དེ་རིང་ནི2026ལོའི་ཟླ04པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

2026-04-20 16:01:44   |   47

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ས་བབ་དང་ཐོན་ཁུངས། ཐོན་ལས་བཅས་ཀྱི་ལེགས་ཆར་གཞི་ཚུགས་ནས། གྲོང་གསེབ་དར་སྤེལ་གཏོང་བ་སྤྱིའི་འཛིན་ལུང་དུ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་རིམ་སྤོར། སྤུས་རྟགས་གསར་གཏོད། ཐོན་རྫས་ཕྱིར་གཏོང་བཅས་ལ་མཉམ་དུ་ཤུགས་རྒྱབ་ནས། ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

སྐྱེ་ཁམས་ལྟེ་བ་ཡིན་པ་གཏན་འཁེལ་བྱས་ཏེ། ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོར་བཏང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་རིམ་སྤོར་མཉམ་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྔོན་འགྲོའི་བསམ་བློས་ཞིང་ཕྱུགས་ཐོན་རྫས་ཀྱི་ལྗང་མདོག་རྨང་གཞི་བརྟན་པོར་བཏང་སྟེ།“སྐྱེ་ཁམས་མཛེས་པ”དང“ཐོན་ལས་དར་རྒྱས”གཉིས་ཕན་ཚུན་སྐུལ་འདེད་གཏོང་བ་མངོན་འགྱུར་བྱས། ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཏང་ཡོན་ཁྱིམ་ཚང་གིས་སྣེ་ཁྲིད་དེ“གཉེར་སྐྱོང་བྱེད་སྟངས་རིགས་ལྔ”(ཁྱིམ་ཚང་ཆེ་གྲས་ཀྱིས་སྐུལ་ཁྲིད་དང་ཁྱིམ་སྦྲེལ་གཉེར་སྐྱོང་། ཚབ་གཉེར་ཞབས་ཞུ། མ་རྐང་མཉམ་ལས། སྡེ་བའི་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་སྟངས)འཚོལ་ཞིབ་ཧུར་ཐག་བྱེད་པར་སྐུལ་མ་དང་། དཔེ་སྟོན་ཚོད་ལྟ་བྱེད་གནས་སྐྱེད་སྲིང་དང་གསར་སྐྲུན་བྱས་ནས་ས་ཞིང་དང་རྩྭ་ར། ཕྱུགས་ཟོག་བཅས་གཉེར་སྐྱོང་ཁྱིམ་ཚང་ཆེ་ཤོས་དང་སྐྱེ་ཁམས་འབྲོག་ར། སྐྱེ་ཁམས་མཉམ་ལས་ཁང་སོགས་ལ་ཕྱོགས་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་འབྲོག་ར43སྐྱེད་སྲིང་གཏན་འཁེལ་བྱས། ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་དཔེ་སྟོན་ས་ཚིགས31བསྐྲུན་པ་དང་ལེགས་བསྡུས་ཞིབ་གཉེར་གྱི་རྩྭ་ར་མུའུ་ཁྲི51.31ཟིན་ལ་ཕྱུགས་རིགས་མགོ་གྲངས་ཁྲི10.81ཟིན་ཡོད།

ཐོན་ལས་རིམ་སྤོར་ལ་དམིགས་ནས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་སྒུལ་ནུས་སྐུལ་སློང་བྱས། ཚན་རྩལ་ལྟེ་བའི་སྒུལ་ཤུགས་སུ་བྱས་ཏེ་ཞིང་འབྲོག་ལས་དེ་བློ་གྲོས་དང་ལས་ཕྱོད་ཆེ་བའི་ཕྱོགས་སུ་སྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱ་རྒྱུར་དམིགས་ནས“རྟགས་རྙིང”གི་ཕྱིར་ཚོང་དཀའ་གནད་སེལ་བ་དང“འདེབས་འཛུགས་དང་གསོ་སྤེལ་ལས་སྣོན་དང་བྲིན་ཚོང་གསོག་འདྲེན”གྱི་ཐོན་ལས་མ་ལག་བཙུགས། “གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ་ལག་བསྟར་བྱས་ཏེ་ནོར་གནག་དང་བོད་ལུག་གི་གཞི་ཁྱོན་ལྡན་པའི་གསོ་སྤེལ་རྟེན་གཞི35དང་ཕྱུགས་རིགས་ཉོ་ཚོང་། འཁྱག་སྦྲེལ་མཛོད་ཉར་རྟེན་གཞི་བསྐྲུན་ནས་གཞི་གཅིག་ཅན་གྱི་ཐོན་ལས་མ་ལག་བསྐྲུན། ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་ཁང་དང་ཚོང་རའི་གྲུབ་ཆ་གཙོ་བོ་མཉམ་འགུལ་བྱས་ནས། རིགས་ཆེ་གྲས3གྱི་ནོར་ལུག་གི་གཟན་ཆག་སྣ་ཁ19ཞིབ་འཇུག་གསར་སྤེལ་བྱས། ལྟེ་བའི་ལག་རྩལ་སྤོ་སྒྱུར་གྱི་ར་སྤྲོད་ཁག3ཐོབ་པ་དང་། བོད་ལུག་གི་ཤ་ཁུ་དང་ནོར་གནག་གི་འཚོ་བཅུད་ཐིད། ནས་དང་འབྲས་ཟིལ་སོགས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་སྣ་ཁ10ལྷག་ཙམ་བཏོན། ལས་སྣོན་ཁེ་ལས14“རྟགས་རྙིང”ནས“གྲུབ་རྫས”སུ་འགྱུར་བར་སྐུལ་འདེད་བཏང་བས། རྫོང་ཡོངས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་སྒྱུར་ཚད65%ལ་སླེབས་ཡོད། མ་དངུལ་སྒོར་ཁྲི1000བཏང་ནས་རིག་ནུས་འབྲོག་ལས་ཀྱི་གཞི་གྲངས་ཆེན་མོའི་སྟེགས་བུ་བསྐྲུན་པ་དང་སྦྲེལ་ཐག་གི་གཞི་གྲངས་བསྡུ་སྒྲིལ་བྱས་ཏེ་ཐོན་ལས་གཞི་གྲངས་ཅན་གྱི་གནད་སྨིན་ལྟ་སྐུལ་དོ་དམ་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་ཐོན་ལས་ཀྱི་རིན་ཐང་དུས་གཅིག་ཏུ་ཇེ་མཐོར་འགྲོ་རྒྱུར་སྐུལ་འདེད་བཏང་།

སྤུས་རྟགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱིར་གཏོང་བྱ་ཡུལ་གྱི་མིང་བྱང་འཛུགས་སྐྱོང་ལ་སྒུལ་ཤུགས་བསྩལ། སྤུས་རྟགས་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་ནས“མཚོ་སྔོན་པོའི་ནོར་གནག་དང་བོད་ལུག”གི་ལྟེ་བའི་སྤུས་རྟགས་ཇེ་བཟང་དང་ཇེ་ལེགས་སུ་བཏང་བ་དང་། རྫོང་ཡོངས་ཀྱི་རྩྭ་ཐང་མུའུ་ཁྲི895.95ལ་སྐྱེ་ལྡན་གྱི་ཁས་ལེན་དཔང་འདོན་ཐོབ་པ་དང“སྤུས་རྟགས་གསུམ་དང་ཚད་གཞི་གཅིག”གི་ཐོན་རྫས38དང་། ཐོན་རྫས5ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོབ། ཐོན་རྫས་མང་པོར་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་མཚན་སྙན་ཐོབ། མཐུན་ཚོགས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་དཔེ་མཚོན་སྤུས་རྟགས་གྲས་སུ་བདམས་ཐོན་བྱུང་ཡོད། བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས་ཁྲོམ་ར་ཚད་བརྒལ་ཡོང་བ་བྱས་ཏེ་ཞིང་ཆེན་ཕྱི་ནང་དུ་ནོར་ཤ་དང་ལུག་ཤའི་ཐད་ཚོང་ཁང21བཙུགས་པར་བྲིན་ཚོང་དངུལ་འབོར་སྒོར་ཁྲི3533ཟིན་པ་དང་། ཁེ་ལས3གྱི་ཐོན་རྫས་ཡོ་རོབ་ཏུ་ཐོག་མར་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕྱིར་གཏོང་མེད་པ་ནས་ཡོད་པར་གྱུར། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ལ་བརྟེན་ནས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་དྲ་ཐོག་རྐྱང་པའི་བྲིན་ཚོང་དངུལ་འབོར་མཐོ་ཤོས་སྒོར་ཁྲི830ལས་བརྒལ་ནས་ཞིང་འབྲོག་པའི་ཡོང་འབབ་དུས་མཚུངས་ལས6.0%འཕར་རྒྱུར་སྐུལ་ཁྲིད་བྱས།



མཉམ་སྤྱོད།