དེ་རིང་ནི2026ལོའི་ཟླ04པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཡུ་དཀར་འོམ་ལུང་ཡུལ་ཚོས་ཡིག་ཆའི་ནང་གི“ཕྱུག་འགྱུར་སློབ་ཁྲིད”དེ་རྩྭ་ཐང་སྟེང་གི“བདེ་སྐྱིད་དབྱངས་སྙན”ལ་བསྒྱུར།

2026-04-09 09:57:27   |   43

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


“འབྲོག་པ་མང་ཚོགས་ཀྱིས་ཀྲུང་དབྱང་ཡིག་ཆ་དང་པོ་སླེབས་སོང་། འདི་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་བསྐྱལ་ཡོང་བའི་དམངས་ཕན་སྲིད་ཇུས་ཡིན་ལ། ཚིག་ངོས་རེ་རེ་ན་ང་ཚོའི་ཕྱུག་འགྱུར་གྱི་སྣེ་ཁྲིད་དང་བདེ་སྡོད་ལས་བརྩོན་སོགས་གཅིག་ཀྱང་མ་ལུས་པ་ཡོད།”ཉེ་ལམ། གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་ཞོལ་མ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་ཀྲུང་དབྱང་ཡིག་ཆ་དང་པོ་སྒྲོག་འགྲེལ་གྱི་བྱ་འགུལ་ཞིག་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད། ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་དཔོན་ལྷ་མཁར་བྱམས་ཀྱིས་སྣེ་ཁྲིད་དེ་བྱ་འགུལ་ཁང་ནས་འབྲོག་པ་མང་ཚོགས་ལ་སྲིད་ཇུས་གསལ་འགྲེལ་དང་དོགས་སེལ་ལན་འདེབས་བྱེད་མུས་ཡོད་པས། སྒྲོག་འགྲེལ་གྱི་གདངས་ཆ་དེ་རྩྭ་ཐང་གི་ཕྱོགས་དང་ཕྱོགས་སུ་ཁྱབ་ལ། སྲིད་ཇུས་ཀྱི་དྲོད་རླབས་དེ་འབྲོག་པ་མང་ཚོགས་རེ་རེའི་སེམས་ངོས་སུ་སིམ་ཡོད།

1.png

དཔྱིད་མགོའི་རྐང་ཚ་རུ་ཁ་བ་ལྷབ་ལྷུབ་དུ་སྐྱོམ་བཞིན་ཡོད། གཡུ་དཀར་འོམ་ལུང་ཡུལ་ཚོས་དཔྱིད་དུས་ཀྱི་འབྲོག་པའི་ཐོན་སྐྱེད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། སྒྲོག་འགྲེལ་ཀྱི་བྱེད་ཐབས་དུས་ལྟར་འགྱུར་བ་བཏང་སྟེ་སྒྲོག་འགྲེལ་ཚོ་ཆུང་སྡེ་བ་སོ་སོའི་བྱ་འགུལ་ཁང་དུ་སོང་ནས་གཅིག་སྡུད་ཀྱིས་སྒྲོག་འགྲེལ་བྱས་པས། སྒྲོག་འགྲེལ་ལ་གྲུབ་འབྲས་ཐོབ་པ་དང་འབྲོག་པ་མང་ཚོགས་ལ་དྲོད་ཁོལ་འཛོམས་པའི་སློབ་སྦྱོང་གི་ཁོར་ཡུག་ཞིག་བསྐྲུན། རྒྱ་ཆེའི་འབྲོག་པ་ཚོས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་གི་སྲིད་ཇུས་བཟང་པོ་དངོས་སུ་ཤེས་ཐུབ་པ་དང་ཁོང་དུ་ཆུད་པ་བྱ་ཆེད། ཡུལ་ཚོ་ཏང་ཨུས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ལས་ཁུངས་ཀྱི་ལས་བྱེད་པ་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག ཏང་ཡོན་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ་ཡིག་ཆ་སྒྲོག་འགྲེལ་དང་ཕྱི་ཚུལ་རིང་ལུགས་མི་སྤེལ་བར་ཐོག་མཐའ་བར་གསུམ་དུ་འབྲོག་པའི་དགོས་མཁོ་དངོས་ལ་དམིགས་ནས་གོ་བདེ་ཤེས་སླའི་སྒོ་ནས་སྲིད་ཇུས་གཞི་རྩ་སྒྲོག་འགྲེལ་བྱས་ཤིང་། ཉེ་འགྲམ་གྱི་གསོན་ཉམས་དོད་པའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་གཞི་གསལ་འགྲེལ་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་དེ་མི་སེམས་ལ་སིམ་ཐུབ་ཡོད།

2.png

སྒྲོག་འགྲེལ་ཡུལ་དངོས་སུ། སྒྲོག་འགྲེལ་རུ་ཁག་གིས་འབྲོག་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་དང་ཡུལ་གྲོང་འཛུགས་སྐྲུན། དམངས་ཚིས་འགན་ལེན་སོགས་དོན་དངོས་ཀྱི་བྱ་བ་དང་སྦྲེལ་ནས། ཀྲུང་དབྱང་གི་ཡིག་ཆ་དང་པོའི་རྩ་གནད་ཀྱི་ནང་དོན་དང་གཞིགས་ནས་སྒྲོག་འགྲེལ་བྱས་ཤིང་། “ཡིག་ཆའི་ཁྲོད་བསྟན་དོན། འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་འབྲོག་ཁུལ་གྱི་ཁྱད་ལྡན་གསོ་སྤེལ་ཐོན་ལས་ལ་རོགས་སྐྱོར་བྱས་ཏེ་ཞིང་ཕན་སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པ་དེ་ནི་ང་ཚོས་ནོར་ལུག་གསོ་སྤེལ་ལ་བརྟེན་ནས་ཡོང་འབབ་འཚོལ་བཞིན་པའི་འབྲོག་དམངས་ཀྱི་ངོས་ནས་བརྗོད་ན་འཕེལ་རྒྱས་ཀྱི་གོ་སྐབས་དང་ཡོང་འབབ་བཙལ་བའི་ཐབས་ལམ་ངོ་མ་ཞིག་རེད།” སྒྲོག་འགྲེལ་ཁྲོད་ཇོ་སྐོར་ཞོལ་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བརྟན་རྡོ་རྗེ་ཡིས་ལག་ལ་ཡིག་ཆ་བཟུང་ནས། ཕྱོགས་གཅིག་ནས་གོ་རིམ་ལྡན་པའི་སྒོ་ནས་ཡིག་ཆའི་རྩ་གནད་དང་ཕྱོགས་གཅིག་ནས་ཐོན་ལས་རོགས་སྐྱོར་དང་ཕྱུགས་ལས་ཁ་གསབ། སྐྱེ་ཁམས་སྲུང་སྐྱོང་སོགས་ཞིབ་ཕྲའི་བྱ་ཐབས་དང་ཟུང་འབྲེལ་བྱས་ཏེ་ཡུལ་དངོས་སུ་ཡོད་པའི་འབྲོག་པར“ཡོང་འབབ་ཀྱི་རྩིས་ཐོ”དང“དམངས་འཚོའི་རྩིས་ཐོ”ཞིབ་ཕྲའི་ངང་རྩིས་རྒྱབ་པ་དང་ཆབས་ཅིག་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་སྤྱི་ཚོགས་འགན་སྲུང་། རྒན་གསོ་སྨན་བཅོས། རྩྭ་ཕྱུགས་དོ་སྙོམས། འོས་འགན་སློབ་གསོ། ཁང་སའི་ཞིབ་མཆན་འགོད་པ་སོགས་འབྲོག་པའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད། ཡིག་ཆའི་ནང་གི“སྲིད་ཇུས་ཀྱི་ཡང་སྙིང”རེ་རེ་བཞིན་གདམ་གསེས་དང་འགྲེལ་བཤད་ཞིབ་ཚགས་བྱས་ཏེ་གོ་དཀའ་བའི་སྲིད་ཇུས་ཀྱི་དོན་ཚན་ཁ་གསལ་སྨྲ་བདེ་བའི་ལམ་ནས་འགྲེལ་བཤད་ཡག་པོ་བྱས་སོང་།

3.png

“སྔོན་ཆད་སྲིད་ཇུས་ཀྱི་ཡིག་ཆར་ལྟ་སྐབས། ཡིག་ཚོགས་མང་དྲག་པའི་གོ་དཀའ་བ་དང་ད་ལྟ་ཡུལ་ཚོའི་ལས་བྱེད་པ་ཏང་ཡོན་བྱ་འགུལ་ཁང་དུ་ཡོང་ནས་ང་ཚོར་གོ་སླ་བའི་ངང་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་སྐད་ཆ་ཚང་མ་ཁ་གསལ་སྨྲ་དག་ཡིན་པས་ཡིག་ཆའི་ནང་དོན་གསལ་བོ་ཞིག་གོ་སོང”ཞེས་ཏང་ཡོན་རྒན་པ་རིན་ཆེན་གྱིས་ཟིན་ཐོར་བཀོད་བཞིན་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད། ཁོང་གིས་ཚོར་སྣང་ཟབ་མོའི་སྒོ་ནས་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱིས་སྲིད་ཇུས་ཤེས་དགོས་པར་མ་ཟད་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་ཞིག་བྱས་ཏེ། ཀྲུང་དབྱང་གི་སྲིད་ཇུས་བཟང་པོ་དེ་ཁྱིམ་མཚེས་ཡུལ་མི་ཚང་མར་བརྒྱུད་བསྒྲགས་བྱས་ནས་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་བྱ་རྒྱུའི་སྣེ་ཁྲིད་པ་དང་ཚང་མའི་སྣེ་ཁྲིད་དེ་མཉམ་དུ་སྲིད་ཇུས་ཀྱི་རྗེས་སུ་འབྲངས་ནས་འཕེལ་རྒྱས་དོན་གཉེར་བྱེད་དགོས་ཞེས་བཤད། ཡུལ་དངོས་ཀྱི་འབྲོག་པ་མང་ཚོགས་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་དུ་དྲི་བ་བཏོན་པ་དང་སྒྲོག་འགྲེལ་མི་སྣས་ངང་རྒྱུད་རིང་ལ་ཞིབ་ཚགས་ལྡན་པའི་སྒོ་ནས་རེ་རེ་བཞིན་ལན་བརྒྱབ་པས་ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་འཁོལ་ལ་འཆམ་མཐུན་ལྡན་པ་ཞིག་རེད།

“ཐེངས་འདིའི་སྒྲོག་འགྲེལ་ལ་ཉན་རྗེས། ང་ཚོས་ད་ལོའི་ཐོན་སྐྱེད་དང་འཚོ་བར་ཁ་ཕྱོགས་ཡོད་ལ་ཡིད་ཆེས་དེ་བས་ཀྱང་ཡོད། ཏང་དང་སྲིད་གཞུང་གི་སྲིད་ཇུས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་འབྲོག་པར་བསམ་བློ་གཏོང་གི་ཡོད་པས་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བ་སྨོས་མ་དགོས”ཞེས་བཤད། ཡུལ་དངོས་སུ་ཡོད་པའི་འབྲོག་པ་མང་ཚོགས་ཚོས་ཐེངས་འདིའི་སྒྲོག་འགྲེལ་གོ་སླ་ཞིང་ཡིད་ལ་འཛིན་བདེ་བ། སྲིད་ཇུས་ཀྱི་ནང་དོན་གསལ་བོ་བཤད་པས་སེམས་ལ་སིམ་ཐུབ་ལ། ཚང་མས་སྲིད་ཇུས་ཀྱི་ཁེ་སྤོགས་བློ་ལ་བརྟན་པོར་བཟུང་ནས་སྲིད་ཇུས་ཀྱི་སྙིང་སྟོབས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད།

མཉམ་འགུལ་མཉམ་སྒྲོག་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་དགོས། སྒྲོག་འགྲེལ་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཉམས་སྣང་གིས་ཁེངས་ཡོད། འབྲོག་པ་མང་ཚོགས་ཀྱིས་ཁྱད་ལྡན་གསོ་སྤེལ་དང་ཕྱུགས་རིགས་རིམས་འགོག སྐྱེ་ཁམས་སྲུང་སྐྱོང་སོགས་རང་ཉིད་ཀྱི་ཁེ་ཕན་ལ་འབྲེལ་བའི་གནད་དོན་གྱི་ཕྱོགས་ནས་གཏམ་བཤད་དང་བགྲོ་གླེང་བྱས། སྒྲོག་འགྲེལ་པས་ཡུལ་ཚོའི་མངའ་ཁོངས་ཀྱི་འཕེལ་རྒྱས་འཆར་འགོད་དང་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས་དོགས་གཞི་རེ་རེ་བཞིན་སེལ་ཏེ་འབྲོག་པའི་སྲིད་ཇུས་ཀྱི་མི་ཤེས་ས་མ་གོ་སར་སྣེ་ཁྲིད་ཡག་པོ་བྱས། ཚང་མས་ཐེངས་འདིའི་སྒྲོག་འགྲེལ་དེ་ཁ་གསལ་སྨྲ་དག་ཡིན་པ་དང་གོ་བདེ་འཁྱེར་ཡང་ཡིན་པས། ང་ཚོར་ལོ་འདིའི་ཐོན་སྐྱེད་འཚོ་བར་ཁ་ཕྱོགས་གསལ་པོ་བསྟན་པས་སེམས་ཤུགས་སྔར་ལས་ཆེ་རུ་སོང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད།

སྒེའུ་ཁུང་ཕྱི་རོལ་གྱི་རྩྭ་ཐང་ཁ་བས་གཡོགས་པས་ལྷིང་ཞིང་འཇགས། ཏང་ཡོན་བྱ་འགུལ་ཁང་གི་ནང་དུ་དྲོད་ཁོལ་གྱིས་ཁེངས་ཤིང་། ཐོག་མའི་སེམས་འདུན་དང་རེ་བས་ཁེངས་ཡོད། སྲིད་ཇུས་ཀྱི་དྲོད་རྒྱུན་གྱིས་མཚོ་ངོགས་བོད་མཁར་གྱི་དཔྱིད་མགོའི་གྲང་ངར་མཐར་སྐྲོད་བཏང་ནས་འབྲོག་པའི་སེམས་ནང་དུ་མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་པའི་མེ་སོན་འབར་དུ་བཅུག་ཡོད། ཡོང་འབབ་ལ་དམིགས་པའི་སྲིད་ཇུས་དང་བྱ་ཐབས་རེ་རེ་ཡིས་རྩྭ་ཐང་དང་འབྲོག་ཁུལ་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ། རེས་སྐོར་གཅིག་གི་སྲིད་ཇུས་སྒྲོག་འགྲེལ་གྱིས་དམངས་ཕན་སྲིད་ཇུས་འབྲོག་ཁྱིམ་དང་ཡུལ་དངོས་དང་པོར་ཁྱབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། དངོས་སྒྲུབ་ནུས་ལྡན་གྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་རྒྱུན་ཆད་མེད་པར་དཔྱིད་རླུང་ལྡང་བ་དང་བསྟུན་ནས་སྦྲ་གུར་རེ་དང་རྩྭ་ར་རེར་ཁྱབ་སྟེ་འབྲོག་ཁུལ་དར་རྒྱས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས། འཚོ་བ་ནི་འབད་འཐབ་ཁྲོད་རོལ་དགོས་ལ། ཕུགས་འདུན་ནི་དངོས་སྒྲུབ་ཁྲོད་གྲུབ་འབྲས་ཐོབ་སྲིད་པས། རྩྭ་ཐང་གི་རླུང་བུའི་ཁྲོད་བདེ་སྐྱིད་ཀྱི་ལམ་བུ་སྙེགས་ནས་འགྲོ།



མཉམ་སྤྱོད།