དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་འཚོག་མགོ་བརྩམས་པ།

2024-10-15 09:52:52   |   448

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས། ཟླ10ཚེས14ཉིན་གྱི་སྔ་དྲོར། མདའ་བཞི་རྫོང་ཨུའི་རྩ་འཛུགས་པུ་དང་རྐང་ཚ་རྫོང་ཨུའི་རྩ་འཛུགས་པུ་ཡིས་མཉམ་འབྲེལ་སྒོས་གཉེར་བའི་མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭར་བདེ་བླག་ངང་འཚོག་མགོ་བརྩམས་པ་དང་། མདའ་བཞི་རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུ་ཡི་པུ་ཀྲང་། ཏང་གི་སློབ་གྲྭའི་སློབ་གཙོ་རུའུ་དབྱི་ཡིས་སློབ་མགོ་རྩོམ་པའི་སྐུལ་སློང་གི་གསུང་བཤད་གནང་ཞིང་། མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་སློབ་མ30གསོ་སྦྱོང་ནང་ཞུགས་ཡོད།

76e5cbb1316f5ed96fc11efbc745ab5.jpg

སློབ་མགོ་རྩོམ་པའི་མཛད་སྒོའི་ཐོག་གཞོན་དར་ལས་བྱེད་པ་རྣམས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་འབྲེལ་ཁྱོན་ཡོངས་ནས་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ། ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ལས་དོན་སྤེལ་བའི་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས་ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་གྱི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སེམས་ནུས་གཅིག་སྡུད་དང་སེམས་ནུས་ཡོད་ཚད་བཏོན་ནས་གསོ་སྦྱོང་གི་ལས་འགན་ཁག་ལེགས་སྒྲུབ་ནན་ཏན་བྱེད་པ། བསམ་བློ་གནད་ལ་འཁེལ་བ་དང་དུས་ཚོད་གནད་ལ་འཁེལ་བ། སེམས་ཤུགས་གནད་ལ་འཁེལ་བ་བཅས་བྱེད་དགོས་པ་དང་། བྱེད་སྟངས་ལེགས་སྒྱུར་གྱི་སློབ་སྦྱོང་བྱེད་པ་དང་། ཕན་ཚུན་བསྡུར་བ་དང་ཕན་ཚུན་སློབ་སྦྱོང་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ་སྦྱོང་སྤྱོད་ཡོད་པ་དང་སྦྱངས་པ་གོ་ཆོད་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་སེམས་རྣལ་དུ་ཕབ་ནས་ལས་དོན་ལ་ཕྱིར་མིག་ལྟ་བ་དང་གནད་དོན་ལ་བསམ་གཞིགས། བསམ་ཕྱོགས་གསལ་བཟོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། སློབ་ཁྲིད་དང་བརྟག་ཞིབ་བྱ་སྐབས་བྱེད་ཐབས་དང་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཡར་རྒྱས་བརྩོན་ལེན་དང་རང་འགུལ་ངང་གནས་འཕར་ཡོང་བ་བྱས་ཏེ། རང་རྟོགས་ངང་སློབ་སྦྱོང་གི་ཕན་འབྲས་དེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་དགོས་པ་བསྟན།

0fa980ed4437e05b41804ba3224149d.jpg

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འཚོགས་ཡུན་ཟླ་གཉིས་རིང་ཡིན་ཞིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མཚོ་སྔོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་གསལ་འགྲེལ་དང་མཚོ་སྔོན་གྱི་ས་ཁུལ་བཞི་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལ་གཙོ་གནད་སྒོས་དམིགས་ནས། དམག་དོན་སྦྱོང་བརྡར་དང་ཆེད་དོན་སློབ་ཁྲིད། ཡུལ་དངོས་སློབ་ཁྲིད། ཚན་ཆུང་ཁག་བགོས་ཀྱིས་ཞིབ་བསྡུར་བྱེད་པ། ཡུལ་དངོས་བརྟག་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞོན་དར་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།


སྐབས་སྔོན་མ། མདའ་བཞི་རྫོང་གིས་ནོར་སྲིད་ཀྱི་འགན་ལེན་བྱེད་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།
སྐབས་རྗེས་མ། མཚོ་བྱང་ཁུལ་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭའི་ལས་བྱེད་པའི་གསོ་སྦྱོང་རྟེན་གཞིའི་བྱང་ཡོལ་བླངས་པ།
མཉམ་སྤྱོད།