དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས“ལེ་ཧྥེང་ལ་སློབ་སྦྱོང་བྱས་ནས་རྒན་པར་བསྙེན་བཀུར་བྱེད”ཅེས་པ་བརྗོད་དོན་ཡིན་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ།

2025-03-06 16:40:33   |   1200

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


   “ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ”62པ་སླེབ་ལ་ཉེ་བའི་སྐབས་འདིར། ལེ་ཧྥེང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བྱ་ཆེད། མདའ་བཞི་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས2025ལོའི“བདག་གིས་ལེ་ཧྥེང་ལ་སློབ་སྦྱོང་དང་དཔལ་ཡོན་ལག་ལེན་བྱེད”ཅེས་པ་བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ་བ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དཔུང་ཁག་དག་གིས་སྔ་རྗེས་སུ་རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་ལེ་ཧྥེང་གི་སྙིང་སྟོབས་ལ་འགྲེལ་བརྗོད་བྱས་ཏེ་དུས་རབས་གསར་པའི་ནང་ལེ་ཧྥེང་གི་སྙིང་སྟོབས་ལ་བཀྲག་མདངས་སྔར་ལས་ལྡན་པར་བྱས།     ཟླ3ཚེས5ཉིན་གྱི་སྔ་དྲོར་མདའ་བཞི་དམངས་གཅེས་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཀྱིས་གཞོན་ནུ་དང་བླངས་པ་རྩ་འཛུགས་བྱས་ནས། རྫོང་ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་དེ“ལེ་ཧྥེང་ལ་སློབ་སྦྱོང་དང་རྒན་པར་བརྩི་བཀུར་བྱེད”ཅེས་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། ལག་ལེན་དངོས་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱིས་རྒན་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་ཧུར་ཐག་བྱས།

bc460b68e4c975f6a9f90a291818008.jpg

བྱ་འགུལ་སྤེལ་བའི་རིང་དཔལ་ཡོན་ལག་ལེན་དང་བླངས་པ་ཚོས་སྤྲོ་སེམས་འཁོལ་བའི་ཞབས་འདེགས་སྣ་ཚོགས་ཞུས་ཤིང་།  དང་བླངས་པ་ཚོས་བྱང་ཆ་ལྡན་པའི་སྒོ་ནས་རྒན་པོའི་ཁྲག་ཤེད་དང་ཁྲག་ཧྭགས་ཚད་འཇལ་བྱས་པ་དང་། སེམས་རྣལ་མོས་གྲངས་གཞི་ཟིན་ཐོར་བཀོད་ནས་རྒན་པ་དག་གི་གནས་ཚུལ་ལ་དམིགས་ནས་ཁོ་ཚོར་ཆེད་ལས་ཀྱི་བསམ་ཚུལ་བཏོན་པ་དང་ཆབས་ཅིག ཆེད་ལས་ཀྱི་སྨན་བཅོས་མི་སྣས་བདེ་ཐང་ཤེས་བྱའི་འཆད་ཁྲིད་སྤེལ་བ་དང་དེའི་ནང་དོན་རྒྱུན་མཐོང་གི་རྒན་པོའི་ནད་རིགས་སྔོན་འགོག་དང་རྒྱུན་གཏན་གྱི་བདེ་སྲུང་སོགས་ལ་དམིགས་ཏེ། རྒན་པ་ཚོར་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།  དང་བླངས་པ་ཚོས་ལས་བགོས་བྱས་ནས་འཚོ་བའི་ལྟ་སྐྱོང་ཞབས་ཞུ་སྤེལ་ཏེ་རྒན་པ་ཚོའི་སྐྲ་བཞར་བ་དང་སེན་མོ་འབྲེག་པ་སོགས་ཀྱི་ཞབས་ཞུ་སྣ་ཚོགས་བྱས།  དཔེ་དེབ་ཞལ་འདེབས་དང་ལྟ་ཀློག་མཉམ་སྤྱོད་ཀྱི་བྱེད་སྒོ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ཡུལ་དངུས་སུ་རྒན་པ་ཚོས་ལྟ་ཀློག་བྱེད་པར་འཚམ་པའི་དཔེ་དེབ་ཞལ་འདེབས་ཕུལ་བར་མ་ཟད་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་ཀྱང་བསྡུས་བ་རེད། དང་བླངས་པས་རྒན་པ་དང་མཉམ་དུ་དཔེ་ཀློག་བྱས་ནས་བསམ་ཚུལ་དང་ཤེས་རྟོགས་ཕན་ཚུན་མཉམ་སྤྱོད་བྱས་ཤིང་། མིག་ཤེད་མི་བཟང་བའི་རྒན་པར་ཀློག་འདོན་བྱས་པས་རྒན་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། བྱ་འགུལ་གྱི་མཇུག་ཏུ་དང་བླངས་པ་དང་རྒན་པ་དག་གིས་དགུང་ཟས་མཉམ་དུ་རོལ་ཞིང་། དང་བླངས་པ་དག་གིས་རྒན་པའི་གཏམ་རྒྱུད་དང་དགོས་མཁོ་ནན་ཏན་གྱིས་ཉན་ཏེ་རྒན་གཞོན་བར་གྱི་འབྲེལ་འདྲིས་གཏིང་ཟབ་ཏུ་ཕྱིན་པར་མ་ཟད། འདི་ཡིས་སྤྱི་ཚོགས་ཡོངས་ཀྱིས་རྒན་པར་བརྩི་བཀུར་དང་གཅེས་སྐྱོང་བྱེད་པའི་སྲོལ་བཟང་མཚོན་ཞིང་། འཆམ་མཐུན་གྱི་རྒན་གསོའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་བླངས་པའི་སྟོབས་ཤུགས་ཕུལ་ཡོད།

65e6d36b59f5acb33270e1de16fb9a2.jpg

ཐེངས་འདིའི་བྱ་འགུལ་དེས་ལེ་ཧྥེང་གི་སྙིང་སྟོབས་དེ་རྒན་གསོའི་ཞབས་ཞུའི་ནང་འདྲེས་པར་བྱས་ཏེ་རྒན་པོའི་དགོས་མཁོ་དངོས་སྐོང་ཐུབ་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཐེངས་རྗེས་མར་མདའ་བཞི་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་དང་བླངས་ཞབས་ཞུའི་བྱ་འགུལ་སྣ་ཚོགས་རྒྱུན་མཐུད་ངང་སྤེལ་ནས། ལག་ལེན་དངོས་ལ་བརྟེན་ནས་བརྩེ་སེམས་བརྒྱུད་སྤྲོད་བྱས་ཏེ་དང་བླངས་མནའ་འབྲེལ་ལས་དོན་འཆར་གཞི་ཡོད་པའི་སྒོ་ནས་སྤེལ་རྒྱུ་ཡིན།



མཉམ་སྤྱོད།