དེ་རིང་ནི2026ལོའི་ཟླ03པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས་རླུང་འོད་ལ་བརྟེན་ཏེ་རྐང་ཚའི་དཔལ་འབྱོར་ལ“ལྗང་མདོག་སྒུལ་འཁོར”སྒྲིག་སྦྱོར་བྱས།

2026-03-24 15:06:38   |   144

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གསར་སྤེལ་གཅིག་སྡུད་ཁུལ་གཏོད་པའི་ལག་ལེན་དུ་རང་འགུལ་སྒོས་ཞུགས་ཏེ། ལྗང་མདོག་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས“རླུང་འོད་ཐོན་ཁུངས་ཐོན་ལས”བཏོད་པ་དང་། རྫོང་མཁར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“ལྗང་མདོག་སྒུལ་འཁོར”སྒྲིག་སྦྱོར་བྱས། 2025ལོར་སྟོང་ཝ་ཁྲི20ཡི་འོད་ཝོལ་རྣམ་གྲངས་ལ་དྲ་སྦྲེལ་གློག་གཏོང་ཐུབ་པ་མངོན་འགྱུར་བྱུང་ནས་ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་སྟོང་ཝ་ཁྲི138.05(འོད་ཝོལ་སྟོང་ཝ་ཁྲི131.6དང་རླུང་ནུས་སྟོང་ཝ་ཁྲི6.45)ལ་སླེབས་ཤིང་། སྟོང་ཝ་ཁྲི་བརྒྱ་ཡི་འགག་སྒོ་ཆེན་མོ་ལས་བདེ་ལེགས་ངང་བརྒལ་ཐུབ་པ་བྱུང་། ལོ་རེའི་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར15ལས་བརྒལ་སྐབས་ཁུལ་ཡོངས་ཀྱི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་ཀྱི་ཆུ་མ་གཏོགས་པའི་ནུས་རྒྱུ་གཙང་མའི་སྡོམ་འབོར་གྱི89.3%ཟིན་ཡོད་པས།  མཚོ་བྱང་ཁུལ་གྱིས་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞི་བསྐྲུན་པའི་གཡུལ་ས་གཙོ་བོར་གྱུར།

འཕེལ་རྒྱས་ཀྱི་འཆར་གཞི་སྔོན་ལ་བཟོས་པ།  ཁུལ་ཡོངས་ཀྱི་སྔོན་ལ《རྐང་ཚ་རྫོང་གི་ནུས་རྒྱུ་གསར་པའི་འཆར་འགོད》བཟོ་བཀོད་བྱས་ནས། ཚེ་ཐར་དང་སྤྱང་ཚང་། བཀྲ་སོག་བཅས་ས་ཁུལ་གྱི་ཉིན་གྱི་དུས་ཚོད་རིང་བ་དང་རླུང་ཤུགས་ཐོན་ཁུངས་འདུས་ཚད་ཆེ་བ་སོགས་ཀྱི་ལེགས་ཆ་སྤྱད་དེ། ནུས་ཤུགས་ཡོད་རྒུས་འོད་ཝོལ་གླིང་ཁུལ2དང་རླུང་ར1བསྐྲུན་འཆར་གྱིས། སྐབས་དེའི་ནུས་རྒྱུ་གསར་པའི་སྤྱིའི་གློག་འདོན་ཤོང་ཚད་སྟོང་ཝ་ཁྲི1800ཟིན་རྒྱུ་ཡིན་པ་རེད། གོང་གསལ་གྱི་འཆར་འགོད་ཚང་མ་ཞིང་ཆེན་དང་ཁུལ་དང་རྫོང་གི་རྒྱལ་ཁབ་མངའ་ཁོངས་བར་སྟོང་འཆར་འགོད་ནང་ཚུད་ཅིང་ཁུལ་ཡོངས་ཀྱི་རྫོང་བཞིའི་མདུན་གྲལ་དུ་སླེབས་ཡོད།

གཞི་ཁྱོན་གྱི་དགེ་མཚན་སྔོན་ལ་བཏོད་པ། རྐང་ཚ་རྫོང་གིས་ནུས་རྒྱུ་གསར་པའི་གཞི་ཁྱོན་ཡན་གྱི་ཁེ་ལས8བདེ་ལེགས་ངང་སྐྱེད་སྲིང་བྱས། རྒྱལ་ནུས་བཀྲ་སོག་དུས་ཐེངས་གཉིས་པའི་སྟོང་ཝ་ཁྲི15ཡི་རྣམ་གྲངས་མགྱོགས་མྱུར་ངང་ལས་མགོ་ཚུགས་ལ། ཀྲུང་གོ་ཉིང་རྡུལ་ཧུའེ་ནུས་ཀྱི“ཕྱུགས་འོད་མཉམ་སྤྱོད”ཀྱི་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་ཚུགས་པ་དང་། རྒྱལ་གློག་གློག་ཤུགས་རྡོ་སོལ་སྔོག་འདོན་རྡིབ་ཁུལ་གྱི་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི“ལྗང་གློག་ཐད་སྦྲེལ”སྟོང་ཝ་ཁྲི65ཡི་རླུང་ཤུགས་གློག་གཏོང་རྣམ་གྲངས་ཁག་དང་པོ་དེ་རྐང་ཚ་རྫོང་དུ་གཏན་འབེབས་བྱས། མཚོ་སྔོན་ཤར་ནུབ་རྒྱུད་ཀྱི་སྐོར་དྲ་བྱང་བགྲོད་ལམ་གྱི་འགག་རྩའི་ལྟེ་གནས་ཚེ་ཐར་སྟོང་ཝོལ750ཡི་གློག་གཏོང་གློག་སྒྱུར་ལས་གྲྭའི་ཞིབ་འཇུག་དང་ཇུས་འགོད་ཞིབ་བཤེར་བདེ་བླག་ངང་ལེགས་གྲུང་བྱུང་ཞིང་། 2027ལོར་བཟོ་བསྐྲུན་བྱས་རྗེས་སྤྱོད་མགོ་ཚུགས་རྒྱུ་རེད། སྐབས་དེར་ཁུལ་ཡོངས་ཀྱི་དྲ་ཞུགས་ཤོང་ཚད་སྟོང་ཝ་ཁྲི400གསར་སྣོན་འབྱུང་རྒྱུ་དང་། ནུས་རྒྱུ་གསར་པའི་གློག་ཤུགས་མཚོ་སྔོན་གྱི་དྲ་རྒྱ་གཙོ་བོ་དང་ཕན་ནུས་ཆེན་པོས་སྦྲེལ་མཐུད་བྱུང་སྟེ་ཁུལ་ཡོངས་ཀྱི་ནུས་རྒྱུ་གསར་པ་ཕྱིར་སྐྱེལ་བྱེད་པའི་བགྲོད་ལམ་ཤར་གཏོང་བྱ་ཐུབ།

ལྗང་མདོག་གི་ལས་གཞི་སྔོན་ལ་བསྐྲུན་པ།  “ཤོང་ཚད་ཆེ་རུ་གཏོང་བ་དང་། ཕྱིར་སྐྱེལ་ཤུགས་ཆེར་གཏོང་བ། ཐོན་ལས་ནང་འདྲེན་བྱེད་པ”བཅས་ཀྱི་ཐབས་ལམ་གཉིས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ནས། ནུས་ཤུགས་ཡོད་རྒུས་འོད་ཝོལ་དང་རླུང་ནུས་གློག་འདོན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག  ཁུལ་ཡོངས་ཀྱི་ནུས་གསོག་གློག་ཁང་དང་པོ་དེ་སྤྱོད་མགོ་ཚུགས་ཤིང་། རྐང་ཚ་རྫོང་གི་ཕྱོགས་བསྡུས་ནུས་རྒྱུ་མཁོ་སྤྲོད་ས་ཚིགས(ཆིང་དང་གློག སྣུམ། ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་ས་ཚིགས)ཀྱི་འཛུགས་སྐྲུན་རྣམ་གྲངས་ལེགས་གྲུབ་བྱུང་ཞིང་། རྫོང་ཡོངས་ཀྱི་ནུས་གཙང་དྲོད་ལེན་མི་འགྱངས་བར་ཁྱོན་ཡོངས་སུ་ཁྱབ་ཐུབ་པར་བྱེད་པས། རིམ་གྱིས“ཕྱིར་གཏོང་དང་གསོག་ཉར། བེད་སྤྱོད”བཅས་ཀྱི་ཟླུམ་གཟུགས་མ་ལག་ཆགས་ཐུབ། དེ་དང་ཆབས་ཅིག ཚེ་ཐར་མཐོ་སྒང་མི་མེད་གནམ་གྲུའི་ཞིབ་དཔྱད་ཚད་ལེན་ལྟེ་གནས་དེ་མཚོ་སྔོན་དང་། ལེའོ་ཉིང་། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར7གྱི་ཐལ་དྲགས་གནམ་གཤིས་ཀྱི་མི་མེད་གནམ་གྲུ་དང་དེ་བཞིན་གློག་རྫས་ལག་རྩལ་གྱི་ཚད་གཞི། མི་མེད་གནམ་གྲུའི་དངོས་ཟོག་ཆེ་གྲས་སྐྱེལ་འདྲེན་གྱི་ཚད་གཞི། མཐོ་སྒང་རྣམ་པའི་མི་མེད་གནམ་གྲུའི་ཆེད་སྤྱོད་མཁའ་འགྲུལ་དང་འཚམ་པའི་ཚད་གཞི་བཅས་གཏན་འབེབས་ཁོངས་མིའི་ཚན་པར་་ཚུད་པས།“ལོ་ལྔའི་འཆར་གཞི་བཅོ་ལྔའི”དམའ་དབྱིངས་དཔལ་འབྱོར་མཐོ་རུ་འཕེལ་བར་རྨང་གཞི་བཏིངས་ཡོད།

དམངས་ལ་ཁེ་ཕན་སྔོན་དུ་བསྐྲུན་པ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་འགག་རྩའི་ཐབས་ཤེས་ཤིག་ཏུ་བརྩིས་ནས། གྲོང་སྡེ4རུ་ཐོག་མར་ཁང་ཀླད་རྣམ་པའི་འོད་ཝོལ་རྣམ་གྲངས་ལག་བསྟར་བྱས་པ་དང་། གློག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་སྡོམ་འབོར་སྟོང་ཝ1004.09ལས་བརྒལ་ཞིང་། ལོ་རེར་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་ཁྲི180ཟིན་པས། ལོ་རེར་གྲོང་སྡེའི་ཐུན་མོང་ལ་ཡོང་འབབ་སྒོར་ཁྲི38.8བསྣན་པ་དང་། གྲོང་གསེབ་དར་སྤེལ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་ནུས་ལྡན་བྱས་ཡོད།



མཉམ་སྤྱོད།