དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ཐོན་ལས་རིམ་སྤོར་གྱི་གོམ་སྟབས་ཇེ་བརྟན་ཏུ་བཏང་ནས། ཁྱད་ལྡན་མ་ལག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན།

2026-03-17 20:11:41   |   11

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཕང་པ་རུ་ཆགས་ཡོད་ལ། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་གྱི་འཆར་འགོད་ལ་དམ་པོར་དམིགས་ནས། ཐོན་ལས་རིམ་སྤོར་ལེགས་སྒྱུར་གཞིར་བཟུང་སྟེ། སྐྱེ་ཁམས་ཕྱུགས་ལས་དང་ནུས་ཁུངས་གཙང་མ། སྐྱེ་ཁམས་གནས་སྐོར་སོགས་ཐོན་ལས་ཆེན་པོ་གསུམ་གྱི་མ་ལག་འཛུགས་སྐྲུན་བྱས། ཚད་མཐོའི་འཕེལ་རྒྱས་སུ་གཏོང་བའི་གོམ་པ་བརྟན་པོར་སྤོ་བ་དང་། ཁྱད་ལྡན་ཐོན་ལས་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་སུ་བཟུང་ནས། སྐྱེ་ཁམས་དང་འཕེལ་རྒྱས་གཉིས་ཕན་གྱི་ཐབས་ལམ་གསར་བ་ཞིག་བསྐྲུན་ཡོད། 

སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་ལེགས་སྒྱུར་གྱི་ཕྱོགས་ནས། ཟོང་རྟགས་ཀྱི་ནུས་པ་མཐོར་འདེགས་བཏང་བ་དང་།  རྫོང་འདིས་སྐྱེ་ཁམས་ཕྱུགས་ལས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བྱུང་ཡོད། གཞི་ཁྱོན་ཅན་དང་ཚད་གཞི་ཅན་མུ་མཐུད་དུ་སྔོག་འདོན་བྱས་ཏེ། གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི32འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་བཞིན་ཡོད། སྐྱེ་ཁམས་ཕྱུགས་ར19ལ་ཆེད་ལས་ཀྱི་ར་སྤྲོད་བྱས་པས་ཐོན་ལས་འཕེལ་རྒྱས་ཕྱོགས་ལ་རྨང་གཞི་བརྟན་པོ་བཏང་ཡོད། ལོ་ངོ་བཞིའི་རིང་རིམ་རྩིས་བྱས་ན་ནོར་ལུག་ཁྲི162.62ཕྱིར་འཚོང་བྱས་པ་དང་། ཤའི་ཐོན་ཚད་ཏུན་ཁྲི1ལས་བརྒལ་བ། དུས་མཉམ་དུ་ཞིང་ཕྱུགས་ཐོན་རྫས10ལྷག་འགྲེམས་སྤེལ་ལེགས་འགྲུབ་བྱུང་། “རྐང་ཚའི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་འབྲོག་ལུག”དང“ནོར་གནག”ལ་སྐྱེ་ལྡན་ར་སྤྲོད་ཐོབ་ལ། དེའི་ཁྲོད་ཀྱི་འབྲོག་ལུག་ལ་རྒྱལ་ཡོངས་ཀྱི“རྫོང་མཁར་གཅིག་ལ་ཁྱད་ཆོས་གཅིག”ཅེས་པའི་ཟོང་རྟགས་ཀྱི་གྲས་སུ་ཆུད་པས། རྐང་ཚའི་སྐྱེ་ཁམས་ཕྱུགས་ལས་ཐོན་རྫས་མཐོ་སྒང་ནས་ཐོན་ཏེ་ཚོང་རར་ཕྱོགས།

ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་ཕྱོགས་ནས། རྫོང་འདིས་ཁྱད་དུ་འཕགས་པའི་ནུས་ཁུངས་གཙང་མའི་ཐོན་ཁུངས་ལ་བརྟེན་ཏེ།  ནུས་ཤུགས་ཡོད་རྒུའི་ནུས་ཁུངས་གསར་པའི་ཐོན་ལས་ལ་སྐུལ་འདེད་བཏང་། མིག་སྔར་ནུས་ཁུངས་གསར་པའི་སྒྲིག་སྦྱོར་ཤོང་ཚད་སྟོང་ཝད138.05སླེབས་པ་དང་། གློག་འདོན་ཚད་དུས་ཚོད་རེ་ལ་སྟོང་ཝོལ་དུང་ཕྱུར15ལས་བརྒལ། བླ་མཚོ་དང་ཚེ་ཐར་གྱི་སྟོང་ཝོལ330ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཚེ་ཐར་སྟོང་ཝོལ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བརྟན་པོའི་ངང་སྐུལ་འདེད་བཏང་ནས། གློག་ཤུགས་གློག་སྐྱེལ་ནུས་པ་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ།  ནུས་ཁུངས་གཙང་མ་ནུས་མཐོའི་བསྡུ་སེལ་བྱེད་པར་རོགས་འདེགས་ཐོབ། ད་ལྟ་རྐང་ཚ་རྫོང་ནི་མཚོ་བྱང་ཁུལ་གྱི་ཆུ་རྟེན་མ་ཡིན་པའི་སླར་སྐྱེས་ཐོན་ཁུངས་ཀྱི་རྫོང་ཆེ་ཤོས་སུ་ཆགས་ཡོད། ནུས་ཁུངས་གཙང་མའི་ཐོན་ལས་ཏེ་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་འགྲོ་བའི་འདེགས་སྐྱོར་ཏུ་གྱུར་ཡོད།

སྐྱེ་ཁམས་གནས་སྐོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བཏང་སྟེ།  རིན་ཐང་གཞན་སྒྱུར་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་དང་།  རྫོང་འདིས་མུ་མཐུད་དུ་རྒྱལ་ཁབ་རིམ་པའི་ས་ཁུལ་ཡོངས་གནས་སྐོར་གྱི་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་བཏང་ནས། “གླིང་གཅིག་དང་ཁུལ་གསུམ་རྟེན་གཞི་གསུམ”དང“རི་བོ་གཅིག་དང་གླིང་གཅིག་ཁུགས་གསུམ”དམིགས་སུ་བཟུང་ནས་འཛུགས་སྐྲུན་སྐུལ་འདེད་བཏང་། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ལྗོངས་ཁུལ་གནས4བསྐྲུན། “མཚོ་སྔོན་པོ་བསྐོར་བར་མགོ་འཛུགས་སའི”མཚོན་རྟགས་རིང་བཞིན་གྱི་ལྗོངས་རྒྱུ་བྱེད་ས་དང་ཧུང་ཡུས་གཞིས་ཁྱིམ་ལྗོངས་ཁུལ་ཞིང་ཆེན་རིམ་པའི་ཐོག་མའི་སྐྱེ་ཁམས་གནས་སྐོར་ལྗོངས་རྒྱུའི་ཁུལ་དུ་བདེ་བླག་ངང་བདམས་ཐོན་བྱུང་། ལོ་ངོ་བཞིའི་རིང་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཁྲི358.07སྣེ་ལེན་བྱས་ཤིང་། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར12.74ལག་ཟོན་བྱུང་བས། ལོ་རེའི་ཆ་སྙོམས29.9%དང39.5%འཕར་ཡོད། སྐྱེ་ཁམས་རིན་ཐང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བསྒྱུར་བ་དང་། སྔོ་ཞིང་དྭངས་པའི་རི་ཆུས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་བཏང་སྟེ། རྫོང་ཡོངས་འཕེལ་རྒྱས་ཀྱི“རི་ཆུ་ནགས་གསུམ”དུ་འགྲོ་བར་སྐུལ་འདེད་གཏོང་དགོས།



མཉམ་སྤྱོད།