དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚའི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དེ་ཁུལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་པ།

2025-08-26 16:33:53   |   73

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོའི་ལོ་སྟོད་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་བཟོ་ལས་དཔལ་འབྱོར་གྱི་གྲུབ་འབྲས་མངོན་གསལ་ཡིན་ཏེ།  གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་དུས་མཚུངས་ལས80.2%འཕར་བ་དང་། འཕར་ཚད་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་ཆ89.6ཇེ་མཐོར་སོང་བས་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས10ཡིས་རིམ་རྩིས་བྱས་ན་གློག་སྟོང་ཝ་དུས་ཚོད་དུང་ཕྱུར7.24བཏོན་པ་དང་། གཟན་ཆས་ཏུན1222 ཐོན་སྐྱེད་བྱས། བཟོ་ལས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར1.43མངོན་འགྱུར་བྱུང་ལ་དུས་མཚུངས་ལས48.9%འཕར་བས་ཁུལ་ཡོངས་ཀྱི་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད།

རྐང་ཚ་རྫོང་གིས“3+6”གི་ལས་དོན་ལམ་སྲོལ་མ་ལག་གཏིང་ཟབ་ཏུ་བཏང་སྟེ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཉིན་རེར་རྟོག་འཇལ་དང་གཟའ་རེར་བཀོད་གཏོང་བྱ་རྒྱུ་རྒྱུན་བསྐྱངས་ཏེ། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག གནད་ལ་འཁེལ་བའི་ཞབས་ཞུ”ལྟར་དུ། གནས་ཐང་འཕར་ཚད་ཅུང་མཐོ་བའི་ནུས་ཁུངས་གསར་པའི་ཁེ་ལས་ལ་རྟོག་འཇལ་དང་འཁོར་སྐྱོད་བཀོད་གཏོང་བྱེད་པར་ཤུགས་བསྣན་ནས། ལས་སྣོན་ཁེ་ལས་ཀྱི་དྲ་ཐོག་དང་དྲ་འོག་དུས་མཉམ་ཚོང་གཉེར་ལ་སྣེ་ཁྲིད་པར་རྒྱབ་སྐྱོར་བྱས་ཤིང་།    དུས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་དང་རྒྱུ་ཆ་ཉོ་སྒྲུབ། ཁྲོམ་རའི་ཕྱིར་འཚོང་སོགས་ཀྱི་ཐད་འཕྲད་པའི་དཀའ་གནད་མཐུན་སྦྱོར་ངང་ཐག་གིས་བཅད་དེ།  ཐོན་སྐྱེད་རྒྱ་བསྐྱེད་དང་ཕན་འབྲས་འཕར་སྣོན་ལ་ཁག་ཐེག་བྱས།

གཙོ་གནད་ཁེ་ལས་ཀྱི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཤིང་། ཧུར་ཐག་གིས་ཁེ་ལས་པས་ལས་དོན་སྒྲུབ་པའི་ཁྲོད་འཕྲད་པའི་དཀའ་གནད་ཐག་གཅོད་བྱས་ཏེ། ཁེ་ལས་ཀྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བེད་སྤྱོད་གང་ལེགས་བྱེད་པར་མཛུབ་ཁྲིད་བྱས་ལ། ལོ་སྟོད་དུ་རྫོང་ཡོངས་ཀྱི་སྲིད་གཞུང་དང་དངུལ་རྩ། ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་འཚོགས་ཏེ། དངུལ་ཁང3དང་ཁེ་ལས12བར་སྒོར་ཁྲི1950ཡི་ཆིངས་ཡིག་བཀོད་ནས། རིམ་རྩིས་བྱས་ན་རྣམ་པ་གསར་པའི་ཞིང་ཕྱུགས་ལས་ཚོང་གཉེར་བྱེད་པོ1337ལ་སྐྱེད་ཀ་གསབ་དངུལ་སྒོར་ཁྲི1566.37སྤྲད་པ་དང་། ཁེ་ལས་ཆུང་བའི་ཀུན་ཕན་དངུལ་རྩའི་དངུལ་བུན་ཁག262ཀྱིས་སྒོར་དུང་ཕྱུར0.7བཏང་སྟེ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རོགས་འདེགས་བྱས།



མཉམ་སྤྱོད།