཅས་བྱས། ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན་རོགས་འདེགས་བྱེད་ཐབས་བཏོན་ཏེ། བཤས་ར་དང་ཞིབ་ཚགས་ལས་སྣོན་གྱི“མ་ལག་གཉིས”ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ཟས་ཀྲིན་དང་འཕྲལ་ཟས། ཚབ་ཟས་སོགས་སྣ་མང་ཅན་གྱི་ཐོན་རྫས་གསར་སྤེལ་བྱས་ནས། ནུས་ཤུགས་ཡོད་རྒུས་ཞིང་ཕྱུགས་ལས་ཀྱི“ཐོན་ལས་སྦྲེལ་ཐག་ཧྲིལ་བོའི”འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོར་འདེགས་བྱས་ཡོད།

ཧུར་ཐག་གིས་ནུས་ཁུངས་གཙང་མའི“སྣ་འདྲེན་གསར་པ”བསྐྲུན་པ། མུ་མཐུད་དུ་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རླུང་ཤུགས་དང་འོད་ཤུགས་སོགས་སྣ་མང་ཅན་གྱི་ལྗང་གློག་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་། “ཕྱུགས་རྩྭ་བཟོ་གྲྭ”དང“ཆིང་ནུས་དཔེ་སྟོན།” “ཁོར་ཡུག་དང་མཐུན་པའི་ནུས་གསོག” “རྩིས་གློག་མཉམ་འདྲེས”སོགས་རྣམ་གྲངས་བརྟན་འཇགས་སྒོས་ནང་འདྲེན་བྱས་ཏེ། མཐོ་སྒང་གི་རླུང་ཤུགས་གློག་འདོན་སྟོང་ཝ་ཁྲི100ཅན་གྱི་རྣམ་གྲངས་ལག་བསྟར་བྱས་ཏེ་ལས་མགོ་ཚུགས་པ་དང་། སྟོང་ཝ་ཁྲི60ཅན་གྱི་འོད་ཤུགས་རྣམ་གྲངས་མངོན་འགྱུར་བྱུང་བ་མ་ཟད་དྲ་སྦྲེལ་གློག་འདོན་བྱས། ཁུལ་ཡོངས་ཀྱི་རྩྭ་ཐང་ཐཱན་འདུས་ཀྱི་སྒོར་ཁྲི280ཉོ་ཚོང་ལེགས་གྲུབ་བྱུང་བ་དང་།          ལྗང་མདོག་རྩིས་ནུས3000Pལག་བསྟར་བྱས་ཏེ་ལྗང་མདོག་གློག་གིས་ཆིང་བཟོ་བ་དང་། ཆིང་ནུས་བཀོལ་སྤྱོད་ཐོན་ལས་ཐད་ཚད་བརྒལ་ཡོང་བར་བརྩོན་ལེན་བྱས། ཚེ་ཐར་ཐོན་ལས་གླིང་ཁུལ་གྱི“ཐོན་ལས་རྙིང་དོར་གསར་བརྗེའི”ལས་དོན་སྤེལ་ཏེ།   རྒྱལ་ཁབ་རིམ་པའི་གསར་སྤེལ་ཞིབ་བཤེར་སྤྱི་བསྒྲགས་ཀྱི་བཟོ་བཅོས་བྱས་པའི་དཀར་ཆག་ནང་འཇུག་པར་བརྩོན་ལེན་བྱས། ཚེ་ཐར་སྟོང་ཧྥུ750ཅན་གྱི་གློག་འདྲེན་བཟོ་སྐྲུན་གྱི་དུས་མགོའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ནུས་ཁུངས་ཕྱི་སྐྱེལ་གྱི་བགྲོད་ལམ་སྔར་ལས་ལེགས་པོ་བསྐྲུན་པ་དང་། རྐང་ཚས་མཚོ་བྱང་ཁུལ་གྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མའི་ཕྱི་སྐྱེལ་རྟེན་གཞི་ཆེན་པོ་ཞིག་བསྐྲུན་པར་བརྩོན་ལེན་བྱས།

ཧུར་ཐག་གིས་སྐྱེ་ཁམས་རིག་གནས་གནས་སྐོར་གྱི“སྣང་བརྙན་གསར་པ”བསྐྲུན་པ། མུ་མཐུད་དུ་སྐྱེ་ཁམས་རིག་གནས་གནས་སྐོར་ཐོན་ལས་ལ་སྐུལ་འདེད་བཏང་སྟེ། “རི་གཅིག་གླིང་གཅིག་ཁུགས་གསུམ”འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱས་ནས་སྐྱེ་ཁམས་ལྗོངས་ཁུལ4ཡི་སྤུས་ཚད་མཐོར་འདེགས་བཏང་། ཧུར་ཐག་སྒོས་མཚོ་སྔོན་པོའི་བྱ་གླིང་གི“སྐྱེ་ཁམས་བྱ་གཟིགས་གྲོང་རྡལ་ཆུང་བ”ཡི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། 3Aརིམ་པའི་གནས་སྐོར་ལྗོངས་ཁུལ3དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཞིབ་འཇུག་སློབ་གསོའི་རྟེན་གཞི1འཛུགས་པར་བརྩོན་ལེན་བྱས་ཏེ། ལྗོངས་ཁུལ་ཕྲེང་བསྟར་སྦྲེལ་བར་སྐུལ་འདེད་བཏང་། གཟུགས་མེད་རིག་གནས་ཤུལ་བཞག་སོགས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཧུར་ཐག་གིས་ཁུ་ནུ་རིག་གནས་བརྗོད་དོན་སྤྱི་གླིང་གསར་དུ་བཙུགས་ལ། རིག་གནས་གསར་གཏོད་ཐོན་རྫས་རབ་དང་རིམ་པ8གསར་སྤེལ་དང་ཕྱིར་འཚོང་བྱས། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་དང་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར། རྐང་ཐང་འགྲན་བསྡུར། མཚོ་སྐོར་རྟ་རྒྱུག་འགྲན་བསྡུར་སོགས་རིགས་མི་འདྲ་བའི་འགྲན་བསྡུར་བྱེད་སྒོ་སྤེལ་ཏེ།“འགྲན་བསྡུར་དང་བསྡོངས་ནས་གནས་སྐོར་ལ་འགྲོ་བའི”ཟོང་རྟགས་ལས་གཏོད་ལ་གཞོགས་འདེགས་བྱས་ནས། གནས་སྐོར་བ་མི་ཐེངས་ཁྲི150ལྷག་ཙམ་སྣེ་ལེན་བྱེད་པར་བརྩོན་ལེན་བགྱིས་ཏེ། གནས་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར5.4ཡན་དུ་སླེབས་ཡོད།

ཐོན་ལས་གཙོ་བོ་གསུམ་གྱིས་མཉམ་ཁྲིད་དང་མཉམ་སྐྱོད་བྱས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མ་འོངས་པར་རྐང་ཚ་རྫོང་གིས་མུ་མཐུད་དུ་ཐོན་ལས་འཕེལ་རྒྱས་གཏིང་ཟབ་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པར་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། ཐོན་ལས་དར་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་ལ་སྔར་ལས་ཕན་ཁེ་མང་པོ་བསྐྲུན་རྒྱུ།



མཉམ་སྤྱོད།