དེ་རིང་ནི2025ལོའི་ཟླ10པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་དུས་ཆེན་གཉིས་ཀྱི་རིང་ལ་གནས་སྐོར་བ24458སྣེ་ལེན་བྱས་པ།

2025-10-14 08:42:56   |   71

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10བའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་ཀྱི་རིང་ལ། རྐང་ཚ་རྫོང་གི་རིག་གནས་གནས་སྐོར་ཁྲོམ་རའི་འཛད་སྤྱོད་ལ་ཚ་རླབས་བྱུང་ཞིང་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པའི་ངང་འཁོར་བསྐྱོད་བྱས་ཡོད། ཟླ10ཚེས1ཉིན་ནས་ཚེས་8ཉིན། རྫོང་ཡོངས་སུ་ཁྱོན་བསྡོམས་གནས་སྐོར་བ24458ལ་སྣེ་ལེན་བྱས་པ་དང་། དུས་མཚུངས་ལས12.54%འཕར་ཡོད་ལ་གནས་སྐོར་ཡོང་འབབ་སྒོར་ཁྲི833.26ཟིན་ཡོད་ཅིང་། དུས་མཚུངས་ལས12.80%འཕར་ཡོད།

640.png

རྒྱུས་ལོན་བྱས་པ་ལྟར་ན། རྐང་ཚ་རྫོང་གིས་དུས་ཆེན་གཉིས་ཀྱི་རིང་ལ“རྒྱལ་སྟོན་ལ་རྟེན་འབྲེལ་དང་ཟླ་མཆོད་དུས་ཆེན་བསུ་བའི་བརྗོད་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། དྲ་ཐོག་དང་དྲ་ཕྱི་གཉིས་ཀྱི་ལམ་ནས་སྟོབས་ཤུགས་བཀོལ་ནས་འཛད་སྤྱོད་ལ་གསོན་ཤུགས་བསྣན། དྲ་ཕྱི་ནས2025ལོའི་རྐང་ཚའི་ལྕགས་རྟའི་འགྲན་བསྡུར་སྐབས་གསུམ་པ་དང་། “སྟོན་ཁའི་མཚན་མོའི་སྐོར་བྲོ་དང་སྐར་ཁྱིམ་ཞག་སྡོད”“རིག་རྩལ་ལྗོངས་ཁུལ་དུ་བསྐྱོད་པ”“སྤྲོ་སྐྱིད་དགའ་འཛོམས”སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གླུ་གར་དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན། སྤྲོ་སྣང་རོལ་རྩེད། དེ་བཞིན་ཁྱད་ལྡན་བཟའ་བཏུང་འགྲེམས་ཚོང་བཅས་བརྒྱུད་ནས་ཉིན་རེར་གནས་སྐོར་བ་སྟོང་ལྷག་ཙམ་སྣེ་ལེན་བྱས་ནས། མཐའ་འཁོར་གྱི་བཟའ་བཏུང་དང་སིལ་འཚོང་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བཏང་ཡོད། དྲ་ཐོག་ནས“ཟླ་བ་ཉ་གང་གི་མཚན་མོར་མཉམ་འཛོམས་བྱེད་པའི”བྱ་དགའི་བྱེད་སྒོ་དང་།“ང་རང་མེས་རྒྱལ་ལ་དགའ”ཞེས་པའི་བྱེད་སྒོ་དང་། དེ་བཞིན་ཕུལ་བྱུང་ལེ་ཚན་འགྲེམས་སྟོན་བྱས་པས། མང་ཚོགས་དང་གནས་སྐོར་བར་དུས་ཆེན་ཉམས་ལེན་བྱེད་དུ་བཅུག་ཡོད།

ཞབས་ཞུའི་འགན་སྲུང་ཐད་ནས་རྐང་ཚ་རྫོང་གིས་གནད་འཁེལ་ཐབས་ཇུས་ལག་བསྟར་བྱས་ནས། གནས་སྐོར་བའི་འགྲོ་གྲོན་ཇེ་དམའ་རུ་བཏང་སྟེ། རྫོང་ཁོངས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ས་དང་མཛེས་ལྗོངས་ཁུལ་གཙོ་བོའི་རླངས་འཁོར་འཇོག་ས་རིན་མེད་ངང་སྒོ་འབྱེད་བྱས་པ་དང་། སྤྱི་པའི་གསང་སྤྱོད་ཁང་དུས་ཚོད24ནང་སྒོ་འབྱེད་བྱས་པ་མ་ཟད། “ཞོགས་པར་ཕྱགས་བདར་དང་ཉིན་གུང་ཞིབ་བཤེར། དགོང་མོར་གཙང་བཤེར”བཅས་ཀྱི་གཙང་སྦྲའི་ལམ་སྲོལ་ལག་བསྟར་ནན་མོ་བྱས། དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི་དང་གསེར་ཉའི་ཕ་ས་སོགས་གཙོ་གནད་མཛེས་ལྗོངས་ཁུལ་དུ་འཛིན་བྱང་རིན་མེད་ངང་མཁོ་འདོན་བྱས་པ་དང་། སྐར་ཁྱིམ་སྡོད་ཁང་གི་ཞག་སྡོད་ལ་དམིགས་བསལ་གྱི་གཟིགས་སྐྱོང་བྱས་པ་མ་ཟད། ཕྱི་རོལ་དུ་སྒར་འདེབས་རས་གུར་དང་བསྲེགས་ཟའི་ཡོ་བྱད་རིན་མེད་ངང་མཁོ་འདོན་བྱས་ཤིང་། ཞག་སྡོད་གནས་སྐོར་བར་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་ལྟ་སྐོར་འཛིན་བྱང་འདོན་སྤྲོད་བྱས།

བདེ་འཇགས་ལྟ་སྐུལ་དོ་དམ་ཐད་ནས་རྐང་ཚ་རྫོང་གིས་“བདེ་འཇགས་དང་པོ་དང་སྔོན་འགོག་གཙོ་བོ”རྒྱུན་འཁྱོངས་བྱས་ཏེ། རིག་གནས་གནས་སྐོར་དང་ཕྱོགས་བསྡུས་ཁྲིམས་བསྟར། ཁྲོམ་ར་ལྟ་སྐུལ་དང་འཕྲལ་བསྟུན་དོ་དམ་སོགས་ཀྱི་སྡེ་ཁག་གིས་ལྗོངས་ཁུལ་དང་། མགྲོན་ཁང་། བཟའ་བཏུང་ས་ཚིགས་དང་རིག་གནས་རོལ་རྩེད་སྤེལ་ཡུལ་བཅས་ནས་བདེ་འཇགས་ཞིབ་བཤེར་ཐེངས20སྤེལ་བ་དང་། མེ་གསོད་བདེ་འཇགས་སྒྲིག་བཀོད་དང་། ཟས་རིགས་འཕྲོད་བསྟེན། དམིགས་བསལ་སྒྲིག་ཆས་འཁོར་སྐྱོད། འཕྲལ་བསྟུན་སྔོན་ཇུས་སོགས་ཁྱབ་པར་བྱས་ཡོད། དེ་དང་ཆབས་ཅིག རིག་གནས་གནས་སྐོར་སྡེ་ཁག་དང་དེ་བཞིན་ལྗོངས་ཁུལ་སོ་སོ། རིག་གནས་གནས་སྐོར་ཁེ་ལས་བཅས་ཀྱིས་ཆུ་ཚོད་24རིང་གི་ཆེད་མངགས་མི་སྣས་ལས་རེས་འཁོར་ཏེ་ཁྲོམ་རའི་གནས་ཚུལ་ལ་དུས་ཐོག་ཏུ་རྟོག་འཇལ་དང་གནས་སྐོར་བའི་རེ་ཞུ་དང་ལེན་བྱས་པ་མ་ཟད། སྤྱི་བདེ་དང་འགྲིམ་འགྲུལ། འཕྲོད་བསྟེན་སོགས་སྡེ་ཁག་གིས་འཕྲལ་བསྟུན་མཉམ་འགུལ་ལམ་སྲོལ་བཙུགས་ནས། ཐོལ་བྱུང་གནས་ཚུལ་མགྱོགས་མྱུར་སྒོས་ཐག་གཅོད་བྱ་བར་ཁག་ཐེག་བྱས་ཏེ་གནས་སྐོར་བར་བདེ་འཇགས་ཡིན་པ་དང་སེམས་བདེ་བའི་གནས་སྐོར་ཁོར་ཡུག་བསྐྲུན་ཡོད།



མཉམ་སྤྱོད།