དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་རྣམ་པ་གསར་པ་བསྐྲུན།

2025-08-14 14:57:24   |   47

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཁུལ་ཨུའི“243”འཕེལ་རྒྱས་བཀོད་པ་ལ་དམིགས་ཏེ། ཞིང་ཕྱུགས་ལས་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བ་དང་། “སྤུས་ཚད་མཐོར་འདེགས་དང་ཚད་གཞི་བརྟན་འཇགས། སྦྲེལ་ཐག་ཁ་གསབ། ཕྱིར་གཏོང་རྒྱ་བསྐྱེད”བཅས་ཀྱི་ཐབས་ལམ་ལ་བརྟེན་ནས། “ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ”བསྐྲུན་པ་དང་། མུ་མཐུད་དུ་སྐྱེ་ཁམས་ཕྱུགས་ལས་ཀྱི་“གཅིག་ཅན་དགུ”ཡི་བཟོ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས“ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན”གྱི་ཕན་འབྲས་མཐོ་བའི་ཞིང་ཕྱུགས་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་གྲུབ་འབྲས་གསར་པ་ཐོབ་ཡོད།

རྩྭ་ཐང་དང་ནགས་ཚལ། ཆུ་ཁོངས་སོགས་སྐྱེ་ཁམས་མ་ལག་གི་སྲུང་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་བ་དང་།“རྣམ་པ་ལྔ”(ཁྱིམ་ཚང་ཆེན་པོས་སྣེ་ཁྲིད་དང་ཁྱིམ་ཚང་མཉམ་འབྲེལ་ལས་གཉེར། གཞན་བཅོལ་དོ་དམ་ཞབས་ཞུ། མ་རྐང་མཉམ་ལས། སྡེ་བའི་རྩ་འཛུགས་ཀྱིས་སྣེ་ཁྲིད)ཡི་ཞིབ་གཉེར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྩྭ་ཐང་ཞིབ་གཉེར་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་བཏང་། རྫོང་ཡོངས་སུ་གསོ་སྐྱོང་དཔེ་སྟོན་བྱ་ཡུལ53ཡོད་པ་དང་རྩྭ་ཐང་མུའུ་ཁྲི32.85འཁོར་རྒྱུག་བྱས་པ་དང་། གཞི་ཁྱོན་ལྡན་པའི་སྒོ་ནས་ཕྱུགས་ཟོག་ཁྲི6.46གཉེར་སྐྱོང་བྱས་པ་བཅས་ཀྱིས་རྩྭ་ཐང་གི་ཐེག་ནུས་སྔར་ལས་ཇེ་ཆུང་དུ་བཏང་ཡོད། “ས་ཞིང་དུ་འབྲུ་རིགས་འདེབས་པ་དང་འབྲུ་རིགས་འདེབས་པའི་ལག་རྩལ་མཐོར་འདེགས”ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། སོན་འདེབས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི14.04ཟིན་ཡོད། ཧྲན་ཏུང་གི་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་ཁྲི1000སྤྱད་དེ་རིག་ནུས་ཕྱུགས་ལས་གཞི་གྲངས་ཆེན་པོའི་ལས་སྟེགས་བསྐྲུན་ནས་ཕྱུགས་ལས་གཉེར་སྟངས་ཀྱི་རྣམ་པ་བསྒྱུར་བར་སྐུལ་འདེད་བཏང་། ཧུར་ཐག་གིས་རྣམ་པ་གསར་པའི་ཞིང་ཕྱུགས་ལས་ལས་གཉེར་བྱེད་པོ་གསོ་སྐྱོང་བྱས་ནས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ལས་གཉེར་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། མིག་སྔར་ཐོ་འགོད་བྱས་པའི་བྱེད་པོ163དང་ཞིང་ཆེན་རིམ་པའི་དཔེ་སྟོན་ཁང(ར་བ)29དང་། སྐྱེ་ཁམས་ཕྱུགས་ར43བཅས་ཡོད། མ་དངུལ་སྒོར་ཁྲི3000བཏང་ནས་ཕྱུགས་ཟོག་ཉོ་འཚོང་བསྡུ་འགྲེམ་ལྟེ་གནས་དང་འཁྱག་མཛོད་གསོག་ཉར་རྟེན་གཞི་བསྐྲུན་ཏེ་སོས་འཛིན་ནུས་པ་མཐོར་འདེགས་བཏང་། ཐོན་ལས་གླིང་དུ་ཁེ་ལས14དང་མཉམ་ལས་ཁང5དང་། ཁྱིམ་ཚང་ཕྱུགས་ར3བཅས་ཚུད་ཡོད། ནོར་གནག་གི་གློ་སྙིང་མཆིན་པའི་འཚོ་བཅུད་ཐིད་དང་མོའུ་སྤྱིན་སྤྲི་གོར་སོགས་ཞིང་ཕྱུགས་ཐོན་རྫས་རིགས10ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་ནས་ལུག་ཤའི་ཁུ་བ་དང་བོད་ལུག་ཁྲག་རྒྱུ། བོད་ལུག་ཁྲག་མང་ཐིད་ལས་སྣོན་ལག་རྩལ་བཅས་ལག་རྩལ་གཙོ་བོ་གསུམ་གྱི་བདེན་དཔང་ཐོབ་ཡོད་པ་དང་། བོད་ལུག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་ནས་རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་།

སྤུས་ཚད་ཚོད་འཛིན་གྱི་ཐད་འབྲུ་རིགས་བདེ་འཇགས་ལ་ཤུགས་སྣོན་དང་ལག་རྩལ་གསར་པ་ཁྱབ་གདལ་དུ་བཏང་སྟེ། རྫས་ལུད་དང་ཞིང་སྨན་ཉུང་དུ་གཏོང་བ་དང་ཕན་འབྲས་མང་དུ་བཏང་བའི་ས་ཁྱོན་མུའུ་ཁྲི0.2དང་། སྤུས་ལེགས་སྤུས་གསར་དཔེ་སྟོན་འགྲེམ་སྟོན་དང་ཁྱབ་གདལ་བཏང་བའི་ས་ཁྱོན་མུའུ་ཁྲི0.2དང་། “འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི”ས་ཁྱོན་མུའུ་ཁྲི0.52དང་། ནས་ཀྱི“གསུམ་གཏོར་གཅིག་འགོག”གི་ས་ཁྱོན་མུའུ་ཁྲི0.2བཅས་ཀྱི་ལས་དོན་དངོས་འབེབས་བྱས་ཏེ། ཚན་རྩལ་གྱི“རྣོ་ཆས”ལ་བརྟེན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པར་སྐུལ་སྤེལ་བྱས། སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་ཁྱོན་ཡོངས་ནས་ལྟ་སྐུལ་དོ་དམ་བྱེད་པའི་རྣམ་པ་བཙུགས་ཏེ། ཞིང་ལས་ཐོན་རྫས་ཁུངས་འདེད་ཆོག་པའི་ལམ་ལུགས་ལག་བསྟར་བགྱིས་ཏེ། རིམ་རྩིས་བྱས་ན་དཔེ་མཚོན་ཐོན་རྫས་ཁག343ལ་འཐེན་བཤེར་བྱས་ནས་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་དང་། རྟོག་འཇལ་གྱི་ཚད་གཞི་ལོན་ཚད100%ཟིན་ཡོད། སྲོག་ཆགས་ཀྱི་རིམས་འགོག་ལ་ཤུགས་བསྣན་པ་དང་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་སྟེ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། རིམས་འགོག་དང་ཞིབ་བཤེར་ལས་དོན་སྤེལ་བས་རྫོང་ཡོངས་སུ་རིམས་ནད་ཚབས་ཆེན་བྱུང་མེད། ཟོང་རྟགས་འཛུགས་སྐྱོང་ཐད་ནས“རྐང་ཚའི་མཚོ་སྔོན་པོ་ནོར་གནག་དང་བོད་ལུག”གི་ལྗང་མདོག་སྐྱེ་ལྡན་ཟོང་རྟགས་ཤུགས་ཆེར་སྤེལ་བ་དང་། རང་བྱུང་རྩྭ་ཐང་ས་མུའུ་ཁྲི895.95ལ་སྐྱེ་ལྡན་དཔང་རྟགས་ཐོབ་པ་དང་། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཐོན་རྫས28དང་ལྗང་མདོག་དཔང་རྟགས་ཐོབ་པའི་ཞིང་ཕྱུགས་ཐོན་རྫས23དང་། སྐྱེ་ལྡན་དཔང་རྟགས་ཐོབ་པའི་ཐོན་རྫས10དང་། རྒྱལ་ཁབ་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཐོན་རྫས5བཅས་ནུས་ལྡན་བེད་སྤྱོད་བྱས་ཡོད། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་ལེགས་པོའི”ས་ཁོངས་སྤྱི་སྤྱོད་ཟོང་རྟགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཁེ་ལས་ཀྱི་ཟོང་རྟགས་དང་ཐོན་རྫས་ཀྱི་ཟོང་རྟགས་གསོ་སྐྱོང་ཆེན་པོ་བྱས། ཆིང་ཧའོ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ལ་ཤང་ཀང་གི་སྤུས་ལེགས“ངོ་མ”ཡི་དཔང་རྟགས་ཐོབ་པ་དང་། ཅིན་ཧྲན་མཉམ་ལས་ཁང་ལISOམ་ལག་ཆེན་པོ་བཞིའི་དཔང་རྟགས་ཐོབ། ཧུར་ཐག་སྒོས་ལས་གཉེར་བྱེད་མཁན་ཕྱི་ལ་བསྐྱོད་པར་ཁྲིད་སྟོན་བྱས་ཏེ། ཟི་ལིང་དང་ཞི་ཨན། ལེའོ་ཁྲེན། ཧའོ་པེ། ཀོང་ཀྲོའུ་སོགས་སུ་སྐམས་ལུག་ཤ་ཐད་གཉེར་ཚོང་ཁང(ཐད་འཚོང་ཁང)20བཙུགས་པ་དང་། རིམ་རྩིས་བྱས་ན་ཕྱིར་འཚོང་བྱས་པའི་ཚད་སྒོར་ཁྲི2500ལྷག་ཙམ་ཟིན་ཡོད།

《མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་གྱི་ལག་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཐབས18》དང《རྐང་ཚ་རྫོང་གི་རྫོང་ཁོངས་ཕྱི་རོལ་གྱི་སྐམས་ལུག་ཤ་ཐད་གཉེར་ཚོང་ཁང(ཐད་འཚོང་ཁང)ལ་ཁ་གསབ་དང་བྱ་དགའ་སྤྲོད་ཐབས(ཚོད་སྤྱོད)》  སོགས་ཁེ་ལས་ཀྱི་རོགས་སྐྱོར་བྱེད་ཐབས་བཏོན་པ་དང་། རྫོང་རིམ་པའི་མ་དངུལ་སྒོར་ཁྲི1700ལྷག་ཙམ་གཅིག་གྱུར་འཆར་འགོད་བྱས་ནས་ཁེ་ལས་ཆུང་ངུའི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་འཕེལ་རྒྱས་དལ་བའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་པ་དང་། ཁེ་ལས་ཀྱིས་ལས་ཞུགས་ལས་རྐང་མང་དུ་གཏོང་བར་སྣེ་ཁྲིད་དེ་མང་ཚོགས་ཀྱི་ལས་ཞུགས་དང་ལས་གཏོད་ལ་རོགས་རམ་བྱས་ཡོད། རྫོང་རིམ་པའི་མ་དངུལ་སྒོར་ཁྲི300བཏང་ནས་རྐང་ཚ་རྫོང་གི་བོད་ལུག་ཐོན་ལས་ནུས་ལྡན་གསོ་སྤེལ་ཚད་ལྡན་ཅན་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ། ཕན་འབྲས་མཐོ་བའི་གསོ་སྤེལ་ལག་རྩལ་སྔར་ལས་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་ཡོད། ཕྱོགས་ཡོངས་ནས་ནོར་གནག་མི་ཐབས་ཁམས་རུམ་ལག་རྩལ་དཔེ་སྟོན་ཁྱབ་སྤེལ་བྱས་པ་དང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ5རུ་ལོ་ན་འཚམ་པའི་འབྲི་མོ4000ལ་མི་ཐབས་ཁམས་རུམ་བྱས་ཏེ་ནོར་གནག་ཐོན་ལས་ཀྱི་སྤུས་འདེགས་འཕེལ་རྒྱས་ལ་རོགས་རམ་བྱས་པ་དང་ཞིང་ཕྱུགས་ལས་ཀྱི་ལག་རྩལ་ཁྱབ་གདལ་བཏང་ཚད100%ཟིན་ཡོད། ཆིང་ཧའོ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་གྱིས་འགན་འཁུར་དང་དུ་བླངས་ནས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲོམ་རའི་རིན་གོང་ལས་མཐོ་བའི་སྒོ་ནས་དབུལ་སྐྱོར་ཁྱིམ་ཚང་སོགས་གཙོ་གནད་མི་ཚོགས་ཀྱི་ནོར་གནག་ཉོས་ཏེ། རོང་འབྲོག་ཁྱིམ་ཚང་གི་ནོར་ལུག་ཕྱིར་འཚོང་དང་ཡོང་འབབ་འཕར་དཀའ་བའི་གནད་དོན་ཕན་ནུས་ལྡན་པའི་ཐག་གཅོད་བྱས་ཡོད། རྫོང་ཁོངས་ཁེ་ལས་ཀྱི་བཤས་རའི་འཁོར་ཁང་འགན་གཙང་ལེན་བྱས་ཏེ། བཤས་གསོད་གྲོན་དངུལ་ལོ་སྔོན་མ་དང་བསྡུར་ན25%མར་ཆག་པ་དང་། ཞར་བྱུང་ཐོན་རྫས་ཉོ་སྒྲུབ་རིན་གོང་ལོ་སྔོན་མ་དང་བསྡུར་ན50%འཕར་བས་དོན་དངོས་ཀྱིས་དམངས་ལ་ཕན་པ་བསྒྲུབས་ཡོད།



མཉམ་སྤྱོད།