དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདའ་བཞི་རྫོང་མཁོ་འཚོང་མཉམ་འབྲེལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཁེ་ལས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སི་ཁྲོན་འོས་སྦྱོར་ཚོགས་འདུར་ཞུགས་པར་རྩ་འཛུགས་བྱས་པ།

2024-10-28 16:36:18   |   745

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུའི་བླང་བྱ་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སི་ཁྲོན་དུ་ཕྱིར་འཚོང་བྱེད་པའི་ཐབས་ལམ་བསྐྲུན་ཏེ། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ལྗང་མདོག་སྐྱེ་ལྡན་གྱི་ལེགས་ཆ་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ལས་དང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་སྤེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང་གིས་གཙོ་སྒྲུབ་དང་། ཟི་ལིང་གྲོང་ཁྱེར་མཁོ་འཚོང་མཉམ་འབྲེལ་ཁང་དང་མཚོ་བྱང་ཁུལ་མཁོ་འཚོང་མཉམ་འབྲེལ་ཁང་། མཚོ་ལྷོ་ཁུལ་མཁོ་འཚོང་མཉམ་འབྲེལ་ཁང་། མཚོ་ནུབ་ཁུལ་མཁོ་འཚོང་མཉམ་འབྲེལ་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི“དག་ཞིང་མཚོ་སྔོན·ས་མཐོའི་སྤུགས་ལེགས”ཞེས་པའི་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་འདུ་དེ་ཟླ10ཚེས25ནས་ཚེས27ཉིན་བར་སི་ཁྲོན་ཁྲིན་ཏུའུ་ཝུན་ཅང་ཆུས་ཐེན་ཤང་ལམ་གྱི་སྒོ་རྟགས89པའི་ཁང་བརྩེགས7པའི་ཚན་པ2པ་སྟེ་ཨང106འགྲེམས་ཚོང་ལྟེ་གནས་སུ་གཉེར་བ་དང་། གཙོ་བོར“དག་ཞིང་མཚོ་སྔོན·ས་མཐོའི་སྤུས་ལེགས”ཀྱི་སྤུས་རྟགས་ཁྱབ་གདལ་དང་ཐོན་རྫས་འགྲེམས་སྟོན། ཚོང་དོན་དང་འབྲེལ་གཏུག་གླེང་བ། རིག་གནས་དང་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་སོགས་ཀྱི་བྱེད་སྒོ་ཚུད་ཡོད།

d3b1a68d0276ecef1998df208192e9e.jpg

ཟླ10ཚེས25ཉིན་གྱི་བྱ་འགུལ་སྤེལ་བའི་ཉིན་མོར་འབྲེལ་ཡོད་ཁེ་ལས100ལྷག་ཙམ་ཞུགས་ཡོད་ལ། ཟས་མཆོག་དང་ཐོན་རྫས་འགྲེམས་སྟོན་སོགས་འགྲེམས་ཁུལ་མང་པོ་བཙུགས་ནས་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཤིང་། དེའི་ནང་མཚོ་སྔོན་གྱི་སྐམས་ལུག་ཤ།  སྦྲང་རྩི། འོ་མ་སོགས་ཡོད་པ་མ་ཟད། ཕྱུགས་ལས་ཐོན་རྫས་དང་འོ་མའི་ཐོན་རྫས། འབྲུ་སྣུམ། བསྙལ་རྫས། རིག་གནས་གསར་གཏོད་ཐོན་རྫས་སོགས་འགྲེམས་སྟོན་བྱས་ཡོད། མདའ་བཞི་རྫོང་མཁོ་འཚོང་མཉམ་ལས་མཉམ་འབྲེལ་ཁང་གིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་གོང་རིམ་ལས་སྒོའི་སྡེ་ཁག་གི་མཛུབ་ཁྲིད་ཞིབ་ཚགས་འོག་མདའ་བཞི་རྫོང་གི་གཞི་རྩའི་གནས་ཚུལ་དང་། སྤུས་ལེགས་ཐོན་ཁུངས། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་བཅས་གཅིག་སྡུད་གང་ལེགས་བྱས་ཏེ། རྫོང་ཁོངས་ཀྱི་གཞི་རིམ་ཞབས་ཞུ་ཁང་དང་ཁོངས་གཏོགས་ཀྱི་ཁེ་ལས་སོགས་ཁེ་ལས5ཡི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་རིགས10ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུར་གཏན་འཁེལ་བྱས་པའི་ཁྲོད་མཚོ་སྔོན་ཞ་ཧྭ་དབྱི་སི་ལམ་ཟས་རིགས་ཚད་ཡོད་སྤྱི་གཉེར་དང་མཚོ་སྔོན་ཁུ་ཁུ་ནོར་ཟས་རིགས་ཚད་ཡོད་སྤྱི་གཉེར་གྱི་སྐམས་ཤ་དང་། སྔོ་ཚོད། གསེར་ཐང་ཡུལ་ཚོའི་གཞི་རིམ་མཁོ་འཚོང་ཁང་གི་ཞོག་ཁོག་གི་རྒྱ་ཐུག་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་འགྲེམས་ཁུལ་གྱི་སྐུ་མགྲོན་དང་གནས་སྐོར་བས་བསྔགས་བརྗོད་ཚད་མེད་བྱས།

584f7a29d9ef3060065572ca7ded5f6.jpg

ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བྱས་ཏེ་མདའ་བཞི་མཁོ་འཚོང་ཁོངས་གཏོགས་ཀྱིས་ནོར་གནག་དང་བོད་ལུག་སོགས་ཁྱད་ལྡན་ས་མཐོའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་བྱས་པ་མ་ཟད། ས་གནས་དེ་གའི་རྒྱ་ཆེའི་སྡོད་མིར་རིག་གནས་གནས་སྐོར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཏེ། ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་བདེ་བརྟན་མདའ་བཞིའི་གཟུགས་བརྙན་ལེགས་པོ་དེ་སི་ཁྲོན་མང་ཚོགས་ཁྲོད་མངོན་པར་བྱས་ནས། མི་སྔར་ལས་མང་བོ་ཞིག་གིས་མདའ་བཞིའི་ཟས་མཆོག་དང་མདའ་བཞིའི་མཛེས་སྡུག་ལ་ཉམས་སུ་མྱོང་ཐུབ་པར་བྱས།

3c76ffd6a2b3acb142ad8b2b9f03fe1.jpg


སྐབས་སྔོན་མ། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་རྩིས་ནུས་རྣམ་གྲངས་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་བྱས་པ།
སྐབས་རྗེས་མ། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ཐོན་ལས་གསུམ་ཐུན་མོང་ཐོག་འཕེལ་རྒྱས་བཏང་ནས་གྲོང་གསེབ་འབྱོར་ཕྱུག་དར་རྒྱས་ཀྱི་ལམ་བུ་བསྐྲུན་པ།
མཉམ་སྤྱོད།