དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་བ།

2026-03-17 10:54:31   |   153

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་དང་ཁྲིམས་སྐྱོང་དྲིལ་སྒྲོག་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱ་ཆེད། ཉེ་ཆར་མདའ་བཞི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་རྫོང་འཐབ་ཕྱོགས་གཅིག་གྱུར་པུའི་བྱ་བའི་བླང་བྱ་གཞིར་བཟུང་སྟེ། རྐང་འཛིན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྒར་ཐོག་དགོན་དུ་བསྐྱོད་དེ་རྫོང་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་གཅིག་སྡུད་དྲིལ་སྒྲོག་སྒྲོག་འགྲེལ་བྱེད་སྒོའི་ནང་ཞུགས་ནས་ལག་ལེན་དངོས་ལ་བརྟེན་ནས་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་བྱེད་སྒོ་སྤེལ། གྲོང་ཁྱེར་ལྟ་སྐུལ་ཅུས“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུའི”ལྟེ་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། དགོན་སྡེའི་མཐའ་འཁོར་གྱི་གཉེར་སྐྱོང་དང་དད་ལྡན་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་དང་ཟུང་འབྲེལ་སྒོས་གོ་བདེ་གོ་སླ་བའི་སྐད་ཆ་དང་གསོན་ཉམས་ལྡན་པའི་དཔེ་མཚོན་སྤྱད་ནས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཏུང་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བརྒྱབ་པ་མ་ཟད། བཟའ་བཏུང་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་ཚོང་ཟོག་རྫུན་མ་དང་སྤུས་ཞན་དབྱེ་འབྱེད། འཛད་སྤྱོད་རྩོད་གཞིའི་ཁེ་དབང་སྲུང་སྐྱོང་གི་བརྒྱུད་རིམ། ཆོས་ལུགས་གནས་ཡུལ་དང་དེ་བཞིན་ཉེ་འཁོར་གྱི་ཚོང་དུད་ལ་དམིགས་ཏེ་ལས་དོན་མི་སྣས་བཟའ་བཏུང་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དང་རིན་གོང་ཁ་གསལ་བཀོད་ནས་ཡིད་རྟོན་གཉེར་སྐྱོང་བྱེད་པ་སོགས་ཀྱི་བླང་བྱ་གཙོ་གནད་དུ་བཟུང་ནས་ནན་བཤད་བྱས་ཏེ། རང་རྟོགས་ངང་གཉེར་སྐྱོང་ལག་ལེན་ཚད་ལྡན་དུ་གཏོང་བ་དང་ཁྲོམ་རའི་སྒྲིག་ལམ་རང་རྟོགས་ངང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་། དད་ལྡན་མང་ཚོགས་ལ་ཕྱོགས་ནས་ངང་རྒྱུད་རིང་པོས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་དང་བརྒྱུད་རིམ་འགྲེལ་བཤད་བརྒྱབ་པ་དང་། ཚང་མར་དྲིལ་སྒྲོག་རྫུན་མ་དང་རིན་གོང་མགོ་སྐོར་གཏོང་བ་སོགས་རང་ངོས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་དོགས་ཟོན་བྱེད་དགོས་པར་དྲན་སྐུལ་བྱས་པ་མ་ཟད། ཚང་མར་རང་རྟོགས་ངང་ཁྲིམས་སྦྱོང་བ་དང་ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་བྱས་ཏེ་བཅའ་ཁྲིམས་ཀྱི་ལག་ཆར་བརྟེན་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ལྕག་སྐུལ་བྱས།

061d2666203a2133b6427c3feadbd3c8.jpg

སྒྲོག་འགྲེལ་བྱེད་རིང་ཁྲོམ་ར་རྟོག་དམ་ཅུའི་ལས་དོན་མི་སྣས་དྲིལ་སྒྲོག་ལག་དེབ་སྤྲད་དེ་བློ་འདྲི་བྱེད་པར་ཡོང་མཁན་གྱི་ཚོང་པ་དང་དད་ལྡན་མང་ཚོགས་ཀྱི་དོགས་གཞི་སེལ་ནས་གཉེར་སྐྱོང་དང་འཛད་སྤྱོད་ཁྲོད་འཕྲད་པའི་གནད་དོན་དངོས་ངོ་ཐུག་གདོང་འཕྲད་ཀྱིས་ཐག་གཅོད་བྱས་ཤིང་། ཡུལ་དངོས་བྱེད་སྒོའི་ནང་ཞུགས་མཁན་གྱི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་ཐེངས་འདིའི་སྒྲོག་འགྲེལ་ནང་དོན་འཚོ་བ་དང་ཉེ་བ། སྤྱོད་གོ་ཆོད་པའི་རང་བཞིན་ཆེན་པོ་ཡོད་པས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་གོ་བ་གཏིང་ཟབ་ཏུ་ཕྱིན་པ་མ་ཟད། སྤྱོད་གོ་ཆོད་པའི་ཁྲོམ་ར་ལྟ་སྐུལ་དོ་དམ་དང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཤེས་བྱའང་གང་ལ་གང་འཚམ་ཐོབ་ཡོད། རྗེས་ཕྱོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ནས་ཞི་མཐུན་བརྟན་ལྷིང་གི་ཁྲོམ་རའི་ཁོར་ཡུག་དང་ཆོས་ལུགས་ཀྱི་ཁོར་ཡུག་ཐུན་མོང་གིས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

ཐེངས་འདིའི་བྱེད་སྒོ་ནི་མདའ་བཞི་རྫོང་དང་ཁྲོམ་ར་རྟོག་དམ་ཅུས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་བསྟར་བ་དང་ཆོས་ལུགས་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱེད་ཐབས་ཀྱིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས། རྒྱལ་ཁབ་ཀྱི་འདུ་ཤེས་བཅས་གཏིང་ཟབ་ཏུ་ཕྱིན་པ་མ་ཟད། དགོན་སྡེའི་མཐའ་འཁོར་གྱི་ཁྲོམ་རའི་བདེ་འཇགས་འགོག་སྲུང་འཛིང་རགས་སྔར་ལས་ཇེ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྐུལ་འདེད་དང་རྨང་གཞི་བརྟན་པོ་བཏིངས་ཡོད། གོམ་སྟབས་རྗེས་མར་མདའ་བཞི་རྫོང་དང་ཁྲོམ་ར་རྟོག་དམ་ཅུས“བཅའ་ཁྲིམས་དགོན་པར་སྤེལ་བ”དང“ལྟ་སྐུལ་དོ་དམ་བྱ་ཡུལ་དུ་སྤེལ་བའི”ལག་ལེན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་དམིགས་སའི་རང་བཞིན་གྱི་དྲིལ་སྒྲོག་དང་གནད་འཁེལ་ཅན་གྱི་ལྟ་སྐུལ་དོ་དམ་རྒྱུན་རྣམ་ཅན་དུ་སྤེལ་ཏེ། བྱ་བའི་ཕན་འབྲས་ཏན་ཏིག་ལ་བརྟེན་ནས་དད་ལྡན་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མདའ་བཞི་དང་དང་ཁྲིམས་སྐྱོང་མདའ་བཞི་བསྐྲུན་པར་བྱས་རྗེས་འཇོག་དགོས། 



མཉམ་སྤྱོད།