དེ་རིང་ནི2026ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

2026-04-28 11:45:55   |   36

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྐང་ཚ་རྫོང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་།  ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ས་བབ་དང་། ཐོན་ཁུངས། ཐོན་ལས་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དམ་འཛིན་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་རིམ་སྤོར། ཟོང་རྟགས་འཛུགས་སྐྲུན། ཐོན་རྫས་ཕྱིར་གཏོང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན།

3.png

སྐྱེ་ཁམས་ཀྱི་སྲོག་ཤིང་གཏན་འཁེལ་བྱས་ནས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་བཏང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་རིམ་སྤོར་མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འཇོག་པའི་འདུ་ཤེས་ཀྱིས་ཞིང་ཕྱུགས་ཐོན་རྫས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས“རབ་མཛེས་སྐྱེ་ཁམས”དང“ཐོན་ལས་དར་རྒྱས”ཀྱིས་ཕན་ཚུན་ནུས་པ་འདོན་རེས་བྱས། ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་ཁྱིམ་ཚང་ཆེ་ཤོས་ཀྱིས“ལས་གཉེར་བྱེད་སྟངས་ལྔ”(ཁྱིམ་ཚང་ཆེ་ཤོས་ཀྱིས་སྣེ་ཁྲིད་དང་། མཉམ་འབྲེལ་ལས་གཉེར། ཚབ་གཉེར་ཞབས་ཞུ། མ་རྐང་མཉམ་ལས། སྡེ་བའི་རྩ་འཛུགས་ཀྱིས་སྣེ་ཁྲིད། )འཚོལ་ཞིབ་བྱ་རྒྱུར་སྐུལ་མ་བཏང་། དཔེ་སྟོན་ཚོད་ལྟ་སྐྲུན་རྒྱུ་དང་། ས་ཞིང་། རྩྭ་ས། ཕྱུགས་ཟོག་བཅས་ལས་གཉེར་ཁྱིམ་ཚང་ཆེ་ཤོས་དང་། སྐྱེ་ཁམས་ཕྱུགས་ར། སྐྱེ་ཁམས་མཉམ་ལས་ཁང་བཅས་སུ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་གཞིས་ཁྱིས་ཕྱུགས་ར43སྐྱེད་སྲིང་དང་གཏན་འཁེལ་བྱས་ནས། ཞིབ་ལས་ཅན་གྱི་ལས་གཉེར་དཔེ་སྟོན་ས་ཚིགས31བསྐྲུན་པ་དང་།  ཞིབ་ལས་ཅན་གྱི་ལས་གཉེར་རྩྭ་ས་མུའུ་ཁྲི51.31དང་། ཕྱུགས་ཟོག་གི་གྲངས་ཀ་ཁྲི10.81ཟིན།

4.png

ཐོན་ལས་རིམ་སྤོར་ལ་དམིགས་ནས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་སྒུལ་ནུས་སྐུལ་སློང་བྱས་པ། ཚན་རྩལ་ལྟེ་བའི་སྒུལ་ཤུགས་སུ་བྱས་ནས་ཞིང་ཕྱུགས་ལས་དེ་བློ་རིག་དང་ནུས་ཆེའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། ཐོན་ལས་སྦྲེལ་མཐུད་སྣུར་སྲིང་བྱ་རྒྱུར་དམིགས་ཏེ“ཚོང་རྟགས་རྙིང་བ”ཕྱིར་འཚོང་དཀའ་བའི་དཀའ་གནད་སེལ་ཏེ། “འདེབས་གསོ་ཐོན་རྫས་སྣོན་ཚོང་གསོག་འཇོག་སྐྱེལ་འདྲེན”གཞི་གཅིག་ཅན་གྱི་ཐོན་ལས་མ་ལག་བཙུགས། “གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། གཞི་ཁྱོན་ལྡན་པའི་ནོར་ལུག་གི་གསོ་སྤེལ་རྟེན་གཞི35དང་དེ་བཞིན་འཐུས་སྒོ་ཚང་བའི་ཕྱུགས་ཟོག་ཉོ་འཚོང་དང་གྲང་ཕྲེང་མཛོད་ཉར་རྟེན་གཞི་བཏོད་ནས་གཞི་གཅིག་ཅན་གྱི་ཐོན་ལས་མ་ལག་བསྐྲུན། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཚན་རིག་ཞིབ་འཇུག་ཁང་དང་ཁྲོམ་རའི་གཙོ་གཟུགས་མཉམ་འགུལ་བྱས་ཏེ།  རིམ་པ་ཆེ་གྲས་གསུམ་གྱི་ནོར་ལུག་གི་གཟན་ཆས་སྤུས་ལེགས་རིགས19ཞིབ་འཇུག་གསར་སྤེལ་བྱས་པ་དང་། ལྟེ་བའི་ལག་རྩལ་གཞན་སྒྱུར་གྱི་ཁས་ལེན་དཔང་ཡིག3ཐོབ་པ་དང་། ལུག་ཤའི་ཁུ་བ་དང་། ནོར་གནག་གི་འཚོ་བཅུད་ཐེ། ནས་ཀྱི་འབྲས་ཟིལ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས10ལྷག་ཙམ་བཏོན་ནས་ལས་སྣོན་ཁེ་ལས14མཁོ་འདོན་བྱེད་པ་ནས་ཐོན་རྫས་བཟོ་བའི་བར་རིན་ཐང་འཕར་རྒྱུར་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་འཕོ་འགྱུར་བྱེད་ཚད65% ལ་སླེབས། མ་དངུལ་སྒོར་ཁྲི1000བཏང་ནས་འབྲོག་ལས་ཀྱི་གཞི་གྲངས་ཆེན་པོའི་ལས་སྟེགས་བཏོད་པ་དང་། སྦྲེལ་ཐག་ཧྲིལ་པོའི་གཞི་གྲངས་བསྡུ་སྒྲིལ་བྱས་ནས་ཐོན་ལས་གྲངས་གཞི་ཅན་གྱི་གནད་འཁེལ་ལྟ་སྐུལ་དོ་དམ་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་ཕན་འབྲས་དང་ཐོན་ལས་རིན་ཐང་བཅས་ལྷན་གཅིག་ཏུ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།

5.png

ཟོང་རྟགས་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་མིང་བྱང་གསལ་བོ་བཟོས། ཟོང་རྟགས་འཛུགས་སྐྲུན་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ཟོང་རྟགས་འཐུས་ཚང་དུ་བཏང་བ།“རྐང་ཚ་མཚོ་སྔོན་པོ་ནོར་ལུག་ཤ་ཐད་ཚོང་ཁང་”གི་ལྟེ་བའི་ཟོང་རྟགས་ལེགས་སྒྱུར་དང་སྟོབས་ལྡན་དུ་བཏང་སྟེ། རྫོང་ཡོངས་ཀྱི་རྩྭ་ཐང་མུའུ་ཁྲི895.95ལ་སྐྱེ་ལྡན་ཁས་ལེན་ཐོབ་པ་དང་།“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཐོན་རྫས38དང་། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས5ཡོད།  ཐོན་རྫས་མང་པོ་ཞིག་ལ་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་མཚན་སྙན་ཐོབ་ཅིང་། མཐུན་ཚོགས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཟོང་རྟགས་ཀྱི་དཔེ་མཚོན་གྲས་སུ་བདམས།  ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་ནས་ཁྲོམ་ར་ཐོལ་བརྒལ་བྱུང་བ་དང་། ཞིང་ཆེན་ཕྱི་ནང་དུ་ནོར་ལུག་ཤ་ཐད་འཚོང་ཁང21བཙུགས་ནས་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི3533ཟིན། ཁེ་ལས3གྱི་ཐོན་རྫས་ཐོག་དང་བོར་ཡོ་རོབ་ཏུ་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་རྫས་ཕྱི་རྒྱལ་དུ་བདེ་བླག་ངང་ཕྱིར་འཚོང་བྱས། ཡུལ་ཁོངས་སྤྱི་སྤྱོད་ཟོང་རྟགས་ལ་བརྟེན་ནས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དྲ་ཐོག་གི་ཕྱིར་འཚོང་གྲངས་འབོར་མཐོ་ཤོས་སྒོར་ཁྲི830ལས་བརྒལ་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་དུས་མཚུངས་ལས6.0%འཕར་བར་སྐུལ་ཁྲིད་བྱས། 



མཉམ་སྤྱོད།