དེ་རིང་ནི2026ལོའི་ཟླ04པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚའི“སྐྱེ་ཁམས”ཀྱིས་མཐོ་སྒང་ཚད་མཐོའི་འཕེལ་རྒྱས་སུ་འགྲོ་བའི་ལམ་བུ་གསར་བ་རྙེད།

2026-04-02 14:37:58   |   41

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ངེས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་ཐབས་ཇུས་གཞིར་བཟུང་ནས། མཚོ་སྔོན་པོའི་བྱང་ངོགས་ཀྱི་ལྷན་སྐྱེས་ཐུན་མིན་སྐྱེ་ཁམས་ཀྱི་སྐྱེ་སྟོབས་དང་གནས་ངེས་བྱེད་ནུས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བཟུང་ནས། སྐྱེ་ཁམས་དམིགས་བསལ་དུ་འཛིན་རྒྱུ་གཞི་རྩ་དང་ལྗང་མདོག་འཕེལ་རྒྱས་རྨང་གཞིའི་ཐབས་ལམ་བྱས་ཏེ་ནུས་ཤུགས་ཡོད་རྒུས“སྐྱེ་ཁམས+”མཉམ་འདྲེས་འཕེལ་རྒྱས་དང“+སྐྱེ་ཁམས”ཀྱི་ལྗང་མདོག་ཏུ་བསྒྱུར་བའི་ལེའུ་གསར་རྩོམ་བྱས། སྐྱེ་ཁམས་ཀྱི་དགེ་མཚན་ཕན་འབྲས་འཕེལ་རྒྱས་དང་དཔལ་འབྱོར་གྱི་དགེ་མཚན་དུ་འགྱུར་བར་སྐུལ་འདེད་བཏང་ནས་མཐོ་སྒང་གི་སྐྱེ་ཁམས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཐོག་མའི་མིག་དཔེ་བསྐྲུན།

“སྐྱེ་ཁམས+ཁྱད་ལྡན་ཕྱུགས་ལས”ཀྱི་ལྗང་མདོག་རྩྭ་ཐང་གི་ཕྱུགས་ལས་ཐོན་ལས་དར་རྒྱས་ལ་སྐུལ་སློང་བྱས།

ཡངས་ཤིང་ཆེ་བའི་རང་བྱུང་གི་རྩྭ་ཐང་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྩྭའི་ཐོན་ཁུངས། ནོར་གནག་དང་བོད་ལུག་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཕྱུགས་རྒྱུད་ལ་བརྟེན་ནས། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ་རྨང་གཞི་རུ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དམིགས་ཚད་གཏན་འཁེལ་བྱས་ནས་ཐོན་ལས་དེ་སོན་བཟང་གསོ་སྐྱོང་དང་སྤུས་ཚད་མཐོར་འདེགས། ཟོང་རྟགས་གསར་གཏོད་སོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་བརྩོན་ལེན་བྱས། རིག་ནུས་ཞིང་ཕྱུགས་ལས་གཞི་གྲངས་ཆེན་མོའི་སྟེགས་བུ་བཙུགས་ནས་གསོ་སྤེལ་དང་བཤས་ལས། ལས་སྣོན་དང་ཕྱིར་འཚོང་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་ཡོངས་སུ་ཁྱབ་པར་བྱས་ཏེ་གཞི་གྲངས་ཅན་དུ་འགྱུར་བར་བརྟེན་ནས་སྐྱེ་ཁམས་ཀྱི་རིན་ཐང་དེ་དཔལ་འབྱོར་གྱི་རིན་ཐང་དུ་བསྒྱུར། མིག་སྔར་གསོ་སྤེལ་རྟེན་གཞི32བསྐྲུན་ཟིན་པ་དང་སྐྱེ་ཁམས་ཕྱུགས་ར43གཏན་འཁེལ་བྱས། ཐོན་རྫས8ལ་སྤུས་ལེགས་ཀྱི་ཆོ་ལོ་བསྩལ་ཞིང་མཛོད་ཁང་དུ་བདམས་ཐོན་བྱུང་། ཐོན་རྫས4ལ“རྒྱལ་ཡོངས་མིང་གྲགས་ཅན་གྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་གསར་བའི”དཔང་རྟགས་ཐོབ་ལ། ཤའི་རིགས་ཀྱི་ཐོན་རྫས2ལ་ཤང་ཀང་གི“ཀ་དག”བདེན་དཔང་ཐོབ། མཐོ་སྒང་གི་ཁྱད་ལྡན་ནོར་གནག་གི་ཁུ་ལུའི་སྐེ་དཀྲིས་ཕྱིར་གཏོང་བྱས་པས་ཕྱི་ཕྱོགས་ཉོ་ཚོང་གི་སྟོང་ཆ་བསྐངས་པ་དང་། རྐང་ཚ་ནས་ཐོན་པའི་ནོར་ལུག་རེ་རའི་ཤ་ལ་རིན་ཐང་དང་བསྔགས་བརྗོད་མངའ་ལ། ཁྲོམ་རའི“སྐྱེ་ཁམས་རྒྱས་སྤྲོས་ཐོན་རྫས”སུ་གྱུར་ཏེ། གྲོང་གསེབ་དར་སྤེལ་དང་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་ཕན་འབྲས་མཐོ་རུ་གཏོང་བར་སྒུལ་ཤུགས་བསྩལ་ཡོད།

“སྐྱེ་ཁམས﹢དྭངས་གཙང་ནུས་རྒྱུའི”རླུང་འོད་ལྗང་གློག་བསྐྲུན་པ་དང་ལྗང་མདོག་ནུས་རྒྱུའི་མ་ལག་གསར་བ་བཙུགས།

“དྭངས་གཙང་ནུས་རྒྱུའི་རྫོང་སྟོབས་ཆེན་བསྐྲུན་པའི” དམིགས་ཚད་གཏན་འཁེལ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་མཚམས་བརྟན་སྲུང་བྱས་པ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག་སྣེ་ཁྲིད་དང་ལས་གཞི་འཛུགས་སྐྲུན་གཞོགས་འདེགས། ལག་རྩལ་གསར་གཏོད་སྒུལ་ཤུགས་སུ་བཟུང་སྟེ“ཕྱུགས་གློག་མཉམ་གནས”སོགས་སྐྱེ་ཁམས་མཛའ་མཐུན་རྣམ་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ་གློག་གཏོང་དང་། ནུས་གསོག སྐྱེལ་འདྲེན། སེལ་ལེན་བཅས་སྦྲེལ་ཐག་ཧྲིལ་བོའི་ལྗང་མདོག་ནུས་རྒྱུའི་འཁོར་བསྐྱོད་མ་ལག་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ནུས་རྒྱུ་གསར་སྤེལ་འོས་འཚམ་མཉམ་འགུལ། སྐྱེ་ཁམས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱུང་། སྟོང་ཝོལ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་སོགས་གཙོ་གནད་ནུས་རྒྱུ་གསར་པའི་ལས་གྲྭ་བརྟན་པོའི་ངང་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི“གནོད་མེད་གློག་ཐད་སྦྲེལ”སྟོང་ཝོལ་ཁྲི65ཟིན་པའི་མཐོ་སྒང་གི་རླུང་གློག་ལས་གྲྭ་དང་པོ་བདེ་བླག་ངང་དོན་འཁྱོལ་བྱས་ནས་ཐོན་ལས་དེ་གློག་གཏོང་རྐྱང་བ་ནས་སྣ་མང་མཉམ་སྡེབ་ཀྱི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བཏང་། རྫོང་ཡོངས་ཀྱི་ནུས་རྒྱུ་གསར་བའི་གློག་དྲ་སྦྲེལ་ཚད་སྟོང་ཝོལ138.05ལ་སླེབས་པ་དང་། ནུས་རྒྱུ་གསར་བའི་གློག་འདོན་ཁེ་ལས8ཀྱིས་རིམ་རྩིས་བྱས་ན་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝོལ་དུང་ཕྱུར15.1ལ་སླེབས་པས། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར2.81མངོན་འགྱུར་བྱུང་།  དུས་མཚུངས་དང་བསྡུར་ན་བཅུ་ཆའི་ལྔ་འཕར་ཡོད། ལྗང་མདོག་ནུས་རྒྱུའི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་མཐོ་གནས་འཛུགས་སྐྲུན་བྱེད་པར་རྐང་ཚའི་སྟོབས་ཤུགས་ཕུལ་ཡོད།

“སྐྱེ་ཁམས﹢རིག་གནས་གནས་སྐོར”གྱིས་མཚོ་ངོགས་ཀྱི་སྙན་ངག་བྲིས་ཏེ་སྐྱེ་ཁམས་གནས་སྐོར་ལ་མཚན་སྙན་གསར་བ་བསྩལ།

མཚོ་སྔོན་པོའི་བྱང་ངོགས་ཀྱི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་གནའ་ཤུལ། ཉ་དང་བྱ་རིགས་མཉམ་གནས།  ཚངས་དབྱངས་རྒྱ་མཚོའི་ཞབས་རྗེས་སོགས་ཀྱི་བརྗོད་བྱ་སྔོག་འདོན་བྱས་ཏེ།  ཉམས་ལེན་རིམ་སྤར་དང་ཐོན་ཁུངས་འཕོ་འགྱུར་ལ་རྩེ་གཅིག་ཏུ་དམིགས་པ་དང་། སྐྱེ་ཁམས་བྱ་གཟིགས་གྲོང་ཚོ་ཆུང་ངུ་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ།  དབྱིངས་ཞུགས་རྣམ་པ་དང་ཉམས་ལེན་ཟབ་མོ་བཅས་ཚང་བའི་མཐོ་སྒང་གི་སྐྱེ་ཁམས་མི་ཆོས་གནས་སྐོར་ལམ་ཐིག་བཙུགས་ཤིང་། གནས་སྐོར་བ“ཐོན་པ”ལས“ཞག་སྡོད”བྱེད་འདོད་པ་དང་། དེ་ལས་ཀྱང“ཉམས་ལེན”བྱེད་པར་སྤྲོ་བའི་གནས་སྐོར་བསྐྲུན། ཚད་མཐོན་པོའི་སྒོ་ནས“མཚོ་སྐོར་ལྕགས་རྟ་རྒྱུག་འགྲན”དང“རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་བསྡུར”སོགས་རྒྱལ་སྤྱི་རང་བཞིན་གྱི་འགྲན་བསྡུར་སྤེལ་བ་དང་། རིག་གནས་གནས་སྐོར་བྱེད་སྒོ30ལྷག་སྤེལ་ཏེ། ཕྱོགས་ཡོངས་ནས“མཚོ་ངོགས་ཀྱི་སྙན་ངག”ཅེས་པའི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་མི་ཆོས་ཀྱི་དབྱངས་རྟ་གྱེར། 2025ལོར་རྫོང་ཡོངས་ཀྱིས་གནས་སྐོར་བ་མི་ཐེངས་ཁྲི187.25སྣེ་ལེན་བྱས་ཤིང་། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར6.45ལ་སླེབས།  དུས་མཚུངས་ལས25.82%དང24.18%སོ་སོར་འཕར་བས། གནས་སྐོར་ཐོན་ལས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་། སྐྱེ་ཁམས་རིག་གནས་གནས་སྐོར་དེ་དམངས་ཕྱུག་དམངས་ཕན་གྱི་རྨང་གཞིའི་ཐོན་ལས་སུ་གྱུར་ནས་རིག་གནས་གནས་སྐོར་མཉམ་འདྲེས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་ཚད་མཐོའི་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་ཆེར་བཏང་ཡོད།



མཉམ་སྤྱོད།