དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭའི་ལས་བྱེད་པའི་གསོ་སྦྱོང་རྟེན་གཞིའི་བྱང་ཡོལ་བླངས་པ།

2024-10-17 10:22:43   |   320

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་ནས་ཟླ10ཚེས15ཉིན་སྤེལ་བ་ལྟར་ན། (ལི་ཅོན) ལས་བྱེད་པའི་གསོ་སྦྱོང་རྟེན་གཞི་གསར་བ་འདི་ནི་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཏང་ཡོན་ལས་བྱེད་པ་གསོ་སྐྱོང་བྱེད་སའི་གནས་ཤིག་ཡིན་ལ། འདི་གར་ང་ཚོའི་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཁྱོན་ཡོངས་དང་གཏིང་ཟབ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་གསོ་སྦྱོང་སློབ་གསོ་མྱོང་རོལ་བྱེད་ཐུབ་པ་དང་། རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་མགོ་ཁྲིད་ནུས་པ་མུ་མཐུད་མཐོར་འདེགས་གཏོང་ཐུབ་ཅེས་མཚོ་བྱང་ཁུལ་མདའ་བཞི་རྫོང་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཞུས་ཁའེ་ཡིས་ཤིས་ཚིག་བརྗོད་སྐབས་གསུངས།

a9fae2e1d59e203e52036c3258a38bc.jpg

ཉིན་དེར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭའི་ལས་བྱེད་པའི་གསོ་སྦྱོང་རྟེན་གཞི་དེ་སོག་པོའི་སྒར་ས་ཆེ་མོར་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་། མདའ་བཞི་རྫོང་གིས་མཚོ་སྔོན་གསར་པའི་བསམ་པའི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་གསར་བརྗེའི་རིག་གནས་སྔོག་འདོན། གསར་བརྗེའི་ཐོན་ཁུངས་གསར་སྤེལ། གསར་བརྗེའི་སློབ་གསོ་དང་དེ་བཞིན་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལས་དོན་བཅས་གཅིག་གྱུར་འཆར་འགོད་བྱས་ནས་ལེགས་པར་བསྒྲུབ་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས། 

ཞུས་ཁའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའ་རིང་། མདའ་བཞི་རྫོང་གིས་ལས་བྱེད་པའི་གསོ་སྦྱོང་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་རབ་དང་རིམ་པ་ཐོབ་ཡོད་པ་རེད། ཏང་འཛུགས་སྐྱོང་གི་རླབས་ཆེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་དུས་རབས་རིན་ཐང་དང་ནང་དོན་སྔོག་འདོན་བྱེད་པ། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལམ་བུའི་ཁྲོད་ཀྱི་མདའ་བཞི་སོགས་རྫོང་ཁོངས་ལས་བརྒལ་བའི་ཏང་གཤིས་སློབ་གསོའི་སྤུས་རྟགས་ལམ་ཐིག5བསྐྲུན་ཡོད་པ་དང་། 763གྱི་སློབ་ཚན་མ་ལག་སྐྲུན་ཏེ་མདའ་བཞིའི་གསར་བརྗེའི་མིང་བྱང་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་པའི་ས་མཐོའི་བསམ་པའི་སྙིང་སྟོབས་བསྐྲུན་པའི་ཐད་མདའ་བཞིའི་སྟོབས་ཤུགས་ཕུལ་ཡོད།

19db535156265209032a569e0643a7c.jpg

ཞུས་ཁའེ་ཡིས་ང་ཚོས་བསམ་བློའི་སློབ་གསོར་མཐོང་ཆེན་དང་རིགས་པའི་གཞུང་ལུགས་ལ་མཐོང་ཆེན། ལག་ལེན་ལ་དམ་འཛིན། མཐོར་གཏོང་ལ་སྐུལ་འདེད་བཅས་ཀྱི་སློབ་གསོའི་ལམ་ཕྱོགས་ལ་བརྟེན་ནས་ཕུགས་བསམ་དང་དད་སེམས། ལོ་རྒྱུས་བཞིའི་གསར་བརྗེའི་སྲོལ་རྒྱུན་སོགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི་གཞུང་ཞབས་པ་ཁག་གཅིག་གསོ་སྐྱོང་བྱས་པ་བརྒྱུད་ནས་མདའ་བཞི་རྫོང་གི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་ཡོད་ཅེས་བསྟན། 

སོག་པོའི་སྒར་ས་ཆེན་མོར་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་སྣ་མང་རིག་གནས་ཀྱི་རྣམ་པ་ལྡན་པ་དང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ལྡན་ཞིང་། འདིར་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭའི་ལས་བྱེད་པ་གསོ་སྐྱོང་རྟེན་གཞི་འཛུགས་དོན་ནི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་འདི་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་སྒུལ་ཤུགས་དང་རྒྱུ་ནོར་རྩ་ཆེན་དུ་སྒྱུར་ཕྱིར་ཡིན་ལ། སོག་པོའི་སྒར་ས་ཆེན་མོས་དཔའ་ངར་ཞུམ་མེད་ངང་ས་མཐོའི་རྟའི་སྙིང་སྟོབས་མཚོན་པ་མ་ཟད། རིག་གནས་རྒྱུན་འཛིན་དང་རིག་གནས་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱང་རྒྱུན་འཛིན་བྱས་ཡོད།

ཏང་གི་སློབ་གྲྭའི་སློབ་མ་སྒྲོལ་མ་དབང་མོས་གསོ་སྦྱོང་རྟེན་གཞི་ནི་སློབ་སྦྱོང་བྱ་ཡུལ་ཞིག་ཡིན་པ་མ་ཟད། དེ་བས་ཀྱང་མི་རིགས་རིག་གནས་ཀྱི་རྩ་ཆེའི་རྒྱུ་ནོར་གལ་ཆེན་ཞིག་ཡིན་པ་དང་། སོག་པོའི་སྒར་ས་ཆེན་མོ་དེ་ལས་བྱེད་པ་གསོ་སྦྱོང་བྱེད་པའི་རྟེན་གཞི་གསར་པ་ཞིག་ཡིན་པའི་ཆ་ནས་དགེ་རྒན་གྱི་དཔུང་ཁག་མཐུག་ཅིང་སྒྲིག་ཆས་ཆ་ཚང་རེད། འདི་ནས་ང་ཚོས་རིག་གནས་རྒྱུན་འཛིན་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཀྱི་བག་ཆགས་དངོས་སུ་ཚོར་ཐུབ་པ་དང་ཉམས་ལེན་བྱེད་ཐུབ་པ་མ་ཟད། སྣ་མང་ཅན་དང་མི་རིགས་ཅན་གྱི་སློབ་ཁྲིད་ཐོན་ཁུངས་དང་སློབ་ཁྲིད་བྱེད་སྟངས་དེ་དག་གིས་ང་ཚོའི་སློབ་སྦྱོང་ལ་བཀྲག་མདངས་གསར་བ་བསྣན་ཡོད་ཅེས་བཤད།

རྒྱུས་ལོན་བྱས་པ་ལྟར་ན། མདའ་བཞི་རྫོང་གིས་རྟེན་གཞིར་གཞི་བཙུགས་ཏེ་སྣ་མང་ཅན་དང་མི་རིགས་ཅན་གྱི་སློབ་ཁྲིད་ཐོན་ཁུངས་དང་སློབ་ཁྲིད་བྱེད་སྟངས་ནང་འདྲེན་བྱས་ཏེ་དམིགས་བསལ་ཁྱད་ཆོས་ལྡན་པའི་ཉམས་ལེན་གྱི་རྣམ་པའི་སློབ་ཁྲིད་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། སོག་པོའི་སྒར་ས་ཆེན་མོའི་ད་ཡོད་ཀྱི་ཐོན་ཁུངས་ལེགས་ཆ་གཞིར་བཟུང་སྟེ། དྲིལ་བསྒྲགས་དང་འོས་སྦྱོར་ལས་དོན་ཡག་པོ་སྤེལ་བ་དང་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་ཀྱི་གསར་བརྗེའི་ས་ཁྲ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། གསར་བརྗེའི་སློབ་གསོའི་འཐབ་སར་བརྟེན་ནས་གསར་བརྗེའི་གནས་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་སློབ་གྲྭ་དང་ས་གནས་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་སློབ་གསོའི་རྣམ་པ་གསར་པ་འཛུགས་སྐྱོང་ཡག་པོ་བྱས་ཏེ། གསོ་སྦྱོང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱེད་པ་སོགས་ཀྱི་ཐད་རྒྱུན་མཐུད་ངང་འཚོལ་ཞིབ་བྱེད་པ། ཐོལ་བརྒལ་བྱེད་ས་གསར་པ་མུ་མཐུད་དུ་འཚོལ་ཞིབ་ཧུར་ཐག་བྱེད་པ། མཉམ་སྐྲུན་མཉམ་ལས་ཀྱི་སྟེགས་བུ་སྐྲུན་པ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་སློབ་གསོའི་ལས་དོན་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།


སྐབས་སྔོན་མ། མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་འཚོག་མགོ་བརྩམས་པ།
སྐབས་རྗེས་མ། མདའ་བཞི་རྫོང་གིས་སྤྱི་ཆབ་ཆུང་ངུར་བརྟེན་ནས་དམངས་འཚོ་ཆེན་པོར་སྐུལ་འདེད་བཏང་བ།
མཉམ་སྤྱོད།