དེ་རིང་ནི2026ལོའི་ཟླ04པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས་རྒྱུད་བཟང་ནང་འདྲེན་བྱས་པས་དམངས་འཚོར་ཕན་པ་སྐྲུན་ལ་ནོར་གནག་ཐོན་ལས་ཀྱིས་ཡོང་འབབ་འཕར་བར་རོགས་འདེགས་བྱས།

2026-04-03 09:36:33   |   100

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“དམངས་ལ་ཞབས་འདེགས་ཞུ་བ་དང་རོང་འབྲོག་པར་ཡོང་སྒོ་འཕར་བར་རོགས་འདེགས་བྱེད་པའི”ལྟེ་བའི་དམིགས་ཚད་གཏན་འཁེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ནོར་གནག་ཐོན་ལས་ཀྱི་སྤུས་ཚད་རིམ་སྤོར་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་རོང་འབྲོག་པའི་རྩ་བའི་ཁེ་ཕན་ལ་འགན་ལེན་་བྱེད་པའི་འགག་རྩ་ཡིན་པར་བྱས་ཏེ། རྒྱུད་བཟང་ཐོན་ཁུངས་ཀྱིས་རོང་འབྲོག་པའི་གསོ་སྤེལ་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བསྣན་པ་དང་། རོང་འབྲོག་མང་ཚོགས་ལ་ཕྱུགས་ལས་ཐོན་ལས་རིམ་སྤོར་ཁྲོད་དདོན་དངོས་ཀྱི་ཁེ་ཕན་ཐོབ་པར་བརྩོན་ཡོད།

རྒྱུད་བཟང་ནང་འདྲེན་བྱས་པས་དམངས་འཚོར་ཕན། གསོ་སྤེལ་ཕྱོགས་ཀྱི་དཀའ་གནད་རྙིང་བ་སེལ། མང་ཚོགས་ཀྱི་གསོ་སྤེལ་དགོས་མཁོ་རྩ་བའི་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ5ཡི་གསོ་སྤེལ་འཕེལ་རྒྱས་ཀྱི་གཟེར་མིག་ལ་གཞིགས་ནས། ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གི་ཚད་ལྡན་ཅན་གྱི་རྒྱུད་བཟང་ཕྱུགས་ར་ནས་སྤུས་ལེགས་བུ་ཧ75ནང་འདྲེན་བྱས་ཤིང་། ཐེངས་འདིར་ནང་འདྲེན་བྱས་པའི་བུ་ཧའི་གཟུགས་གཞི་བདེ་ཐང་ཡིན་ལ་རྒྱུད་འཛིན་གྱི་ངོ་བོ་དང་གཟུགས་དབྱིབས་བརྟན་པོ་ཡིན་པ། ཆེད་ལས་སྡེ་ཁག་གིས་རིམས་འགོག་ཚད་ལེན་བྱས་ཏེ། མགོ་ཁུངས་ནས་རིམས་ནད་ཀྱི་ཉེན་ཁ་འགོག་སྲུང་བྱས་པས། རྐང་ཚ་རྫོང་གི་གནའ་དེང་མའི་ནོར་གནག་གི་རྒྱུད་ཆད་པ་དང་སྐྱེ་འཕེལ་གྱི་ཚད་དམའ་བ། ཤ་དང་འོ་མའི་སྤུས་ཀ་ཞན་པ་སོགས་ཀྱི་དཀའ་གནད་སེལ་བར་མ་ཟད།  རོང་འབྲོག་པའི་ནོར་གནག་རྒྱུད་གྲུབ་ཚུལ་ཇེ་ལེགས་སུ་བཏང་། གསོ་སྤེལ་གྱི་ཕན་འབྲས་ཆེ་རུ་གཏོང་བར་སྲོག་ཤིང་གི་འདེགས་སྐྱོར་མཁོ་འདོན་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ5ཡི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ཁྱིམ་ཚང67གྱི་ནོར་རྒྱུད་ཇེ་ལེགས་སུ་བསྒྱུར་བའི་ཐད་ཀྱི་དགོས་མཁོ་བསྐང་།

དྲང་གཞག་བགོ་བཤས་ཁེ་དབང་འགན་ལེན་དང་། འབྲོག་པར་རྩིས་སྤྲོད་རྩིས་ལེན་ཞིབ་ཚགས་བྱས། དྲང་བདེན་དྲང་གཞག་དང་ཡོངས་བསྒྲགས་བཅས་ཀྱི་རྩ་དོན་ནན་སྲུང་བྱས་ནས། བགོ་བཤའ་རྒྱག་སྐབས་རྒྱན་ལེན་པའི་ཐབས་ལ་བརྟེན་ནས་བུ་ཧ་སུ་ལ་དབང་བ་གཏན་འཁེལ་བྱས་པ་དང་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཡིན། གསོ་སྤེལ་ཁྱིམ་ཚང་གི་འཐུས་མི་གདན་དྲངས་ནས་ཡུལ་དངོས་སུ་ལྟ་སྐུལ་བྱས་ཏེ་མིས་ཐེ་ཇུས་བྱ་རྒྱུ་གཏན་འགོག་བྱས་ཏེ། གཞི་ཁྱོན་ལྡན་པའི་གསོ་སྤེལ་ཁྱིམ་ཚང67གྱི་ཁེ་དབང་ལ་སྲུང་སྐྱོང་བྱས། རྩིས་སྤྲོད་རྩིས་ལེན་གྱི་སྐབས་སུ་ཡུལ་དངོས་ནས་གོ་རིམ་ལྡན་པ་དང་ལས་སྒྲུབ་མི་སྣས་ལས་བགོས་མཉམ་སྒྲུབ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་དམིགས་ས་ཚོད་འཛིན་གྱི་བླང་བྱ་ལྟར་རྣ་རྟགས་རེ་རེ་བཞིན་ཞིབ་བསྡུར་དང་གསོ་སྤེལ་ཁྱིམ་ཚང་གི་ཆ་འཕྲིན་ཐོ་འགོད། “བུ་ཧ་གཅིག་ལ་ཡིག་ཚགས་གཅིག”དོན་འཁྱོལ་བྱས་ལ། གསོ་སྤེལ་ཁྱིམ་ཚང་དང་བུ་ཧ་གཉིས་མཉམ་པར་བླངས་ནས་ཡིག་ཚགས་སུ་བཞག་སྟེ་གཏོང་འདྲེན་ནས་གསོ་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པར་བྱས་པས། བུ་ཧའི་འབྱུང་ཁུངས་ལ་འགན་ལེན་བྱས་པ་དང་རོང་འབྲོག་མང་ཚོགས་ཀྱིས་གསོ་སྤེལ་ཕྱོགས་ནས་ཡིད་བདེ་བ། གཉེར་སྐྱོང་ཕྱོགས་ནས་སེམས་བདེ་བར་བྱས་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ།

ཟབ་སྒྱུར་རྣམ་པའི་སྦྲེལ་ཐག་རིང་དུ་བཏང་། རྒྱུད་བཟང་བུ་ཧས་འབྲོག་པའི་ཡོང་སྒོ་འཕར། ཐེངས་འདིའི་རྒྱུད་བཟང་བུ་ཧ་གཏོང་སྤྲོད་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ནོར་གནག་གསོ་སྤེལ་གྱི་ཐོན་སྐྱེད་ནུས་པ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བར་མ་ཟད། རོང་འབྲོག་པའི་གསོ་སྤེལ་གྱི་ཧུར་བརྩོན་རང་བཞིན་གོང་འཕེལ་བཏང་། གསོ་སྤེལ་ལས་རིགས་ཚད་ལྡན་ཅན་དང་སྤུས་ལེགས་ཅན། གཞི་ཁྱོན་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས་ནས་རོང་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུ་དེ་རྒྱུད་བཟང་གཏོང་འདྲེན་དང་རགས་ལས་ཡོད། “སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་། གསོ་སྤེལ་ཁྱིམ་ཚང”གི་འཕེལ་རྒྱས་རྣམ་པ་མུ་མཐུད་དུ་ཟབ་སྒྱུར་བྱས་ཏེ། ཕྱུགས་ཟོག་ཉོ་ཚོང་བསྡུ་འགྲེམ་ལྟེ་གནས་དང་འཁྱགས་སྦྲེལ་མཛོད་ཉར་རྟེན་གཞི་འཛུགས་སྐྲུན་སྦྲེལ་མཐུད་བྱས་ནས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་སྦྲེལ་ཐག་རིང་དུ་གཏོང་བ།“རྐང་ཚ་མཚོ་སྔོན་པོ་ནོར་གནག་དང་འབྲོག་ལུག”ཟོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་དུ་ཇེ་ཆེར་འགྲོ་བར་རོགས་རམ་བྱས་པས།“མཚོ་སྔོན་གྱི་ཚོང་ཟོག་ཕྱི་རྒྱལ་དུ་བསྐྱོད་པའི”ཐབས་ལམ་རྒྱ་བསྐྱེད་ཡོད།



མཉམ་སྤྱོད།