དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ནོར་སྲིད་ཀྱི་འགན་ལེན་བྱེད་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།

2024-10-14 11:16:05   |   409

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་བྱང་ཁུལ་མདའ་བཞི་རྫོང་ནོར་སྲིད་ཅུས་ནོར་སྲིད་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་སྐྱིད་ཁུག་མའི་སྤྱི་གླིང་འཛུགས་སྐྲུན་དང་། མི་འགྲོ་སའི་བགྲོད་ལམ་བསྐྲུན་པ། མི་སྡོད་ཁོར་ཡུག་གི་བཅོས་སྒྲིག་བཅས་ལ་ལེགས་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྫོང་ཡོངས་ཀྱི“གྲོང་གཅིག་དང་ལས་རིགས་ལྔ་དང་། ས་ཁོངས་ཧྲིལ་པོའི་སྐྱེ་ཁམས”ཀྱི་སྤྱིའི་འཕེལ་རྒྱས་ཀྱི་རྣམ་པར་སྐུལ་འདེད་བཏང་སྟེ། བདེ་བརྟན་མདའ་བཞི་སྔར་བས་འཚོ་སྡོད་དང་ལས་ཀར་འཚམ་པར་བྱས་ཡོད།
       མདའ་བཞི་རྫོང་ནོར་སྲིད་ཅུས་དམངས་ཕན་གྱི་གཙོ་གནད་རྣམ་གྲངས་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། རིམ་རྩིས་བྱས་ན་ནོར་སྲིད་མ་དངུལ་སྒོར་ཁྲི320ལྷག་ཙམ་བཏང་ནས་རྫོང་མཁར་གྱི་གློ་ཁུག་སྤྱི་གླིང12བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ་དང་། སྲང་ལམ་དུ་གད་སྙིགས་སྤུངས་པ་དང་ཁོར་ཡུག་གི་སྤུས་ཚད་ཞན་པ་སོགས་གྲོང་རྡལ་གྱི་རྣམ་པར་ཤུགས་རྐྱེན་ཐེབས་པའི་ཆ་དེ་དག་རང་སོ་སོའི་ཁྱད་ཆོས་ལྡན་པའི་གློ་ཁུག་སྤྱི་གླིང་དུ་བསྒྱུར་ཡོད། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཁོར་ཡུག་བསྐྲུན་ཏེ། ལྗང་སྒྱུར་རྒྱ་ཁྱོན་ཁ་སྨི་ཁྲི2ཙམ་གསར་དུ་བསྣན་ནས་ལྗང་སྒྱུར་གྱི་རྣམ་པ་མངོན་པ་དང་། ཕྱི་རོལ་དུ་སྐྱེད་ཚལ་མཐོང་ཐུབ་པ། གང་སར་མཛེས་སྡུག་ལྡན་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཤིག་ཆགས་པ་དང་གློ་ཁུག་སྤྱི་གླིང་དེ་རྫོང་མཁར་ཆུང་ངུའི་སྤུས་ཚད་མཐོ་བའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།
        གྲོང་ཁྱེར་དོ་དམ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་མང་ཚོགས་ཕྱིར་སྐྱོད་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། མདའ་བཞི་རྫོང་གིས2024ལོར་ནོར་སྲིད་མ་དངུལ་སྒོར་ཁྲི267ལྷག་ཙམ་བཏང་ནས་མཐོན་པོ་ལམ་དང་བདེ་སྐྱིད་ལམ། ཐུང་ཧེ་ལམ་བཅས་དང་དེ་བཞིན་མཁར་ཟུར་གསུམ་གྲོང་གི་སྲང་ལམ་ཆེན་མོའི་མི་བསྐྱོད་བགྲོད་ལམ་འཛུགས་བྱེད་སྐྲུན་བྱེད་པ་སོགས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་། “བློ་ཡིད་ཚིམ་པའི་འགྲིམ་འགྲུལ”བསྐྲུན་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།
        མདའ་བཞི་རྫོང་གིས“ཁུལ་གསུམ་མཐའ་བཞིའི”ལྗང་སྒྱུར་ཁེབས་ཁྱོན་མགྱོགས་མྱུར་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དེ་བདེ་སྡོད་གྲོང་ཁྱེར་གྱི་ཁོར་ཡུག་བསྐྲུན་ནས་སྐྱེ་ཁམས་བཅོས་སྒྲིག་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ནོར་སྲིད་མ་དངུལ་སྒོར་ཁྲི35ལྷག་ཙམ་བཏང་བ་དེས། གྲོང་རྡལ་གྱི་ཁོར་ཡུག་ཧྲིལ་པོར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ས་དང་། མཐའ་འཁོར་གྱི་འཛུགས་སྐྲུན་དང་མཁར་ཟུར་གསུམ་གྲོང་གི་མཐུན་སྦྱོར་མེད་པའི་ཆུའི་བཟོ་གྲྭའི་སྒོ་འགྲམ་གྱི་མི་བགྲོད་ལམ་དང་གྱང་ངོས་སོགས་ལ་མཛེས་བཟོ་དང་ལྗང་སྒྱུར་བྱས་ཏེ། མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་ནས་བདེ་བརྟན་མདའ་བཞིའི་ནོར་སྲིད་ལ་འདེགས་སྐྱོར་བྱས་ཡོད།
        མདའ་བཞི་རྫོང་ནོར་སྲིད་ཅུས་ལས་ཀའི་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་མང་བ་སྐོང་རྒྱུ་དེ་དམིགས་ཡུལ་དུ་བཟུང་སྟེ། ཕྱོགས་མང་པོའི་སྒོ་ནས་མ་དངུལ་གྲབས་གསོག་དང་། ནོར་ཤུགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་མ་དངུལ་སྤྱོད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། མཛེས་སྒྱུར། ལྗང་སྒྱུར་འཛུགས་སྐྲུན་སོགས་ཀྱི་ཐད་མ་དངུལ་གཏོང་བ། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ས་མཐོའི་སྐྱེ་ཁམས་ཀྱི་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།


སྐབས་སྔོན་མ། རྒྱལ་སྟོན་གུང་གསེང་སྐབས་སུ་མདའ་བཞིའི་གནས་སྐོར་ལ་གྲུབ་འབྲས་ཆེན་པོ་བླངས་པ།
སྐབས་རྗེས་མ། མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་འཚོག་མགོ་བརྩམས་པ།
མཉམ་སྤྱོད།