དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་སྡེ་ཁག་མང་པོས་ལག་གདང་སྦྲེལ་ནས་སློབ་གྲྭའི་བཟའ་བཏུང་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

2025-04-02 11:45:24   |   659

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


སློབ་གྲྭའི་བཟའ་བཏུང་བདེ་འཇགས་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་དང་རྒྱ་ཆེའི་དགེ་སློབ་ཀྱི་བཟའ་བཏུང་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་འཕྲོད་བསྟེན་ཨུ་ལྷན་གྱི་ལས་དོན་མི་སྣ་དང་མཉམ་དུ་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་རུ་ཁག་རྩ་འཛུགས་བྱས་ཏེ། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་དང་མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་བྱས། མདའ་བཞི་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའི་ཁྲིམས་འཛིན་མི་སྣས་བརྒྱུད་རིམ་ཧྲིལ་པོར་བརྟག་ཞིབ་གནང་རོགས་བྱས་པ་མ་ཟད། ཞིབ་བཤེར་བྱས་པའི་རིང་འབྲེལ་ཡོད་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་དང་ཞིབ་བཤེར་བསམ་འཆར་ལ་ཉན།

6761f99c72c4306c7484a887314ab7f.jpg

སློབ་གྲྭའི་ཟ་མ་བཟའ་རོགས་ཀྱི་ལམ་ལུགས་ལྔ་དོན་འཁྱོལ་བྱས་ཚུལ། ཞིབ་བཤེར་ཚོ་ཆུང་གིས་རྩིས་ཐོ་ལ་ཞིབ་ལྟ་དང་ཡུལ་དངོས་སུ་འདྲི་རྩད་བྱེད་པ། ཡུལ་དངོས་སུ་ཞིབ་བཤེར་བཅས་བྱས་པ་བརྒྱུད་རྩིས་ཐོ་ཁ་ཤས་ཀྱི་ཟིན་ཐོ་ཆ་ཚང་མིན་པ་དང་བརྒྱུད་རིམ་འབྲེལ་མཐུད་དམ་ཟབ་མིན་པའི་གནད་དོན་ཤེས་རྟོགས་བྱུང་བས། ཞིབ་བཤེར་ཚོ་ཆུང་གིས་སློབ་གྲྭ་གཉིས་ཀྱིས་ཟ་མ་བཟའ་རོགས་བྱེད་པའི་ལམ་ལུགས་ལྔའི་བླང་བྱ་གཞིར་བཟུང་ནས་ཚན་རིག་དང་ལུགས་མཐུན་གྱི་ཟ་མ་བཟའ་རོགས་བྱེད་པའི་འཆར་གཞི་བཟོས་ནས་བཟའ་བཅའ་ཉོ་སྒྲུབ་དང་། གསོག་འཇོག་ལས་སྣོན། སྡེབ་སྐྱེལ་སོགས་ཀྱི་ལས་རིམ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས་ལས་རིམ་ཚང་མར་རྗེས་འདེད་དང་ལྟ་སྐུལ་བྱེད་ཐུབ་པར་འགན་ལེན་བྱས།

c779cd33cac0cc1b550143fd23169bf.jpg

  ཐེར་འདོན་བྱ་དགའ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ། སློབ་གྲྭའི་བཟའ་བཏུང་བདེ་འཇགས་ཐེར་འདོན་བྱ་དགའི་ལམ་ལུགས་དྲིལ་སྒྲོག་དང་ལག་བསྟར། དོན་འཁྱོལ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་བརྒྱུད། སློབ་གྲྭ་གཉིས་ཀྱིས་སྤྱི་བསྒྲགས་དང་སློབ་གྲྭའི་དྲ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དགེ་སློབ་དང་ཁྱིམ་བདག་ལ་ཐེར་འདོན་བྱ་དགའི་སྲིད་ཇུས་དྲིལ་སྒྲོག་བྱས་ཡོད་མོད། འོན་ཀྱང་སྔར་བཞིན་དྲིལ་སྒྲོག་བྱས་པ་མི་འདང་བ་དང་སློབ་མ་དང་ཁྱིམ་བདག་གི་ཤེས་ཚད་དམའ་བའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བས། ཞིབ་བཤེར་ཚོ་ཆུང་གིས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཆབས་ཅིག་དྲིལ་སྒྲོག་ཐབས་ལམ་རྒྱ་བསྐྱེད་ནས་ཁྱིམ་བདག་དང་སློབ་མ་ཚང་མས་ཐེར་འདོན་བདག་སྤྲོད་དང་བརྟག་དཔྱད། ཕྱིར་འཕྲིན་གཏོང་བ། བྱ་དགའ་སྤྲོད་པ་བཅས་ཀྱི་གོ་རིམ་ཞིབ་ཕྲ་ཁ་གསལ་དུ་བཏང་སྟེ། དགེ་སློབ་ཚང་མ་ལྟ་སྐུལ་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

མཉམ་སྦྲེལ་དྲ་རྒྱས་གཡོས་སྦྱོར་ཁང་གི་གནས་ཚུལ་གསལ་སྟོན་བྱེད་པར་སྐུལ་འདེད་བྱས་པའི་གནས་ཚུལ། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་དང་མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་ཀས་གཡོས་སྦྱོར་ཁང་ལ་མཉམ་སྦྲེལ་དྲ་རྒྱ་སྦྲེལ་ཏེ། ཟ་ཁང་རྒྱབ་ཕྱོགས་ཀྱི་གཡོས་སྦྱོར་ཁང་བཀོལ་སྤྱོད་ལ་དུས་ཐོག་ལྟ་སྐུལ་ཚོད་འཛིན་དང་ཡོངས་བསྒྲགས་ཁ་གསལ་མངོན་འགྱུར་བྱས་ཡོད་པ་དང་། ཞིབ་བཤེར་ཚོ་ཆུང་གིས་དུས་བཀག་ལྟར་སློབ་གྲྭའི་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། དུས་ཐོག་ཏུ་གློག་འཕྲིན་སྤྱི་གཉེར་དང་འབྲེལ་བ་བྱས་ཏེ་ལྟ་སྐུལ་ཚོད་འཛིན་བྱ་ཡུལ་དང་མི་འདང་སར་འགན་ལེན་བྱས་ནས་གཡོས་སྦྱོར་ཁང་ལ་ལྟ་རྟོག་དང་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན།

2024ལོའི་སློབ་གྲྭའི་བཟའ་བཏུང་བདེ་འཇགས་ཆེད་དོན་བཅོས་སྒྲིག་གི་གནས་ཚུལ་ལ་“ཕྱིར་བལྟས་བྱས་པའི”གནས་ཚུལ། བཅོས་སྒྲིག་སྙན་ཞུར་ཉན་པ་དང་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད་སློབ་གྲྭ་ཁག་གཅིག་ལ་བཅོས་སྒྲིག་བྱས་རྗེས་ལྷོད་གཡེང་གི་སྣང་ཚུལ་ཡོད་པ་ཤེས་རྟོགས་བྱུང་བས། ཕན་ནུས་ལྡན་པའི་རྐྱེན་སྲོལ་བཙུགས་ནས་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་གནད་དོན་སླར་ཡང་མི་འབྱུང་བའི་བླང་བྱ་བཏོན།
ཐེངས་འདིའི་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། མདའ་བཞི་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའི་ཁྲིམས་འཛིན་མི་སྣས་ཞིབ་བཤེར་ཚོ་ཆུང་གིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ཧུར་ཐག་གིས་ཉན་པ་དང་འབྲེལ། རྗེས་ཕྱོགས་ལས་དོན་གྱི་གཙོ་གནད་ཁ་ཕྱོགས་སུ་བརྩིས་ནས་སྔར་ལས་ལྷག་པའི་སྒོ་ནས་ཆད་ལྷག་ཁ་གསབ་བྱས་ཏེ་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་བཟའ་བཏུང་བདེ་འཇགས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།



མཉམ་སྤྱོད།