དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་རྫོང་གིས2025ལོའི་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་མཛད་སྒོ་སྤེལ་བ།

2025-03-21 11:40:35   |   1204

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3ཚེས20ཉིན། 2025ལོའི་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་མཛད་སྒོ་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་རུ་སྤེལ་ཞིང་། དེས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས2025ལོའི་དཔྱིད་དུས་གནས་སྐོར་གྱི་མགོ་བརྩམས་པ་མཚོན།

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་དེ་ཡིན་ལ། ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་འཛམ་གླིང་དུ་སྐད་གྲགས་ཆགས་ཡོད། ལོ་རེའི་དཔྱིད་དུས་ཀྱི་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཚིགས་ནི་རང་བྱུང་ཁམས་འདིའི་ངོ་མཚར་ཆེ་བའི་སྣང་ཚུལ་ཞིག་ཡིན་པ་མ་ཟད། སྐྱེ་རྒུར་གསོན་ཤུགས་རྒྱས་པའི་རེ་སྒུག་གི་དུས་ཤིག་ཡིན་ལ། རིག་གནས་དང་གནས་སྐོར། སྐྱེ་ཁམས་བཅས་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་ལེགས་ཤོས་ཤིག་ཀྱང་ཡིན།

མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་མཛད་སྒོའི་ཐོག་རིག་གནས་གནས་སྐོར་འོས་སྦྱོར་མཁན་གྱིས་མདའ་བཞི་རྫོང་གི་རིག་གནས་གནས་སྐོར་ཐོན་ཁུངས་གསལ་འགྲེལ་བྱས་པ་དང་ཆབས་ཅིག གནས་སྐོར་བ་ཚོར་མདའ་བཞིའི་གསར་བརྗེ་གནས་སྐོར་ལམ་ཐིག་སོགས་ཁྱད་ཆོས་ལྡན་པའི་གནས་སྐོར་རྣམ་གྲངས་ངོ་སྤྲོད་བྱས་པ་དང་།《མདའ་བཞི་རྫོང་གི་རིག་གནས་གནས་སྐོར་ཐོན་ལས་ཀྱི་བྱ་དགའི་རོགས་སྐྱོར་བྱ་ཐབས》ཁྲོད་ཀྱི་གནས་སྐོར་ལས་དོན་ཁང་ལ་དམིགས་པའི་བྱ་དགའི་བྱ་ཐབས་སྐོར་གྱི་ནང་དོན་གསལ་འགྲེལ་བྱས།

མཛད་སྒོའི་ཡུལ་དངོས་སུ་མདའ་བཞི་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུ་དང་ཀན་སུའུ་གནས་སྐོར་ལས་དོན་ཁང་། མཚོ་སྔོན་གནས་སྐོར་ལས་དོན་ཁང་བཅས་ཀྱི་དབར་སྒྲོམ་གཞིའི་གྲོས་མཐུན་བཞག་ནས་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་ཚོང་གཉེར་དང་བརྡ་ཁྱབ་བརྗེ་རེ། གནས་སྐོར་བ་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད་མཉམ་གཅིག་ཏུ་རིག་གནས་གནས་སྐོར་གསར་སྤེལ་བྱ་རྒྱུར་གྲོས་མཐུན་བཞག

རྒྱུས་ལོན་པ་ལྟར་ན་ཉེ་བའི་ལོ་འགའི་རིང་།  མདའ་བཞི་རྫོང་གིས“གནས་སྐོར་དང་གསར་གཏོད་མཉམ་འདྲེས་བྱས་པ་བརྒྱུད་རིག་གནས་གནས་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཤུགས་རྐྱེན་ལྡན་པའི་སྤུས་རྟགས་གནས་སྐོར་ས་ཚིགས་ཁག་ཅིག་བསྐྲུན་ཏེ་མདའ་བཞིའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། དམངས་སྲོལ་རིག་གནས་བཅས་འབུར་དུ་བཏོད་ནས་ཁྱབ་བསྒྲགས་བྱས་ཤིང་།  མུ་མཐུད་དུ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་དང་མཐོ་སྒང་གི་རིག་གནས་གནས་སྐོར་གྲགས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་གཞི་བཙུགས་ཏེ་རིག་གནས་ལ་བརྟེན་ནས་གནས་སྐོར་ལ་སྐུལ་འདེད་གཏོང་བ་དང་། གནས་སྐོར་ལ་བརྟེན་ནས་རིག་གནས་དྲིལ་སྒྲོག་བྱས་ཏེ། རིག་གནས་དང་གནས་སྐོར་མཉམ་འདྲེས་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

ཐེངས་འདིའི་མཛད་སྒོ་དེ་མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་མཚོ་སྔོན་པོ་ཡུལ་ཚོ་མི་དམངས་སྲིད་གཞུང་དང་མདའ་བཞི་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ། མདའ་བཞིའི་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར། མདའ་བཞི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་ཡོད།



མཉམ་སྤྱོད།