དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་སྟོན་གུང་གསེང་སྐབས་སུ་མདའ་བཞིའི་གནས་སྐོར་ལ་གྲུབ་འབྲས་ཆེན་པོ་བླངས་པ།

2024-10-10 14:41:06   |   410

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


640.gif

མེས་རྒྱལ་གྱི་འཁྲུངས་སྐར་ལ་ལོ་ངོ75འཁོར་བ་དང་། མེས་རྒྱལ་གྱི་རི་ཀླུང་བརྗིད་ཉམས་ལྡན་པའི་རི་མོ་ཞིག་དང་མཚུངས། མི་རྣམས་གཅིག་རྗེས་གཉིས་མཐུད་ངང་འགྲུལ་བཞུད་དུ་བསྐྱོད་དེ“མདེལ་གཉིས་ལས་ས་དང་། ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས། མཛའ་གཞས་སྙན་མོའི་ཕ་ས། ཙོང་ཆུ་སྔོན་མོའི་འབྱུང་ཁུངས”བཅས་སུ་སླེབས་ནས་སོ་སོའི་སེམས་སུ་ཉར་བའི་རྒྱང་རིང་གི་ཕུགས་བསམ་དང་རེ་སྨོན་འཚོལ་སྙེག་བྱས།

སྡོམ་རྩིས་བྱས་པར་གཞིགས་ན། རྒྱལ་སྟོན་གུང་གསེང་རིང་རྫོང་ཡོངས་ཀྱིས་གནས་སྐོར་བ་མི་ཁྲི2.02སྣེ་ལེན་ཞུས་པ་ལོ་སྔོན་མ་དང་བསྡུར་ན18.4%འཕར་བ་དང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་ཁྲི་661.4ཡིན་པ་དེ་ལོ་སྔོན་མ་དང་བསྡུར་ན19.4%འཕར་ཡོད།  དེའི་ནང་ཉིན་གཅིག་ལ་གནས་སྐོར་བྱེད་མཁན14283དང་། ཞག་སྡོད་གནས་སྐོར་བ5923ཡོད་།  ཞག་སྡོད་ཚན་པའི་ཆ་སྙོམས་ཞག་སྡོད་ཚད31.3%ཡིན། མིག་སྔའི་བར་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཁྲི139ལ་སྣེ་ལེན་ཞུས་པར་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར5.3ཡིན་པ་དེ་ལོ་སྔོན་མ་དང་བསྡུར་ན་སོ་སོར21.2%དང20.7%འཕར་ཡོད།  

དུས་ཆེན་གྱི་སྔོན་ལ། མདའ་བཞི་རྫོང་གིས་གནས་སྐོར་པ་ནང་འདྲེན་གྱི་བྱེད་ཐབས་མང་པོ་སྤྱད་དེ་རིག་གནས་གནས་སྐོར་ཞབས་ཞུའི་འགན་ལེན་ལ་སྤྱི་འདོམས་ཤུགས་བསྣན་ནས། དགའ་སྤྲོ་དང་ཞི་མཐུན། བདེ་འཇགས་ཀྱི་རྣམ་པ་ཞིག་སྐྲུན་ནས་འཛད་སྤྱོད་མཁོ་སྤྲོད་གཉིས་དར་དང་ཁྲོམ་ར་རྒྱུན་མཐུད་ངང་འཕར་བར་འགན་ལེན་བྱས། རྫོང་རིག་གནས་གནས་སྐོར་ཅུ་དང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། གྲོང་ཁྱེར་མ་འཇོག་སྤྱི་གཉེར་སོགས་སྡེ་ཚན་གྱིས་སྔ་རྗེས་སུ་རྒྱལ་སྟོན་དང་གནས་སྐོར་ཐོན་ཁུངས་འོས་སྦྱོར། ཟས་མཆོག གནས་སྐོར་ལམ་ཐིག་འོས་སྦྱོར་སོགས་ཀྱི་བརྙན་ཐུང་ཁྱོན་སྡོམ་པའི35ཁྱབ་བསྒྲགས་བྱས་ནས། མདའ་བཞི་རྫོང་མཐོན་པོ་སྒང་དང་བྱེ་མ་ལ་བདུན། རྡུང་ཕྲན་མཁར། ཤྭ་ལུང་འགག་ཆུ་ཚན། མདའ་བཞི་ཆུ་ཚན་སོགས་ཀྱི་སྐད་གྲགས་ཆོད་ཚད་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་མཚོ་སྔོན་པོའི་མཚོ་བསྟོད་བྱེད་སྒོ་དེ་ཀྲུང་གོ་གསར་འགྱུར་དྲ་བ་དང་ཤིན་ཧྭ་དྲ་བ། མཚོ་སྔོན་ལྟ་ཞིབ་སོགས་ཀྲུང་དབྱང་སྨྱན་སྦྱོར་དང་ཞིང་ཆེན་སྨྱན་སྦྱོར་ཐོག་འགྲེམ་སྟོན་བྱས་པས། མདའ་བཞིའི་སྙན་གྲགས་གང་སར་ཁྱབ་པར་བྱས། ཟླ9ཚེས30ཉིན་རྡུལ་ཕྲན་གྲོང་གི་དྲན་གསོའི་ཐང་ཆེན་དང་མདའ་བཞི་རྫོང་སྲིད་གཞུང་གི་མདུན་དུ“རྒྱལ་དར་མཉམ་སྒྲེང་། རྒྱལ་གླུ་མཉམ་ལེན”ཞེས་པའི་བྱེད་སྒོ་སྤེལ། རྫོང་མཁར་གྱི་ཁྲོམ་གཞུང་དང་ལྗོངས་ཁུལ། མགྲོན་ཁང་། སྤྱི་པའི་ཚོགས་ར་སོགས་སུ་རྒྱལ་དར་མཐོན་པོར་སྒྲེང་བ་དེས་མེས་རྒྱལ་ལ་དགའ་ཞེན་ཆེ་བ་དང་སྨོན་འདུན་ཞུ་བ་མཚོན་ཡོད། ཟླ10ཚེས1ཉིན་དཔལ་སྦྱིན་ཡུལ་ཚོས2024ལོའི“རྒྱལ་སྟོན”བསུ་བའི་རྟ་རྒྱུག་འགྲན་ཚོགས་སྤེལ་བ་དང་། ཟླ10ཚེས3ཉིན་གྱི་སྔ་དྲོ་མཐོན་པོ་སྒང་ནས“ཉི་འཆར་ལ་བལྟ། གསར་བརྗེའི་གླུ་ལེན། རྒྱལ་སྟོན་བསུ་པ”ཞེས་པའི་བྱེད་སྒོ་སྤེལ་བ་དང་། ས་སྲོད་དུ་བྱེ་མ་ལ་བདུན་ནས་ཉི་ནུབ་ལ་ལྟ་བའི་བྱེད་སྒོ་སྤེལ།

1c7c85dd3b0937366d7aa2e9ed3f827.jpg

ད་ལོའི་རྒྱལ་སྟོན་དེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་སྐབས་ཡིན་པས་གནས་སྐོར་བ་མི་ཉུང་བ་ཞིག་གིས་རྒྱལ་སྟོན་གུང་གསེང་རིང་རྡུལ་ཕྲན་མཁར་དུ་ཡོང་ནས་དྲན་གསོ་ཁང་དུ་གསར་བརྗེའི་རིག་གནས་ལ་ཉམས་ལེན་བྱས་པ་དང་། རྡུལ་ཕྲན་མཁར་མཛེས་ལྗོངས་ཁུལ་དུ་མི10588ལ་སྣེ་ལེན་བྱས་ལ། དེ་ལོ་སྔོན་མ་དང་བསྡུར་ན21.8%འཕར་བ་དང་། ཡོང་སྒོ་སྒོར་ཁྲི་བདུན་ཡིན་པ་དེ་ལོ་སྔོན་མ་དང་བསྡུར་ན42.9%འཕར་ཡོད། དེའི་ཁྲོད་པ་སེའི་ཡོང་སྒོ་སྒོར་ཁྲི6.51ཡིན་པ་དེ་ལོ་སྔོན་མ་དང་བསྡུར་ན47.4%འཕར་ཡོད།

ཤྭ་ལུང་འགག་ཆུ་ཚན་དེ་ལམ་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་ནའང་དེའི་མཐའ་འཁོར་གྱི་གངས་རི་དང་རྩྭ་ཐང་གིས་བསྐོར་བའི་མཛེས་ལྗོངས་ལྟ་ན་སྡུག་ལ་ཆུའི་སྤུས་ཚད་ཀྱང་ལེགས་པས། གནས་སྐོར་བ200ལྷག་ཙམ་ཆུ་ཚན་ལ་རིན་མེད་ངང་ལྟ་བར་ཡོང་ཡོད། བཟའ་བཏུང་དང་ཞག་སྡོད། ཆུ་ཚན་བཅས་ཀྱི་ཉམས་ལེན་གྱི་ཆ་རྐྱེན་འཛོམས་པའི་མདའ་མདའ་བཞི་ཆུ་ཚན་མགྲོན་ཁང་གིས་གནས་སྐོར་བ་མི་ཐེངས237ལ་སྣེ་ལེན་ཞུས་པར་ཡོང་སྒོ་སྒོར27674ཡོད། ལས་གཉེར་བྱེད་མགོ་བརྩམས་པ་ནས་གུང་གསེང་རིང་གི་ཡོང་སྒོ་ཆེས་མཐོ་ཤོས་བཏོད་ཡོད། 

རྗེས་མར་མདའ་བཞི་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དགུན་དུས་གནས་སྐོར་ལས་དོན་གྱི་བཀོད་སྒྲིག་ལ་མུ་མཐུད་གཞིགས་ནས། ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ་དང་དགུན་དུས་གནས་སྐོར་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། གངས་འཁྱགས་མཚམས་སྦྱོར་དུ་བྱེད་པ་བཅས་བྱས་ཏེ། “གྲང་ངད་ཐོན་ཁུངས”དེ“ཚ་བའི་ཐོན་ལས”སུ་འགྱུར་བ་བྱས་ནས་མདའ་བཞིའི་དགུན་དུས་གནས་སྐོར་ལ་ནང་དོན་གསར་པ་སྤྲོད་པ་དང་། དགུན་དུས་ཀྱི་རིག་གནས་གནས་སྐོར་སྤུས་རྟགས་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱེད་པ། མདའ་བཞིའི་གངས་འཁྱགས་གནས་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ནུས་པ། འགྲན་རྩོད་ནུས་པ་བཅས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ། གནས་སྐོར་བ་དེ་བས་མང་བ་ཞིག་གིས་མདའ་བཞིའི་དགུན་དུས་མཛེས་ལྗོངས་མྱོང་རོལ་དང་གངས་འཁྱགས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་པ། གནས་སྐོར་འཛད་སྤྱོད་སྐུལ་མ་བཅས་བྱ་རྒྱུར་སྐུལ་ཁྲིད་བྱ་དགོས།


སྐབས་སྔོན་མ། སྨོན་ལམ་མཐོན་པོའི་སྟེང་གི་འདན་མའི་ལུག་ཁྱུ།
སྐབས་རྗེས་མ། མདའ་བཞི་རྫོང་གིས་ནོར་སྲིད་ཀྱི་འགན་ལེན་བྱེད་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།
མཉམ་སྤྱོད།