དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་གྲོང་གསེབ་བཅོས་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་ལ་འཕྲོད་པའི་ལས་དོན་རྒྱུན་མཐུད་ངང་སྤེལ་བ།

2024-11-01 11:45:05   |   549

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་། མདའ་བཞི་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་དུས་རབས་ཀྱི་གནས་ཚད་གཏིང་ཟབ་བྱེད་པ་དང་། གཞི་འཛུགས་ས་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་སྐུལ་འདེད་མཐའ་འཁྱོངས་བྱེད་པ།  ཆོད་སེམས་སྔར་ལས་ཆེ་བ་དང་སྟོབས་ཤུགས་སྔར་ལས་ཆེ་བ། བྱེད་ཐབས་སྔར་ལས་ཏན་ཏིག་བཅས་ཀྱི་སྒོ་ནས་ཁྱབ་ཁོངས་ཡོངས་ཀྱི་འགག་སྒྲོལ་དང་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱས་ཏེ། རྫོང་ཡོངས་ཀྱི་གྲོང་གསེབ་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ཡོད།

མདའ་བཞི་རྫོང་གིས་སྤྱི་འདོམས་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྫོང་ཡོངས་ཀྱི་ལས་ཁུངས་ཀྱིས་མཉམ་དུ་ཤུགས་འདོན་པ་བསྡུ་སྒྲིལ་བྱས། ད་ལོའི་ལོ་སྟོད་དུ་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཐོར་འདེགས་ཀྱི་ཆེད་དོན་ཚོགས་འདུ་བསྡུས་ཏེ་ལོ་གསར་པའི་ལས་འགན་བཀོད་སྒྲིག་བྱས། དེ་མིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་མགོ་ཁྲིད་ཚོ་ཆུང་བཙུགས་ཏེ། ཚད་གཞི་དང་རེའུ་མིག་གཞིར་བཟུང་ནས་བཅོས་སྒྲིག་བྱེད་པའི་ལས་ཀའི་བླང་བྱ་དང་ལས་འགན་ཞིབ་ཕྲ། རིམ་པ་སྟར་ཆགས་ཀྱིས་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་ལས་དོན་ཚང་མར་དམ་འཛིན་བྱེད་མཁན་ཡོད་པ་དང་ལས་དོན་ཚང་མ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པར་འགན་ལེན་བྱས། འགན་ནུས་སྡེ་ཚན་ཁག་གིས་སྣེ་ཁྲིད་དེ་མཛུབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་སྡེ་བའམ་སྡེ་ཁུལ་དང་སྦྲེལ་མཐུད་བྱེད་པ། རྣམ་གྲངས་ལག་བསྟར་དང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ལས་དོན་གཙོ་བོའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པས་སྡེ་བའི་འགན་གཙང་ལེན་བྱེད་པ། ཏང་ཡོན་དང་གཙང་སྦྲ་བྱེད་མཁན་གྱིས་སྲང་ལམ་གཙང་སྦྲ་བྱེད་པར་འགན་གཙང་ལེན་བྱེད་པ། མང་ཚོགས་ཀྱིས་ཁང་པའི་མདུན་རྒྱབ་ལ་འགན་འཁུར་བའི་དྲ་མིག་ཅན་གྱི་དོ་དམ་མ་ལག་བསྐྲུན་བྱས་ཏེ། མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཐོར་འདེགས་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

མདའ་བཞི་རྫོང་གིས་དམངས་ཕན་གཙོ་གནད་རྣམ་གྲངས་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། ཁུལ་གསུམ་མཐའ་བཞིའི་ལྗང་སྒྱུར་ཁེབས་ཁྱོན་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་རྒྱུ་དེ། འཚོ་སྡོད་བྱ་རྒྱུར་འཚམ་པའི་གྲོང་ཁྱེར་ཁོར་ཡུག་བསྐྲུན་པ་དང་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། རིམ་རྩིས་བྱས་ན་ནོར་སྲིད་མ་དངུལ་སྒོར་ཁྲི320བཏང་ནས་རྫོང་མཁར་གྱི་ཁུག་མའི་སྤྱི་གླིང12བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཅིང་། དེ་སྔའི་སྲང་ལམ་དང་སྲང་གཞུང་གི་གད་སྙིགས་སྤུངས་པ་དང་ཁོར་ཡུག་གི་སྤུས་ཚད་ཞན་པ་སོགས་གྲོང་རྡལ་གྱི་རྣམ་པར་ཤུགས་རྐྱེན་ཐེབས་པའི་ས་ཆ་དག་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཁུག་མའི་སྤྱི་གླིང་དུ་བསྒྱུར་ཡོད། ཁོར་ཡུག་ཧྲིལ་པོའི་མཐའ་འཁོར་གྱི་འཛུགས་སྐྲུན་དང་མཐུན་སྦྱོར་མེད་པའི་མཁར་ཟུར་གསུམ་གྲོང་རྡལ་གྱི་དེ་སྔའི་ཆུའི་བཟོ་གྲྭའི་སྒོ་འགྲམ་གྱི་མི་བགྲོད་ལམ་དང་གྱང་ལྡེབས་སོགས་མཛེས་བཟོ་དང་ལྗང་སྒྱུར་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ལྗང་སྒྱུར་རྒྱ་ཁྱོན་ཁ་སྟོང་སྨི་ཁྲི2ཙམ་གསར་དུ་འཕར་ནས་སྒེའུ་ཁུང་གང་སར་སྔོ་ལྗང་གིས་ཁེབས་ཤིང་ཕྱི་རོལ་དུ་བལྟས་ན་སྐྱེད་ཚལ་མཐོང་ཐུབ་པ། གང་སར་མཛེས་སྡུག་ལྡན་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཤིག་ཆགས་ནས་ཁུག་མའི་སྤྱི་གླིང་དེ་རྫོང་མཁར་ཆུང་ཆུང་གི་སྤུས་ཚད་མཐོ་བའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།

མདའ་བཞི་རྫོང་གིས་གླེང་ཕྱོགས་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་འདིའི་ནང་དམངས་ཡོངས་ཀྱི་ཡ་རབས་བྱང་ཚད་ཀྱི་སློབ་གསོ་སྤེལ་ནས། སྡོད་དམངས་སྤྱི་པའི་ཀུན་སྤྱོད་ཀྱི་འདུ་ཤེས་དང་འཕྲོད་བསྟེན་གྱི་འདུ་ཤེས་བསྐྱེད་པར་སྐུལ་འདེད་བཏང་བར་མ་ཟད། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་དམངས་ལ་ཞབས་འདེགས་དངོས་སྒྲུབ་པ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དམངས་ཡོངས་ཟབ་ཞུགས་བྱེད་པའི་ལས་ཀའི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་པ་དང་། མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་ཞིག་ཆགས་པར་སློབ་གསོའི་ཁྲིད་སྟོན་བྱས་ཡོད། སྡེ་སྲོལ་དམངས་ཆིངས་ལ་བརྩི་སྲུང་དང་ཁང་པའི་རྒྱབ་མདུན་གྱི་ཁོར་ཡུག་གཙང་སྦྲར་རང་འགུལ་ངང་འགན་འཁུར་བ་དང་འབྲེལ་དྲིལ་སྒྲོག་ཡིག་ཆ་འགྲེམ་པ། འཕྲེད་འགེལ་སྦྱར་ཡིག་འགེལ་བ། སྐད་འཕྲིན་ཚོགས་པར་དྲིལ་སྒྲོག་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་དྲིལ་སྒྲོག་སློབ་གསོའི་ལས་དོན་སྤེལ་ནས་མང་ཚོགས་རང་རྟོགས་ངང་ཟབ་ཞུགས་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་བ་དང་། མང་ཚོགས་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

 མདའ་བཞི་རྫོང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཕན་འབྲས་སྲ་བརྟན་དུ་བཏང་ཡོད། རྫོང་ཡོངས་ཀྱི་ཡུལ་ཚོ་བཞི་དང་གྲོང་རྡལ་གཉིས། རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་དགུ་ཡི་གཙོ་གནད་ལས་དོན་ཁག16སྤེལ་ཚུལ་གྱི་སྙན་ཞུར་ཉན་པ་དང་ཡིག་ཆར་ལྟ་བ། ཡུལ་དངོས་སུ་གནས་ཚུལ་དངོས་ལ་ལྟ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་ནས་ལྟ་ཞིབ་བྱས་པ་དང་ལྟ་ཞིབ་བྱས་ཚུལ་གཞིར་བཟུང་ནས་ཚོགས་འདུའི་ཐོག་བརྡ་ཁྱབ་བསྒྲགས་བྱས་ཡོད། དྭངས་གཙང་དྲུག་གི་མདའ་བཞིའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་ཀྱི་བྱ་འགུལ་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ཏེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ། དྭངས་གཙང་གྲོང་ཁྱེར་གྱི་ཚོད་ལྟའི་ལས་དོན་དང་འགྱིག་ཁེབས་འགོག་པའི་ལས་འགུལ་གཏིང་ཟབ་སྤེལ་བ། ཁོར་ཡུག་འཕྲོད་བསྟེན་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་ཧུར་ཐག་གིས་སྤེལ་བ། གྲོང་ཚོ་དང་སྡེ་ཁུལ། དེ་བཞིན་ཡུལ་ཚོ་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁུར་བར་འབྲེལ་གཏུག་བྱས་ནས་མཐུན་སྦྱོར་བཅོས་སྒྲིག་བཅས་བྱས་ཤིང་། མིག་སྔའི་བར་ཁོར་ཡུག་འཕྲོད་བསྟེན་གྱི་དྲིལ་སྒྲོག་ལག་དེབ10000དང་དྲིལ་སྒྲོག་ཤོག་བྱང3000བཟོས་ཡོད་ཅིང་། འཕྲེད་འགེལ་སྦྱར་ཡིག33བཀལ་ཟིན། རྫོང་ཡོངས་ཀྱི་ཡུལ་ཚོ་བཞི་དང་གྲོང་རྡལ་གཉིས་སུ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་ཐེངས24བྱས་ཡོད།


སྐབས་སྔོན་མ། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ཐོན་ལས་གསུམ་ཐུན་མོང་ཐོག་འཕེལ་རྒྱས་བཏང་ནས་གྲོང་གསེབ་འབྱོར་ཕྱུག་དར་རྒྱས་ཀྱི་ལམ་བུ་བསྐྲུན་པ།
སྐབས་རྗེས་མ། མདའ་བཞི་རྫོང་གི“དམངས་འཚོ་ནོར་སྲིད”ཀྱིས“བདེ་སྐྱིད་མདའ་བཞི”སྔར་བས་དོན་ལྡན་དུ་བྱས་པ།
མཉམ་སྤྱོད།