དེ་རིང་ནི2026ལོའི་ཟླ03པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་དཔྱིད་རྨོའི་གྲ་སྒྲིག་འདེབས་འཛུགས་ཁྱོན་ཡོངས་ནས་མགོ་བརྩམས་པ།

2026-03-16 11:15:23   |   124

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱན་སྦྱོར་གྱིས་ཟླ3པའི་ཚེས14ཉིན་མཚོ་བྱང་ནས་སྤེལ་བའི་གསར་འགྱུར་ལྟར་ན། དཔྱིད་དུས་སླེབས་ལ་ཉེ་བའི་སྐབས་འདིར། ས་མཐོའི་ས་ཞིང་གཤིན་པོ་རིམ་བཞིན་དཔྱིད་རྨོ་དང་འདེབས་འཛུགས་གྲ་སྒྲིག་བྱེད་པའི་དུས་སྐབས་ལ་སླེབས་ཡོད་ཅིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་དཔྱིད་རྨོ་གྲ་སྒྲིག་གི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིངས།   

ད་ལོའི་དཔྱིད་རྨོ་བྱེད་སྐབས་མདའ་བཞི་རྫོང་གིས་འདེབས་འཛུགས་གྲུབ་ཆ་ཇེ་ལེགས་སུ་བཏང་ནས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང4.07ལེགས་འགྲུབ་བྱ་རྩིས་ཡོད་པ་དེའི་ནང་འབྲུ་རིགས་ལོ་ཏོག་སྤྱི་ཆིང2.09དང་།  སྣུམ་རྒྱུའི་ལོ་ཏོག་སྤྱི་ཆིང1.73དང་། ལོ་ཏོག་གཞན་དག་སྤྱི་ཆིང0.25བཅས་ཡོད་པས། “འབྲུ་རིགས་བརྟན་པོ་དང་སྣུམ་མང་དུ་གཏོང་བའི”དམིགས་ཚད་བརྟན་པོའི་ངང་ལག་ལེན་དངོས་འབེབས་བྱས། ཞིང་ལས་རྒྱུ་ཆས་འགན་ལེན་ཐད་མདའ་བཞི་རྫོང་གིས་ནས་སོན་བཟང་ཏུན800དང་།  ལོག་དཀར་སོན་བཟང་ཏུན300དང་། རྫས་ལུད་ཏུན1000དང་།  ཚོང་ཟོག་གི་སྐྱེ་ལྡན་ལུད་ཏུན4000སོགས་ཞིང་ལས་རྒྱུ་ཆས་སྣ་ཚོགས་གསོག་འཇོག་འདང་ངེས་ཡོད་པ་དང་རིན་གོང་བརྟན་པོ་ཡོད་པས་དཔྱིད་འདེབས་ཀྱི་དགོས་མཁོ་གང་ལེགས་སྐོང་ཐུབ་ཡོད།

དཔྱིད་རྨོ་འདེབས་འཛུགས་རིང་། མདའ་བཞི་རྫོང་གིས་སྔོན་དཔག་བྱས་ན་འདྲུད་འཐེན་འཁོར་ལོ161དང་ལེ་ལག་ཚང་བའི་འཕྲུལ་ཆས287གྲ་སྒྲིག་བྱས་ཏེ། སྡོམ་རྩིས་བྱས་ན་ཞིང་ལས་འཕྲུལ་ཆས448ཐེངས་འདིའི་ཞིང་རྨོ་འདེབས་འཛུགས་ཁྲོད་གཏོང་རྒྱུ་ཡིན་པ་རེད། མིག་སྔར་ཞིང་ལས་འཕྲུལ་ཆས་ཞིབ་བཤེར་བཟོ་བཅོས་བདག་སྐྱོང་དང་ལག་རྩལ་གསོ་སྦྱོང་བྱས་ཏེ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་དུས་གཅིག་ཏུ་དྲིལ་སྒྲོག་བྱས་ནས་ཞིང་བའི་ཁྱིམ་ཚང་གི་འཕྲུལ་ཆས་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས། གཞན་ཡང་ཆུ་བེད་འགན་ལེན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བ་དང་ཞིང་ཆུ་གཏོང་ཁུལ་གྱི་ཆུ་འདམ་གཙང་སེལ་དང་ཉམས་གསོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས། མིག་སྔར་སྤྱི་ལེ5ཡི་ཆུ་ཡུར་གཙང་སེལ་ལེགས་འགྲུབ་བྱས་པ་དང་ཟླ4པའི་ཟླ་མཇུག་ཏུ་སྤྱི་ལེ110ཡི་ཆུ་ཡུར་དང་ཡན་ལག་ཆུ་ཡུར་གཙང་སེལ་བཅོས་སྒྲིག་ལེགས་གྲུབ་བྱས་ནས་དཔྱིད་རྨོ་འདེབས་འཛུགས་ལ་འགན་ལེན་བྱ་རྒྱུ་རེད། 



མཉམ་སྤྱོད།