དེ་རིང་ནི2026ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོའི་བྱང་རྒྱུད་ཀྱི་དུས་བྱ་གནས་སྤོ་བྱེད་པའི་དུས་ཚིགས་ལ་སླེབས།

2026-04-22 14:40:07   |   35

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་པོའི་མཚོ་དར་ཡོངས་སུ་ཞུ་བ་དང་། མཚོ་སྔོན་པོའི་བྱང་རྒྱུད་དུ་གནས་པའི་རྐང་ཚ་རུ་དུས་བྱ་གནས་སྤོར་བའི་དུས་སྐབས་གལ་ཆེན་ཞིག་ལ་སླེབས། བྱ་རིགས་ཁྲི་ཕྲག་མཚོ་མཐའི་རླན་སར་འདུས་ནས་མཐོ་སྒང་གི་སྐྱེ་ཁམས་མཛེས་ལྗོངས་ལ་ཁྱད་ཆོས་བསྣན་འདུག

ད་ལོའི་ཟླ4པའི་ཚེས3ཉིན། མཚོ་མོའི་དར་ཁ་ཞུ་བ་དང་། ལོ་སྔོན་དང་བསྡུར་ན་ཆེས་སྔ་བས། དུས་བྱ་གནས་སྤོར་བྱེད་པའི་སྔ་བལྟས་སུ་འདྲེན་ཆོག རྐང་ཚ་ནི་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་དུས་བྱ་འཚོ་སྡོད་བྱེད་སའི་གནས་གལ་ཆེན་ཞིག་ཡིན་ལ། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལྟར་ན། ལོ་རེར་བྱ་རིགས163དང་། གྲངས་ཚད་ཁྲི20ལྷག་ཙམ་བརྒལ་བའི་བྱ་ཁྱུ་གནས་དེ་གར་འཚོ་སྡོད་བྱས་ཡོད། ངང་བ་མགོ་ཁྲ་དང་། ཉ་སྐྱར་གྱི་ཁྱུ་ཚོགས་རིམ་བཞིན་འཚོ་སྡོད་གནས་སུ་སླེབས་ཤིང་། ལོ་རེའི་ཟླ4པ་ནས་ཟླ6པའི་བར་སྐབས་འདི་ནི་བྱ་རིགས་གཅིག་སྡུད་ངང་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན་ལ། རླན་སའི་སྐྱེ་ཁམས་ཁོར་ཡུག་དེ་ནི་བྱ་རིགས་ཀྱི་ཟས་འཚོལ་ས་དང་བག་ལྷོད་ངང་འཚོ་སྡོད་བྱེད་སའི་གནས་བཟང་བོ་ཞིག་ཡིན་པ་དང་། ད་ལྟ་ནས་ཟླ5པའི་ཟླ་དཀྱིལ་བར་ནི་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་དུས་བྱའི་མཛེས་ལྗོངས་ལ་ལྟ་བའི་དུས་སྐབས་ཡག་ཤོས་ཤིག་ཡིན། ཉ་སྐྱར་གྱིས་མཚོ་ངོས་སུ་འཕུར་ལྡིང་རྩེན་པ་དང་། རླན་སར་བྱ་རིགས་མང་བོས་བློ་བདེ་བག་ཕེབས་ངང་ཟས་འཚོལ་བ།“ཉ་དང་བྱ་རིགས་མཉམ་དུ་འཚོ། ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས”པའི་རི་མོ་མཁན་གྱི་པིར་རྩེ་ལས་མངོན་པའི་སྐྱེ་ཁམས་དེ་རྐང་ཚས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྐྱོང་བྱས་པའི་དན་རྟགས་ཤིག་ཡིན།



མཉམ་སྤྱོད།