དེ་རིང་ནི2026ལོའི་ཟླ04པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་སྤྱི་བའི་ལས་ཞུགས་ཞབས་ཞུའི་དུས་ཚིགས་དང་པོའི་མགོ་ཡག་པོ་བརྩམས་ཏེ་ལྟེ་བའི་དམིགས་ཚད་ལེགས་འགྲུབ་བྱུང་ཚད་བཅུ་ཆའི་བཞི་ལས་བརྒལ།

2026-04-08 09:12:39   |   37

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་སྟེ། རྐང་ཚ་རྫོང་གིས་ལས་ཞུགས་དམིགས་བསལ་གྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་རོགས་སྐྱོར་སོགས་ཆེད་དོན་ཞབས་ཞུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དགོས་མཁོ་གནད་སྨིན་སྦྲེལ་མཐུད་བྱས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་ཀྱི“ལོ་གསུམ་འགུལ་སྐྱོད”རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དུས་ཚིགས་དང་པོའི་ལས་ཞུགས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་ལྷིང་རྒྱུན་འཁྱོངས་བྱས།

དུས་ཚིགས་དང་པོར་རྫོང་ཡོངས་ཀྱི་ལས་ཞུགས་ལྟེ་བའི་དམིགས་ཚད་ལེགས་འགྲུབ་བྱུང་ཚད་བཞི་ཆ་ལས་བརྒལ་བ་སྟེ། མཁར་གྲོང་དང་གྲོང་རྡལ་དུ་ལས་ཞུགས་བྱེད་མཁན177གསར་དུ་འཕར་ནས་ལོ་འཁོར་གྱི་དམིགས་ཚད45.38%ལེགས་འགྲུབ་བྱུང་བ་དང་། མཁར་གྲོང་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ43ཡང་བསྐྱར་ལས་ཞུགས་བྱེད་ཚད47.78%%ལེགས་འགྲུབ་བྱུང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ9ལས་ཞུགས་བྱེད་ཚད45%ལེགས་འགྲུབ་བྱུང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས1660ཡོད་པ་དང་། 41.5%ལེགས་འགྲུབ་བྱུང་བ་དང་། མཁར་གྲོང་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཤོར་ཚད1.7%ནང་ཚོད་འཛིན་བྱས། ལས་ཞུགས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། མཐའ་སྐྱོང་རོགས་སྐྱོར་དུས་གཅིག་ཏུ་ཤུགས་སྣོན་པ་བཅས་བྱས་ཏེ། དམངས་ཚིས་འགན་སྲུང་གི་རྨང་གཞི་རྒྱུན་མཐུད་དང་བརྟན་པོ་ཡོང་བར་བྱས།

མ་འོངས་བར། རྐང་ཚ་རྫོང་གིས“བརྟན་ལྷིང་གཙོར་འཛིན་དང་བརྟན་ཐོག་ཡར་འཕེལ། ཕྱོགས་ཡོངས་ལེགས་འགྱུར”བཅས་ཀྱི་སྤྱིའི་རྩ་བའི་དགོངས་དོན་ལ་དམ་པོར་དམིགས་པ་དང་། སྤྱི་པའི་ལས་ཞུགས་ཞབས་ཞུའི“12+N”བྱེད་སྒོ་དམ་འཛིན་བྱས་ཏེ། མཚོ་སྔོན་གྱིeལས་ཞུགས་སྟེགས་བུ་ལ་བརྟེན་ནས་ནུས་བ་ཆེ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ། དམིགས་ཚད་ལས་འགན་འགག་སྒྲོལ་དང་། ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་སེལ་བ། ལས་གནས་བརྟན་དུ་གཏོང་བ། གཙོ་གནད་ཚོགས་སྤྱིར་རོགས་སྐྱོར། རྩལ་ནུས་གསོ་སྦྱོང་མཐོར་གཏོང་། ཞབས་ཞུ་ལེགས་གཏོང་རིམ་སྤོར་བཅས་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ལས་ཞུགས་ཀྱི་སྤྱི་འབོར་རྒྱ་ཆེར་གཏོང་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ནན་ཏན་སྒོས་དམངས་ཚིས་གཞི་རྩའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་ལས་ཞུགས་འགན་སྲུང་བརྟན་པོར་གཏོང་རྒྱུ་རེད།



མཉམ་སྤྱོད།