དེ་རིང་ནི2026ལོའི་ཟླ04པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས་ཀྲུང་དབྱང་གི་ཡིག་ཆ་དང་པོ་གཞིར་བྱས་ཏེ་དམངས་ཕན་ལས་དོན་ཡག་པོ་སྒྲུབ།

2026-04-10 11:15:01   |   37

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་རྐང་ཚས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་དང་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་ཟུང་འབྲེལ་དམ་ཟབ་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་རིམ་པ་ཁག་གི་མགོ་ཁྲིད་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དམངས་ཀྱི་སེམས་གཏམ་ལ་ཉན་པ་དང་དཀའ་ཁག་སེལ་བ། དོན་དངོས་སྒྲུབ་པ་སོགས་བྱས་པ་དང་། སྲིད་ཇུས་ཀྱི་ཁེ་ཕན་མང་ཚོགས་ཀྱི་སེམས་ངོགས་སུ་བསྐྱལ་ནས་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་དྲོད་ཀྱིས་ཁེངས་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་ལས་དོན་དེ་མང་ཚོགས་ཀྱི་དགོས་མཁོ་ཆེ་སར་སྒྲུབ།

རྐང་ཚ་རྫོང་གིས་སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱས་ཤིང་། ཤེས་སྦྱོར་གཅིག་མཐུན་བཅས་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ཀྱི་དོན་དུ་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་བྱེད་པའི་ཕན་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། སྣེ་ཁྲིད་དང་ཇུས་འགོད། རྨང་གཞི་འདིང་བ་སྟེ་ཞབས་ཞུའི་བྱེད་ཐབས་ཁག3སྣེ་ཁྲིད་དུ་བྱས་ནས་གཞི་རིམ་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས།  དམངས་ཚིས་འགན་ལེན། སྤྱོད་ཚུལ་འཛུགས་སྐྱོང་སོགས་གཙོ་གནད་ལས་དོན་ཁག4དང་མཉམ་འདྲེས་གཏིང་ཟབ་བྱས་ཡོད།

རྐང་ཚ་རྫོང་ཡོངས་ཀྱིས་སྟོབས་ཤུགས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི། མཉམ་འབྲེལ་རོགས་སྐྱོར་སྡེ་ཁག་གི་ལས་བྱེད་བཅས་མི་སྣ163ལེགས་འདེམས་བྱས་ནས་རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སྲིད་ཇུས་སྒྲོག་འགྲེལ་རུ་ཁག31བཙུགས་ཏེ་གྲོང་རྡལ་དང་ཡུལ་ཚོ། སྡེ་བ་དང་རུ་ཁག འབྲོག་ཁྱིམ་བཅས་སུ་སོང་།

རྐང་ཚ་རྫོང་གིས་མང་ཚོགས་ཀྱི་མིག་མདུན་དུ་ལྷག་པའི་བྲེལ་མྱུར་གྱི་དཀའ་ཁག་དང་རེ་སྒུག་ལ་དམིགས་ནས་དམངས་ཕན་གྱི་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུ་སྲོག་ཤིང་དུ་བཟུང་ནས་སྲིད་ཇུས་ཀྱི་ཁེ་ཕན་དེ་ཚོར་ཐུབ་པ་དང་དམངས་འཚོའི་བདེ་སྐྱིད་ལ་བསྒྱུར་ཡོད། “ཅོག་ཙེ་བསྐོར་ནས་ཁ་བརྡ་བྱེད་པ་དང་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་ལ་ཁྱབ་པའི”རྣམ་པའི་ཁྲོད་ནས་རྒྱུན་ལྡན་གྱི་ཁ་བརྡ་དང་འཕེལ་རྒྱས་གླེང་བ། སྲིད་ཇུས་དྲིལ་སྒྲོག་བྱས་པས་མང་ཚོགས་ཀྱིས་དྲོད་ཁོལ་ཚོར་ཐུབ་པར་མ་ཟད། དེ་སྔའི“ཚོགས་འདུ་འཚོགས་དཀའ་བ་དང་ཚོགས་ཞུགས་པ་ཉུང་བ། ཕན་འབྲས་ཞན་པ”བཅས་ཀྱི་སྒྲོག་འགྲེལ་བྱེད་པའི་དཀའ་གནད་སེལ་ཐུབ་བ་དང་། “མང་ཚོགས་མཉམ་དུ་འཛོམས་པ་དང་སྲིད་ཇུས་གོ་ཐུབ་པ།  དོན་འཁྱོལ་བྱེད་པར་གཞི་འཛིན་བྱེད་ས་ཡོད་པ”བཅས་མངོན་འགྱུར་བྱུང་།

རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ“དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་འབྲས་ཆེས་ཆེ་ཤོས་ཡིན་པའི”ངེས་ཤེས་བརྟན་སྲུང་བྱས་ཏེ། གཙོ་གནད་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་སྐུལ་སྒྲུབ་དོན་འཁྱོལ་བྱ་རྒྱུ་དཀྱིལ་སྙིང་དུ་བཟུང་སྟེ་དམངས་འཚོའི་རྩིས་ཐོ་བསྐྲུན། “རྩིས་ཐོ་བཟོ་བ་དང་རྩིས་ཐོ་རྗེས་འདེད་བྱེད་པ། རྩིས་ཐོ་མེད་པར་བཟོ་བའི”འཁོར་སྐྱོད་མ་ལག་གསར་གཏོད་བྱས་ནས། “གློག་སྒྲོན་གསུམ”(གློག་དམར་ཉེན་བརྡ་དང་གློག་སེར་དྲན་སྐུལ། གློག་ལྗང་མཇུག་སྒྲིལ)གྱི་འགུལ་རྣམ་ཉེན་བརྡ་དང“ལྟ་སྐུལ་དང་རོགས་སྒྲུབ་ཟུང་འབྲེལ”གྱི་རྣམ་པ་ཁྱབ་གདལ་བཏང་ནས“གཞན་དབང་སྐུལ་སྒྲུབ”དེ“རང་འགུལ་མངགས་གཏོང”དུ་བསྒྱུར་ཏེ་འགན་འཁྲི་དང་སྦྲེལ་ཚིགས།     ཚད་གཞི་བཅས་ཁ་ཇེ་གསལ་དུ་བཏང་ནས་རིམ་པ་སོ་སོའི་འགན་འཁྲི་ཇེ་བརྟན་དུ་བཏང་ནས་དམངས་འཚོའི་དོན་དངོས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱས།

“ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱིས་དམངས་སེམས་ལ་དྲོད་ཀྱིས་ཁེངས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས་ལས་ཞུགས་སྦྲེལ་མཐུད་ཀྱི་སྟེགས་བུ་བསྐྲུན་པ་དང་། ཡིག་ཆ་དང་པོའི་སྲིད་ཇུས་བློ་འདྲི་བྱེད་ས་བཙུགས་ཏེ་སྤུས་ལེགས་ཁེ་ལས26བྱེད་སྒོར་ཞུགས་ཤིང་། མངའ་ཁོངས་ཀྱི་ལས་ཞུགས་ལས་གནས900ལྷག་མཁོ་འདོན་བྱས། ཏང་འཛུགས་སྐྱོང་གིས་གཞིས་ལས་ལ་སྣེ་ཁྲིད་བྱས་ཏེ“བྱང་བུ་གཅིག་དང་སྦྲེལ་མཐུད་གཉིས། རོགས་སྐྱོར་གསུམ། རུ་ཁག་བཞི། ཞབས་ཞུ་ལྔ། ཟིན་ཐོ་དྲུག”གི་ལས་དོན་བཅའ་ཁྲིམས་གསར་གཏོད་དང་ཁྱབ་གདལ་དུ་བཏང་ནས་ཡིག་ཆ་དང་པོའི་བཀོད་སྒྲིག་དེ་གཞི་རིམ་བཅོས་སྐྱོང་ཕྲན་བུ་དང་ཞབས་ཞུ་ཕྲན་བུའི་ནང་མཉམ་འདྲེས་ཐུབ་པར་བྱས། མང་ཚོགས་ཀྱི་གནས་སྡོད་ཀྱི་དཀའ་གནད་ལ་དམིགས་ནས་རྒྱུན་དུ་སྒྲིག་བཀོད་ལ་ཞིབ་བཤེར་དང་ཞིག་གསོ་བྱས་པར་མ་ཟད། ཁོར་ཡུག་ལ་གཙང་སྦྲ་བྱེད་པ། གཞིས་ལས་བརྒྱུད་ནས་བདེ་སྡུག་ཞུ་བའི་ཐབས་ལམ་ཤར་བགྲོད་ཐུབ་པ་དང་། དམངས་ཕན་ཚབ་སྒྲུབ་དང་འགལ་བ་འདུམ་འགྲིག་སོགས་རང་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། དམངས་ཚིས་ལས་དོན་དེ“གཟུགས་ཡོད”ནས“ནུས་ལྡན”དང“ལས་འགན་ལེགས་འགྲུབ”ནས“མང་ཚོགས་ཡིད་ཚིམ་པའི”ཕྱོགས་སུ་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཡོད། 



མཉམ་སྤྱོད།