དེ་རིང་ནི2026ལོའི་ཟླ04པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱས་ནས་ཀྲུང་དབྱང་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་གྱི་ཞབས་ཞུ་བསྒྲུབས་པས་མང་ཚོགས་ཁྲི་སྟོང་མང་པོར་ཕན་པ་ཐོབ།

2026-04-15 15:27:56   |   28

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྐང་ཚ་རྫོང་གིས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པའི་སློབ་གསོ་སློབ་སྦྱོང་དེ་ཀྲུང་དབྱང་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་བསྡུས་དང་སྒྲོག་འགྲེལ་གྱི་རྣམ་པ་གསར་གཏོད། དམངས་ཚིས་ཞབས་ཞུ་དངོས་སྒྲུབ་བཅས་བྱས་ནས་རོང་འབྲོག་མང་ཚོགས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གཞི་རིམ་དུ་བསྐྱལ་ལ། ཁེ་ཕན་དོན་འཁྱོལ་ལེགས་པོ་བྱས་ནས་དམངས་ལ་ཕན་པ་དང་དམངས་སེམས་དྲོས་པ། དམངས་ཡིད་ཚིམ་པའི་ལས་དོན་གཏིང་ཟབ་དང་དངོས་འབེབས་ཡོང་ཐུབ་བྱས།

ལས་དོན་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་སྒྲོག་འགྲེལ་མ་ལག་བསྐྲུན། རྫོང་ཡོངས་ཀྱིས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི། མཉམ་འབྲེལ་རོགས་སྐྱོར་སྡེ་ཁག་གི་ལས་བྱེད་བཅས་མི་སྣ163ལེགས་འདེམས་བྱས་ནས་རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་བྱས་པའི་རུ་ཁག31བཙུགས་པ་དང་། སྡེ་བ་རེར་སྒྲོག་འགྲེལ་པ་མི5ལས་མི་ཉུང་བ་དོན་འཁྱོལ་བྱས། སྣེ་ཁྲིད་དང་ཇུས་འདོན། རྨང་གཞི་འདིང་བ་བཅས་ཀྱི་ཞབས་ཞུ་ཁག་གསུམ་ལ་རྩེ་གཅིག་ཏུ་དམིགས་ནས་གཞི་རིམ་བཅོས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དམངས་ཚིས་འགན་སྲུང་། སྤྱོད་ཚུལ་ལེགས་སྐྱོང་བཅས་གཙོ་གནད་ལས་དོན་ཆེན་པོ་བཞི་མཉམ་འདྲེས་ཀྱིས་སྐུལ་འདེད་བཏང་། རིམ་པ་ཁག་གི་ལས་བྱེད་པས་རིམ་གསུམ་མཉམ་འབྲེལ་འགན་ལེན་ལམ་སྲོལ་ལ་བརྟེན་ནས“བཅར་འདྲི་ཆེན་པོ་དང་རྟོག་དཔྱོད་ཆེན་པོ། གྲལ་བཤེར་ཆེན་པོ”བཅས་ཡོངས་སུ་ཁྱབ་པར་བྱས་ལ། འཐུང་ཆུའི་བདེ་འཇགས་དང་ལས་ཞུགས་འབབ་འཕར་སོགས་དམངས་ཚིས་གཙོ་གནད་ལ་དམིགས་ནས་རིམ་རྩིས་བྱས་ན་མང་ཚོགས་ཀྱི་རེ་ཞུ320བསྡུ་ལེན་བྱས་ཤིང་། དམངས་ཚིས་དཀའ་གནད87ཐག་གཅོད་བྱས་ཡོད། ཆེད་དོན་ལྟ་ཞིབ་ཚོགས་ཆུང5བཙུགས་ནས་ཕྱོགས་བགོས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་།

སྒྲོག་འགྲེལ་བྱེད་ཐབས་གསར་གཏོད་བྱས་ནས་སྲིད་ཇུས་ཤར་གཏོང་ཐུབ་པར་བྱས། སྒྲོག་འགྲེལ་ཚོགས་ཆུང་གིས་ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་དང་། སྐད་གཉིས་ཀྱིས་དོགས་གཞིར་ལན་འདེབས་པ། རྟར་ཞོན་ནས་སྒྲོག་འགྲེལ་བྱེད་དུ་འགྲོ་བ། སྦྲ་གུར་སློབ་ཁང་། དྲ་ལམ་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་སྟངས་སྣ་མང་སྤྱད་དེ་ནོར་ལུག་ཐོན་ལས་ཀྱི་ཁ་གསབ་དང་། རྩྭ་རའི་གཉེར་སྐྱོང་དབང་ཆ་དུས་འགྱངས་བྱེད་པ་སོགས་ཀྱི་སྲིད་ཇུས་དེ“དམངས་ཚིས་ཀུན་གསལ་བྱང་བུ”རུ་བསྒྱུར། རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས120ལྷག་ཙམ་སྤེལ་བ་དང་ཞིང་ཕན་འབྲོག་ཕན་གྱི་དཔྱད་ཡིག2500ལྷག་ཙམ་བཀྲམ་ལ། མང་ཚོགས་མི་ཐེངས5600ལྷག་ཙམ་ལ་ཁྱབ་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། དམངས་སྲིད་སོགས་སྡེ་ཚན་མཉམ་འགུལ་གྱིས་གཞི་རིམ་དུ་སྐྱོད་དེ“སྲིད་ཇུས+དམངས་ཕན་ཞབས་ཞུའི”བྱེད་སྒོ་སྤེལ་ནས་ཡུལ་དངོས་སུ་མང་ཚོགས་ལ་ལས་སྒོ་ཁག680ལྷག་ཙམ་གཉེར་རྒྱུར་མཛུབ་ཁྲིད་བྱས།

ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་སྐུལ་སློང་བྱས། ཡུལ་ཚོ་དང་གྲོང་རྡལ་སོ་སོས་ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་ཞབས་ཞུ་སྤེལ། སྐྱིད་སྨོན་ཡུལ་ཚོས“སྒྲོག་ཙེ་བསྐོར་ནས་ཁ་བརྡ་བྱེད+སྲིད་ཇུས་སྒྲོག་འགྲེལ”གྱི་བྱེད་ཐབས་གསར་གཏོད་བྱས་ནས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྒྲོག་ཙེའི་མཐའ་བསྐོར་ནས་ཁ་བརྡ་བྱེད་པ་དང་འཕེལ་རྒྱས་གླེང་བ། སྲིད་ཇུས་སྒྲོག་པ་བཅས་ཀྱི་རྣམ་པ་སྤྱད། མཚོ་འཁྱིལ་ཡུལ་ཚོས་སྲིད་ཇུས་སྒྲོག་འགྲེལ་དང་རྩལ་ནུས་གསོ་སྦྱོང་། དཔེ་མཚོན་དངོས་དང་ཟུང་འབྲེལ་བྱས་ནས། རོང་འབྲོག་པའི་འབབ་འཕར་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱས། གཡུ་དཀར་འོམ་ལུང་ཡུལ་ཚོས་མང་ཚོགས་ཀྱིས་དྲི་བ་འདོན་པ་དང་སྒྲོག་འགྲེལ་ཚོ་ཆུང་གིས་དྲིས་ལན་འདེབས་པའི་རྣམ་པ་སྤྱད་དེ་མང་ཚོགས་ཀྱི་འདོད་བློ་བསྐངས། རྐང་ཚ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས“ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱིས་དམངས་སེམས་དྲོས་པ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་སྤུས་ལེགས་ཁེ་ལས26བྱེད་སྒོར་ཞུགས་ཤིང་། མངའ་ཁོངས་ཀྱི་ལས་ཞུགས་ལས་གནས900ལྷག་མཁོ་འདོན་བྱས་ཤིང་། ཡུལ་དངོས་སུ་ལས་ཞུགས་ཀྱི་འདོད་བློ་ཡོད་པའི་མི50ལྷག་ཙམ་ལ་གན་རྒྱ་བཞག་པ་དང་སྲིད་ཇུས་བློ་འདྲི་མི་ཐེངས100ལྷག་ཙམ་ལ་སྣེ་ལེན་བྱས།

མཐའ་མཚམས་དོ་དམ་ཚོད་འཛིན་གྱི་སྤུས་ཚད་མཐོ་རུ་བཏང་ནས་དམངས་ཚིས་འགན་ལེན་གྱི་རྨང་གཞི་བརྟན་དུ་བཏང་། དམངས་ཚིས་རྩིས་ཐོ་བསྐྲུན་ཏེ“རྩིས་ཐོ་བཟོ་བ་དང་རྩིས་ཐོ་རྗེས་འདེད་བྱེད་པ། རྩིས་ཐོ་མེད་པར་བཟོ་བའི”འཁོར་སྐྱོད་མ་ལག་གསར་གཏོད་བྱས་ནས། “གློག་སྒྲོན་གསུམ”(གློག་དམར་ཉེན་བརྡ་དང་གློག་སེར་དྲན་སྐུལ། གློག་ལྗང་མཇུག་སྒྲིལ)གྱི་འགུལ་རྣམ་ཉེན་བརྡ་དང“ལྟ་སྐུལ་དང་རོགས་སྒྲུབ་ཟུང་འབྲེལ”གྱི་རྣམ་པ་ཁྱབ་གདལ་བཏང་ནས“གཞན་དབང་སྐུལ་སྒྲུབ”དེ“རང་འགུལ་མངགས་གཏོང”དུ་བསྒྱུར། 2026ལོའི་དམངས་ཚིས་ལས་དོན་ཁག15རིམ་པ་བཞིན་སྒྲུབ་པར་ཁག་ཐེག་བྱས། “བྱང་བུ་གཅིག་དང་སྦྲེལ་མཐུད་གཉིས། རོགས་སྐྱོར་གསུམ། རུ་ཁག་བཞི། ཞབས་ཞུ་ལྔ། ཟིན་ཐོ་དྲུག”གི་ལས་དོན་བཅའ་ཁྲིམས་གསར་གཏོད་བྱས་ནས། ཡིག་ཆ་དང་པོའི་བཀོད་སྒྲིག་དེ་གཞི་རིམ་བཅོས་སྐྱོང་ཕྲན་བུའི་ནང་མཉམ་འདྲེས་བྱས་ཏེ། མང་ཚོགས་ཀྱི་གནས་སྡོད་ཀྱི་དཀའ་གནད་ལ་དམིགས་ནས་རྒྱུན་དུ་སྒྲིག་བཀོད་ལ་ཞིབ་བཤེར་དང་ཞིག་གསོ་བྱས་པར་མ་ཟད། ཁོར་ཡུག་ལ་གཙང་སྦྲ་བྱས།  རིམ་རྩིས་བྱས་ན་ཁྲོན་པ986ཞིག་གསོ་བྱས་པ་དང་ཁྲོན་པའི་ཁ་ལེབ་ཆག་རོ120བརྗེས་པ་དང་། ཆུ་ཚོད24རིང་གི་འཕྲལ་སྡོམ་དང་ལེན་ལམ་སྲོལ་བཙུགས། གཞིས་ལས་བརྒྱུད་ནས་བདེ་སྡུག་ཞུ་བའི་ཐབས་ལམ་ཤར་གཏོང་ཐུབ་པ་དང་། དམངས་ཕན་ཚབ་སྒྲུབ་དང་འགལ་བ་འདུམ་འགྲིག་སོགས་རང་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། དམངས་ཚིས་ལས་དོན་དེ“གཟུགས་ཡོད”ནས“ནུས་ལྡན”དང་། “ལས་འགན་ལེགས་འགྲུབ”ནས“མང་ཚོགས་ཡིད་ཚིམ་པའི”ཕྱོགས་སུ་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་།



མཉམ་སྤྱོད།