དེ་རིང་ནི2026ལོའི་ཟླ04པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་དམངས་སྲིད་ལས་དོན་གྱི་སྤུས་འདེགས་ནུས་སྐྱེད་ལ་སྐུལ་འདེད་བཏང་།

2026-04-23 15:15:14   |   52

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས“དམངས་ཚིས་འགན་སྲུང་དང་ཞབས་ཞུ་ལེགས་པོ། རྨང་གཞི་བརྟན་པོ། འཆམ་མཐུན་སྐུལ་སྤེལ”ལྟེ་བའི་ལས་འགན་དུ་བཟུང་ནས། སྤྱི་ཚོགས་རོགས་སྐྱོབ་དང་རྒན་གསོའི་ཞབས་ཞུ། གཞི་རིམ་བཅོས་སྐྱོང་། གཉིས་བཀུར་གཟིགས་སྐྱོང་སོགས་ལས་དོན་མཉམ་དུ་སྐུལ་སྤེལ་བྱས་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན།

དམངས་ཚིས་མཐའ་མཚམས་བརྟན་སྲུང་བྱས་ནས། གནད་འཁེལ་རོགས་སྐྱོབ་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། མི་དམངས་དཀྱིལ་སྙིང་དུ་བཟུང་ནས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ་ལས་འགན་གཙོ་བོར་བཟུང་ནས། “རང་འགུལ་ཤེས་རྟོགས་དང་གནད་འཁེལ་གཏན་འཁེལ། འགུལ་རྣམ་དོ་དམ། འགན་ལེན་བྱེད་དགོས་པ་འགན་ལེན་བྱེད་པའི”སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་། དམའ་སྲུང་དང་ཕོངས་ངན་འཚོ་སྐྱོང་། བབ་བསྟུན་རོགས་སྐྱོར་སོགས་ལག་བསྟར་ནན་མོ་བྱས་ཏེ། ཞིབ་བཤེར་མཆན་འགོད་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་ཤུགས་ཆེ་རུ་བཏང་། ད་ལོ་ནས་རིམ་རྩིས་བྱས་ན་ཁྱིམ་ཚང2207དང་མི་གྲངས5105ལ་རིགས་སོ་སོའི་རོགས་སྐྱོབ་མ་དངུལ་སྒོར་ཁྲི839.79སྤྲད་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕན་པ་ཐོབ་ཡོད། དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”དང་དཀའ་ངལ་ཡོད་པའི་བྱིས་པའི་འགན་ལེན་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་འགུལ་རྣམ་རྩིས་ཁྲ་བཟོས་ནས“མི་རེར་ཡིག་ཚགས་རེ”ཡི་གནད་འཁེལ་ཞབས་ཞུ་ལག་བསྟར་བྱས་ཏེ་རིམ་རྩིས་བྱས་ན་དབང་པོ་སྐྱོན་ཅན་ལ་ཁ་གསབ་སྒོར་ཁྲི30.99དང་བྱིས་པའི་རོགས་སྐྱོབ་འགན་ལེན་དངུལ་སྒོར་ཁྲི11.95སྤྲད།“བདག་སྤྲོད་གཅིག་དང་མཉམ་སྒྲུབ་གཅིག”གི་ལམ་སྲོལ་ཁྱབ་གདལ་བཏང་ནས་བརྒྱུད་རིམ་སྟབས་བདེ་དང་དུས་བཀག་ཉུང་དུ་བཏང་སྟེ“མྱུར་སྐྱོབ་དཀའ་སེལ”གྱི་རང་འགུལ་གྲལ་བཤེར་བྱས་ནས་བྲེལ་དཀའ་དང་གནས་སྐབས་འཚོ་བ་དཀའ་ངལ་འཕྲད་པའི་མང་ཚོགས་མི་ཐེངས12དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས། རྒན་པའི་ཕན་བདེའི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒན་པ2104ལ་ལོ་ན་མཐོ་བའི་ཁ་གསབ་སྒོར་ཁྲི71.47སྤྲད་པ་དང་། མ་དངུལ་སྒོར་ཁྲི3.19བཏང་ནས་དཀའ་ངལ་ཡོད་པའི་རྒན་པ1063ལ་ཐོལ་བྱུང་ཉེན་འགོག་གི་འགན་བཅོལ་ཉོས་ཏེ་དངོས་ཕན་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས།

ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་ནས། བདེ་སྐྱིད་རྒན་གསོའི་དཔེ་མཚོན་བསྐྲུན། མི་འབོར་བགྲེས་སོང་ཅན་དུ་འགྱུར་བར་ཁ་གཏད་ནས། རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་བ། རྒན་གསོའི་ཞབས་ཞུ་དེ“འགན་སྲུང་ཡོད་པ”ནས“སྤུས་ལེགས”སུ་བསྒྱུར་བར་སྐུལ་འདེད་བཏང་། རྒན་པའི་སྤྱི་ཚོགས་ཕན་བདེ་ལྟེ་གནས་ལ་མེ་ཟོན་ཞིབ་བཤེར་བྱས་ཤིང་། གཞིས་ཁུལ་ཉིན་མོའི་བདག་སྐྱོང་ལྟེ་གནས། སྡེ་བའི་རོགས་རེས་བདེ་སྐྱིད་གླིང་སོགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་ལས་གྲྭ་འཛུགས་སྐྲུན་བྱས་ཏེ། རྒན་གསོ་ཞབས་ཞུའི་མཁྲེགས་ཆས་སྒྲིག་བཀོད་ལེགས་སུ་བཏང་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་པ་དང་སྡེ་བ་རིམ་པའི་རྒན་གསོ་ཞབས་ཞུའི་ས་ཚིགས་ཕྱོགས་ཡོངས་སུ་ཁྱབ་པར་བྱས། རྒན་གསོ་སྒྲིག་གཞིའི་བདེ་འཇགས་ཐོན་སྐྱེད་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་རྒྱུན་རྣམ་ཅན་གྱི་མེ་ཟོན་དང་བཟའ་བཅའ། འཕྲོད་བསྟེན་སོགས་བདེ་འཇགས་ཀྱི་བྱུར་རྐྱེན་ལ་ཞིབ་བཤེར་བྱས་ཏེ་གནད་དོན་གྱི་རྩིས་ཁྲ་བཟོས་པ་དང་དུས་བཀག་ནང་བཅོས་སྒྲིག་གཙང་སེལ་བྱས།“གཉེན་ཉེ་དང་ཁྱིམ་མཚེས་ལ་མངགས་བཅོལ་བྱེད་པའི”དཔེ་རྣམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁ་ཐོར་དུ་སྡོད་པའི་འབྲོག་ཁུལ་གྱི་རྒན་པ496ལ་ཐག་ཉེ་སར་ལྟ་སྐྱོང་ཞབས་ཞུ་བྱས་ཏེ་སྲོལ་རྒྱུན་གྱི“རྒན་གསོ”དེ་སྤུས་ཚད་ཅན་གྱི“ལོངས་སྤྱོད”ལ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་།

གཞི་རིམ་གྱི་སྒུལ་ནུས་སྐུལ་སློང་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ཤུགས་ཡར་འཕེལ་བྱུང་། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་གཞི་རིམ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་།  སྡེ(གྲོང)དམངས་ཨུ་ཡོན་ལྷན་ཁང་གི་འཁོར་སྐྱོད་ལམ་སྲོལ་ཚད་ལྡན་དུ་བཏང་ནས་སྡེ་བའི(གཞིས་ཁུལ)རང་སྐྱོང་སྒྲིག་ཡིག་དང་སྡེ་སྲོལ་དམངས་ཆིངས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་དང་གཞི་རིམ་གྱི་དམངས་གཙོའི་གྲོས་མོལ། སྡེ་དོན་ཡོངས་བསྒྲགས་གཏིང་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་ཟབ་ཞུགས་དབང་ཆ། བསམ་ཚུལ་བཤད་དབང་། ལྟ་སྐུལ་དབང་ཆར་འགན་སྲུང་བྱས། གཉེན་སྒྲིག་དང་དུར་འཇུག ཁུལ་དབྱེའི་ས་མིང་སོགས་སྤྱི་ཚོགས་ལས་དོན་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཏེ། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་གཉེར་སྒྲུབ་དུས་བཀག་ཉུང་དུ་བཏང་བས། གཉེན་སྒྲིག་ཐོ་འགོད་ཀྱི་འབྲེལ་ཡོད་ལས་སྒོ་གཉེར་ཚད100%ཟིན་པ་དང་། གཉེར་སྒྲུབ་དུས་བཀག་ཆ་སྙོམས30%ཐུང་དུ་ཕྱིན་ནས་ཞབས་ཞུ་ཚད་ལྡན་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། སྐྱེ་ཁམས་དུར་འཇུག་དང་དཔལ་ཡོན་དུར་མཆོད་ཁྱབ་གདལ་ཤུགས་ཆེན་བཏང་ནས་སྐྱེ་ཁམས་དུར་འཇུག་གི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི11.1སྤྲད་པ་དང་། འདས་པོ37གྱི་ཁྱིམ་མིས་སྐྱེ་ཁམས་དུར་འཇུག་གདམ་ག་བྱས་པས་དཔལ་ཡོན་ལྡན་པའི་དུར་མཆོད་བྱས་ཚད95%ཡན་ཟིན། མང་ཚོགས་ལ་འདས་པོ་དུར་འཇུག་གི་གོམས་གཤིས་ངན་པ་མེད་པར་བཟོ་བ་དང་དཔལ་ཡོན་སྲོལ་གསར་དར་སྤེལ་གཏོང་རྒྱུར་རྒྱུན་མཐུད་ངང་ཁྲིད་སྟོན་བྱས།

གོང་བཀུར་གྱི་བརྩེ་སེམས་ཟབ་ཏུ་བཏང་ནས། དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་ཏན་ཏིག་སྒྲུབ། ཐོག་མཐའ་བར་གསུམ་དུ་རུ་འཁྱུར་དམག་མིའི་ལས་དོན་དེ་དམིགས་སུ་བཟུང་ནས་དམག་བཀུར་ཁྱིམ་སྐྱོང་བཀོད་སྒྲིག་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས་དམག་མིའི་ཐོབ་སྣང་དང་སྐྱིད་སྣང་། གཟི་བརྗིད་ཀྱི་ཚོར་སྣང་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན། སེམས་གསོའི་དངུལ་དང་གཟིགས་སྐྱོང་རོགས་དངུལ། འཚོ་བའི་ཁ་གསབ་རོགས་དངུལ་སོགས་གཟིགས་སྐྱོང་མ་དངུལ་སྒོར་ཁྲི81.3གནད་ལ་འཁེལ་བར་སྤྲད་པ་དང་། རུ་འཁྱུར་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་མི་ཐེངས221ལ་ཕན་ཁེ་ཐོབ། གཟིགས་སྐྱོང་བྱ་ཡུལ་གྱི་སྨན་བཅོས་འགན་སྲུང་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། རུ་འཁྱུར་དམག་མི་བསྡུ་ལེན་དང་བཀོད་སྒྲིག་བྱེད་པའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་ཡག་པོ་བསྒྲུབས་ཏེ། ལས་གནས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་པ་དང་ལས་ཞུགས་ལས་གཏོད་ཀྱི་སྟེགས་བུ་སྐྲུན་ནས་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས1འཚོགས་པ་དང་། ལས་ཞུགས་ལས་གནས81འདོན་སྤྲོད་བྱས་ནས་རུ་འཁྱུར་དམག་མི་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རམ་འདེགས་བྱས། རྒྱུན་རྣམ་ཅན་གྱི་རུ་འཁྱུར་དམག་མིར་འབྲེལ་གཏུག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྫོང་དང་ཡུལ་ཚོའི་ལས་བྱེད་པས་རྒྱུན་རྣམ་ཅན་གྱི་སྒོ་ནས་རུ་འཁྱུར་དམག་མི་དང་དམག་མིའི་ཁྱིམ་མི། སྔོན་གཤེགས་དཔའ་བོའི་ཁྱིམ་མིར་འཚམས་འདྲི་བྱས་ཏེ་སེམས་གཏམ་ལ་ཉན་པ་དང་དཀའ་ངལ་སེལ་རོགས་བྱས། རུ་འཁྱུར་དམག་མིའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ་རུ་འཁྱུར་དམག་མིས་གཞི་རིམ་བཅོས་སྐྱོང་དང་། གྲོང་གསེབ་དར་སྤེལ། བབ་བསྟུན་རོགས་སྐྱོབ་སོགས་ཀྱི་ཡུལ་དངོས་དང་པོར་འགན་འཁྲི་འཁུར་བར་ཁྲིད་སྟོན་བྱས་ཤིང་། དེ་དང་ཆབས་ཅིག་རེ་ཞུའི་ཐབས་ལམ་ཤར་གཏོང་བྱས་ནས་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་འོས་འཚམ་བྱས་ཏེ་རུ་འཁྱུར་དམག་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱས།



མཉམ་སྤྱོད།