དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་སྤྱི་ཆབ་ཆུང་ངུར་བརྟེན་ནས་དམངས་འཚོ་ཆེན་པོར་སྐུལ་འདེད་བཏང་བ།

2024-10-22 15:44:34   |   236

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


རྨང་གཞིའི་སྒྲིག་བཀོད་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། མདའ་བཞི་རྫོང་གིས་གྲོང་སྲིད་ཀྱི་སྤྱི་ཆབ་རིམ་སྤོར་སྒྱུར་བཀོད་ལས་གཞི་ལག་བསྟར་བྱས་ནས། སྤྱི་པའི་སྤྱོད་ཁང་གི་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་བ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་ནས། སྡོད་དམངས་ལ་སྐྱིད་པོ་དང་སྟབས་བདེ་ཡིན་པའི་སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད།

སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། སྡོད་དམངས་དང་གནས་སྐོར་བའི་སྤྱི་ཆབ་ཀྱི་དགོས་མཁོ་སྐོང་ཆེད། མདའ་བཞི་རྫོང་གིས་གྲོང་སྲིད་སྤྱི་ཆབ་ཁྱོན་ཡོངས་ནས་སྒྱུར་བཀོད་རིམ་སྤོར་བྱས། ཐེངས་འདིའི་སྒྱུར་བཀོད་ནི་སྒྲིག་བཀོད་འཐུས་ཚང་དང་འཕྲོད་བསྟེན་མཐོར་འདེགས་གཏོང་བ། ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་གཙོར་བཟུང་ཡོད་ལ། སྒྱུར་བཀོད་བྱས་རྗེས་སྤྱི་ཆབ་ཀྱི་ནང་ངོས་སྒྲིག་ཆས་གསར་རྐྱང་དུ་སྒྱུར་བ་དང་། ས་ངོས་དང་ལག་པ་འཁྲུད་ས་གཙང་ཞིང་གྲལ་དག་པས་སྡོད་དམངས་ཡོངས་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད། དེ་དང་ཆབས་ཅིག་སྤྱོད་ཁང་དུ་རླུང་རྒྱུ་བ་དང་དྲི་ངན་མེད་པར་བཟོ་ཆེད་རིག་ནུས་ཀྱི་སྤྱི་ཆབ་མ་ལག་སྒྲིག་བཀོད་བྱས་ནས། སྤྱི་ཆབ་ཀྱི་མཁའ་དབུགས་ཇེ་ལེགས་སུ་ཕྱིན་ཏེ། སྤྱི་ཆབ་སྒྱུར་བཀོད་ལས་དོན་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།

མདའ་བཞི་རྫོང་གིས་སྒྲིག་ཆས་འཐུས་ཚང་དང་ཁོར་ཡུག་ལེགས་གཏོང་གི་སྤྱི་པའི་སྤྱོད་ཁང་གི་རྣམ་པ་གསར་བ་ཞིག་སྐྲུན་ཆེད། གཙང་སྦྲ་མི་སྣས་དུས་ཚོད་ལྟར་དུག་སེལ་བྱས་ནས་འབྱུང་རྩ་ནས་འབུ་སྦྲང་མི་ཐོན་པར་འགན་ལེན་བྱས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཆབ་ཀྱི་ཕྱི་ནང་གི་གྱང་ངོས་དང་ལག་པ་འཁྲུད་ས་སོགས་ལ་གཙང་ཕྱགས་བྱེད་ཀྱིན་ཡོད་པ་མ་ཟད། སྤྱི་ཆབ་མཐའ་འཁོར་གྱི་གད་སྙིགས་སོགས་དུག་ཐོག་ཏུ་གཙང་སེལ་བྱས་ནས་སྤྱི་ཆབ་ཀྱི་ཕྱི་ནང་ཀུན་གྱི་ཁོར་ཡུག་འཕྲོད་བསྟེན་ལ་འགན་ལེན་ཡག་པོ་བྱེད་ཀྱི་ཡོད།

ལག་རྩལ་གསར་བ་དེ་སྤྱི་ཆབ་ཁྲོད་བེད་སྤྱོད་བྱས་པ་ལས་དམངས་ལ་སྟབས་བདེ་མང་བོ་བསྐྲུན་ཡོད་དེ། ཕྱོགས་གཅིག་ནས་སྤྱི་ཆབ་ཀྱི་དྲི་ངན་མེད་པར་བཟོས་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཆབ་ཀྱི་དོ་དམ་ཆུ་ཚད་སྔར་ལས་མཐོ་རུ་བཏང་ཡོད།


སྐབས་སྔོན་མ། མཚོ་བྱང་ཁུལ་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭའི་ལས་བྱེད་པའི་གསོ་སྦྱོང་རྟེན་གཞིའི་བྱང་ཡོལ་བླངས་པ།
སྐབས་རྗེས་མ། མེད།
མཉམ་སྤྱོད།