དེ་རིང་ནི2026ལོའི་ཟླ03པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས“བྱེད་ཐབས་ལྔ་མཉམ་སྤྱོད”ཀྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་བ།

2026-03-23 17:06:06   |   130

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་། མདའ་བཞི་རྫོང་ཨུས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་དང་ཁུལ་གྱི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། “ཚོང་གཉེར་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་ཡིན”ཞེས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། “སྲིད་ཇུས་ཀྱི་ནུས་པ་འདོན་སྤྲོད་དང་གཙོ་གཟུགས་གསོ་སྐྱོང་། རྒྱུ་རྐྱེན་གཙོ་བོ་འགན་ལེན་བཅས་ཕྱོགས་གསུམ་གཞི་གཅིག་གི་ཞབས་ཞུའི་མ་ལག་དམ་འཛིན་སར་བྱས་ཏེ། སྲིད་ཇུས་མཁོ་སྤྲོད་དང་སྲིད་དོན་ཞབས་ཞུ། རྒྱུ་རྐྱེན་གཙོ་བོའི་འགན་ལེན། གཙོ་གཟུགས་གསོ་སྐྱོང་། ཁྲིམས་སྐྱོང་སྲུང་སྐྱོང་བཅས་ཕྱོགས་ལྔའི་ཐད་ནས་མདའ་བཞིའི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད།

སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཙུགས། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་ནས་མགོ་ཁྲིད་ལས་བྱེད་པ109ཡིས་ཁེ་ལས་དང་མཉམ་ལས་ཁང89ལ་ཁ་གཏད་འགན་གཙང་ལེན་དང་མཉམ་འབྲེལ་བྱེད་པའི་འགན་གཙང་ལེན་དང་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས། “གཟའ་འཁོར་རེར་འབྲེལ་གཏུག་དང་ཟླ་རེར་བཅར་འདྲི། དུས་ཚིགས་རེར་བཀོད་གཏོང་བཅས་བྱས་ཏེ་ཡུལ་དངོས་སུ་ལས་སྒྲུབ་བྱེད་བཞིན་ཡོད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རོགས་སྐྱོར་མ་དངུལ་དོ་དམ་སོགས་ཀྱི་སྲིད་ཇུས་བཏོན་ནས། སྒོར་ཁྲི414.63བཏང་ནས་ཁྱབ་ཁོངས་ཆེན་པོ་དྲུག་ལ་ཁྱབ་པ་དང་མ་དངུལ་བགོ་བཤའི་གོ་རིམ་ལག་བསྟར་བྱས་ཡོད། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཕྱོགས་བསྒྲིགས་བཟོས་པ་དང་། སྲིད་ཇུས་སྒྲོག་འགྲེལ་ཐེངས2བྱས་ནས་ཁེ་ལས40ལྷག་ལ་ཞབས་འདེགས་ཞུས་ཡོད། གཙོ་གནད་ཐོན་ལས་ལ་དམིགས་ནས་ཆེད་དོན་འཛིན་གྲྭ་བཙུགས་ཏེ་ཚོང་འགུགས་རྐྱེན་སྲོལ་བཙུགས་ནས་ལྗང་མདོག་རྩིས་ནུས་ཀྱི་ཁེ་ལས་རྩེ་རྩ་ནང་འདྲེན་བྱས་ཡོད།

སྒྱུར་བཅོས་ཀྱི་འགག་སྒྲོལ་གཏིང་ཟབ་ཏུ་བཏང་ནས་སྲིད་དོན་གྱི་ཕན་ནུས་ཆེ་རུ་བཏང་། “ལས་རིམ་ལེགས་ཤོས་དང་ལས་ཕྱོད་མཐོ་ཤོས། ཞབས་ཞུ་ཡག་ཤོས”བཅས་དམིགས་ཚད་དུ་བྱས་ནས“གཤམ་སྤྲོད་དོ་དམ་ཞབས་ཞུའི”སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། སྤྱི་པའི་ཞབས་ཞུའི་དོན་ཚན་ཁག230ཚང་མ་སྲིད་དོན་ཚོམས་ཆེན་དུ་བཅའ་སྡོད་བྱས་པ་དང་། ཁེ་ལས་གཉེར་བའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བ་དང་མང་ཤོས་སུ་ཐེངས་གཅིག་ལ་ཁྱབ་ཚད100%ཟིན་ཡོད་པ་རེད། “ལག་ཁྱེར་དང་ལག་ཁྱེར་སོ་སོར་འབྱེད་བྱེད”ཀྱི་སྒྱུར་བཅོས་ཁྱོན་ཡོངས་ལ་ཁྱབ་པ་དང་། ཞིབ་མཆན་འགོད་པའི་དུས་ཚད་ཆ་སྙོམས40%ཡན་ཇེ་ཉུང་དུ་བཏང་ནས། གཙོ་གནད་རྣམ་གྲངས་ལ“ལྗང་མདོག་བགྲོད་ལམ”བཏོད་ཡོད། “བློ་རིག་སྲིད་དོན”རིམ་སྤོར་བྱས་ནས་ཐོ་འགོད་གློག་རྡུལ་ཅན་དུ་འགྱུར་བ་དང་། དྲ་ཐོག་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཐེངས60ལྷག་ཙམ་ཁྱབ་སྤེལ་བྱས་པ་དང་། བཟོ་ལས་རྣམ་གྲངས་ཐོ་འགོད་སྙན་ཞུའི་བརྒྱུད་རིམ་ཁུ་བསྡུ་བྱས་ཏེ་ཞིབ་མཆན་ཁ་གསལ་ཅན་དང་ཕུགས་འདེད་ཐུབ་པར་མངོན་འགྱུར་བྱུང་ཡོད།

གནད་ལ་འཁེལ་བའི་སྒོ་ནས་དཀའ་ངལ་སེལ་བར་དམིགས་ནས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་བསྣན། “ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་དྲོད་སྐྱིད་གཏོང་བའི་དཔྱིད་རླུང་བྱ་འགུལ”རྒྱུན་རྣམ་ཅན་དུ་སྤེལ་བ་དང་། 2025ལོར་སྲིད་གཞུང་གིས་སྣེ་ཁྲིད་དེ་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་བར་གྱི་འབྲེལ་གཏུག་སྟེགས་བུ་སྐྲུན་པའི་ཚོགས་འདུ་བསྡུས་ནས་དངུལ་ཁང2ཀྱིས་ཁེ་ལས4ལ་དངུལ་བུན་སྒོར་ཁྲི3200བཏང་བ་དང་། “ཁྲལ་དོན་དངུལ་བུན”སོགས་ཆེད་གཏོགས་དངུལ་རྩའི་ཐོན་རྫས་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་བརྒྱབ་སྟེ་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས21གཉེར་ནས་ལས་གནས900ལྷག་ཙམ་མཁོ་འདོན་བྱས་པ་དང་། ལས་གཏོད་ཁ་གསབ་སྒོར་ཁྲི8དང་ལས་འཚོལ་ལས་གཏོད་ཁ་གསབ་སྒོར་ཁྲི1.8སྤྲད་པ། IYBལས་གཏོད་གསོ་སྦྱོང་འཛིན་གྲྭ་སྤེལ་ཏེ་སློབ་མ30ལ་གསོ་སྦྱོང་བྱས་ཡོད། ཁྲལ་དོན་སྡེ་ཁག་གིས“ཁྲལ་དོན་དོ་དམ་པ”སྒྲིག་འཛུགས་བྱས་ཏེ་ཁྱིམ་དུ་ཡོང་ནས་ཟུར་ཁྲིད་བྱས་ཏེ་ལས་བྱེད་པས་ཁེ་ལས་འགན་གཙང་ལེན་བྱས་ཏེ་རིམ་རྩིས་བྱས་ན་ཁེ་ལས་ཀྱི་གནད་དོན་ཁག41བསྡུ་རུབ་བྱས་པ་དང་སྒྲུབ་ཚད100%ལ་སླེབས་ཡོད།

སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐས་རིམ་གསོ་སྐྱོང་བྱས་ཏེ་གཙོ་གཞིའི་གསོན་ཤུགས་སྐུལ་སྤེལ་བྱས། “སྒེར་གཉེར་བཟོ་ཚོང་ཁེ་ལས་སུ་བསྒྱུར་བ་དང་། ཁེ་ལས་ཆུང་གྲས་གཞི་ཁྱོན་ཡན་གྱི་ཁེ་ལས་སུ་སྤར་བ། གཞི་ཁྱོན་ངེས་ཅན་ལྡན་པའི་ཁེ་ལས་ལ་མ་རྐང་ལམ་ལུགས་ཀྱི་བསྒྱུར་བཀོད་བྱ་བ་དང་མ་རྐང་ཁྲོམ་རར་འདོན་པ”བཅས་ཀྱི་སྐས་རིམ་གསོ་སྐྱོང་མ་ལག་བཙུགས་པ་དང་། “ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན་དང་དཔེ་གསར་ཅན་གྱི”ཁེ་ལས་གསོ་སྐྱོང་མཛོད་བཙུགས་ནས“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”ལག་བསྟར་བྱས་ཏེ། 2025ལོར་ཞིང་ཆེན་རིམ་པའི་ཆེད་ལས་ཅན་ཞིབ་ཚགས་ཅན་དང་ཁྱད་ཆོས་ཅན་དང་དཔེ་གསར་ཅན་གྱི་ཁེ་ལས1དང་ཞིང་ཆེན་རིམ་པའི་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང3གསོ་སྐྱོང་བྱས་པ་མ་ཟད། གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཚད་བཀག་ཡན་གྱི་ཚོང་དོན་ཁེ་ལས1རེར་ལེགས་གྲུབ་བྱུང་བ་དང་། ཁེ་ལས30ལྷག་ཙམ་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི1150རེ་ཞུ་བྱེད་རོགས་བྱས་ཡོད། ཁེ་ལས་འབྲིང་ཆུང་དང་ཆུང་གྲས20ལྷག་ཙམ་རྩ་འཛུགས་བྱས་ཏེ་མཚམས་སྦྱོར་འགྲེམས་ཚོང་བྱེད་སྒོ་ཐེངས13གྱི་ནང་ཞུགས་སུ་བཅུག་པ་དང་། ཁེ་ལས་ཀྱིས་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་མཛུབ་ཁྲིད་བཅས་བྱས་ཡོད།

ཁྲིམས་སྐྱོང་གི་སྲུང་སྐྱོང་རྒྱུན་འཁྱོངས་བྱས་ཏེ་དྲང་བདེན་གྱི་ཁོར་ཡུག་བསྐྲུན་ཡོད། “ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན”ཞེས་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྡེ་ཁག་མཉམ་འབྲེལ་བྱས་ཏེ་འཐེན་བཤེར་བྱེད་པ་བཅས་བྱས་ནས་ཁེ་ལས་གཉེར་སྐྱོང་ལ་འགོག་རྐྱེན་བཟོ་བ་དང་སྡེ་ཁག་ལས་བརྒལ་བའི་མཉམ་འབྲེལ་ཆད་འདོམས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས“ཡིད་རྟོན་མདའ་བཞིའི”འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི“ཡོངས་བསྒྲགས་གཉིས་ཀྱི་ཆ་འཕྲིན་ཚད་ལོན་ཚད100%ལ་སླེབས་ཡོད་པ་དང་ཡིད་རྟོན་གདེང་འཇོག་འབྲས་བུ་ཁྱོན་ཡོངས་ནས་དམིགས་འཇུག་འགུགས་པ་སོགས་ཁྱབ་ཁོངས་སུ་སྤྱོད་རྒྱུ་དང་། ཚོང་དོན་འཁོར་རྒྱུག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་སྟེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་དང་། དྲང་བདེན་དང་གོ་རིམ་ལྡན་པའི་ཚོང་རའི་འགྲན་རྩོད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད།



མཉམ་སྤྱོད།