དེ་རིང་ནི2026ལོའི་ཟླ03པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་དཀའ་ངལ་ཁྱིམ་ཚང་གི་འཚོ་བར་འགན་ལེན་བྱེད་པའི་ལས་དོན་ཏན་ཏིག་གིས་སྤེལ་བ།

2026-03-27 09:13:22   |   150

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་མདའ་བཞི་རྫོང་ཨུས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མས་སྐྱོར་འགན་སྲུང་གི“དགུན་དུས་འགག་སྒྲོལ”བྱ་སྤྱོད་ཀྱི་བླང་བྱར་དམ་པོར་དམིགས་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འབྱུང་ཡུལ་རྫོང་གི་གནས་ཚུལ་དངོས་གཞིར་བཟུང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བཅས་བྱས་ནས་གནད་ལ་འཁེལ་བའི་ངོས་འཛིན་དང་ནུས་ཆེའི་རོགས་སྐྱོབ། བྱམས་བརྩེའི་ཞབས་ཞུ་བཅས་འགག་རྩ་ཆེན་པོ་གསུམ་ལ་དམིགས་ཏེ། རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་ཁྱོན་ཡོངས་ནས་བསྐྲུན་ནས་མི་རིགས་ཁག་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་སྲུང་སྐྱོང་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར། སྐྱིད་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། 

གནད་ལ་འཁེལ་བའི་དབྱེ་འབྱེད་ལ་དམིགས་ནས་རོགས་སྐྱོབ་ཀྱི་རྨང་གཞི་བརྟན་པོ་བསྐྲུན་ཡོད། གནད་ལ་འཁེལ་བའི་ངོས་འཛིན་བྱ་རྒྱུ་དེ་མས་སྐྱོར་འགན་སྲུང་གི་གོ་རིམ་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རིགས་དབྱེ་སྲིད་ཇུས་ལག་བསྟར་དང་འགུལ་རྣམ་ལེགས་སྒྲིག་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར་འགན་ལེན་བྱས། “མི་གཅིག་འགན་ལེན”དང་། མ་མཐའི་འཚོ་བའི་འགན་ལེན་རིམ་བཞིན་ཕྱིར་འཐེན་བྱེད་པ། འགྱུར་མེད་གཏོང་སྒོ་འཕྲི་འཐེན་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྲིད་ཇུས་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ནས་རོགས་སྐྱོབ་ཐོན་ཁུངས་དཀའ་ངལ་ཡོད་པའི་རིགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་གནས་འགན་སྲུང་དང་། དམིགས་བསལ་དབུལ་པོའི་ཁ་གསབ། མ་མཐའི་འཚོ་གནས་འགན་སྲུང་གི་མཐའ་མཚམས་ཁྱིམ་ཚང་། འགྱུར་མེད་གཏོང་སྒོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་།དཀའ་ངལ་ཡོད་པའི་བྱིས་པ་བཅས་གཙོ་གནད་ཚོགས་སྤྱི་རིགས5ལ་ནན་མོ་གཞིགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འགུལ་རྣམ་རྟོག་འཇལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགུལ་རྣམ་དོ་དམ་དང་རྒྱུན་རྣམ་གསར་སྒྱུར་བྱས་ཡོད།

དྲ་ཐོག་དང་ཡུལ་དངོས་གཉིས་མཉམ་འདྲེས་ལ་དམིགས་ནས་འགན་ལེན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ཡོད། དྲ་ཐོག་རྟོ ག་འཇལ་དང་ཡུལ་དངོས་གྱི་གྲལ་བཤེར་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཐེ་གཏོགས། སྔ་མོ་ནས་རོགས་སྐྱོབ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་དམངས་ཚིས་འགན་ལེན་གྱི་མཐའ་ཐིག་བརྟན་སྲུང་བྱས་ཡོད། ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་རྟོག་འཇལ་ལས་སྟེགས་ལ་བརྟེན་ནས“དགུན་དུས་འགག་སྒྲོལ”གྱི་ཆེད་དོན་བྱ་འགུལ་གཏིང་ཟབ་སྤེལ་ནས“གྲངས་གཞི་ཆེན་པོའི་ཞིབ་བསྡུར+ཡུལ་དངོས་གྲལ་བཤེར”གྱི་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་ཡོད། མིག་སྔའི་བར་དྲ་ཐོག་གི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན10ཐག་གཅོད་བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཁྱིམ་ཚང455དང་མི1069ལ་བཅར་འདྲི་བྱས་པ་དང་། ལོ10ནས18བར་གྱི་བྱིས་པ4873ཁྱོན་ཡོངས་ནས་རྩད་གཅོད་བྱས་ནས་ཉེན་ཁ་དང་བྱུར་རྐྱེན་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཐག་གཅོད་བྱས་ཡོད།

བྱམས་བརྩེའི་ཞབས་འདེགས་ཞུ་བར་དམིགས་ནས་ཏང་གི་དྲོད་ཁོལ་བརྒྱུད་སྤྲོད་བྱས་ཡོད། དམངས་ཀྱི་དཀའ་ངལ་དང་རེ་སྒུག་དེ་བྱ་བའི་ཤུགས་འདོན་སར་བྱ་རྒྱུ་རྒྱུན་འཁྱོངས་དང་། གནས་སྐབས་རོགས་སྐྱོབ་དང་མགྱོགས་མྱུར་དང་ལེན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཤུགས་ཆེན་དང་དྲོད་ཚད་ལྡན་པའི་ཞབས་ཞུར་བརྟེན་ནས་དམངས་ཀྱི་དཀའ་ངལ་སེལ་བ་དང་དམངས་སེམས་ལ་དྲོ་སྐྱིད་ཡོང་བ་བཅས་བྱས་ཡོད། ནད་དང་སློབ་གསོ། གློ་བུར་དུ་བྱུང་བའི་རྐྱེན་ངན་སོགས་གཙོ་གནད་ཚོགས་སྤྱི་ལ་དོ་སྣང་ཆེན་པོ་བྱས་ནས་གནས་སྐབས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་། མིག་སྔར་སྒོར5000ཡན་གྱིས་ཁྱིམ་ཚང50དང་མི163ལ་གནས་སྐབས་རོགས་སྐྱོབ་བྱ་རྒྱུ་དོན་འཁྱོལ་བྱས་ནས་མ་དངུལ་སྒོར་ཁྲི56.91སྤྲད་དེ་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་སེལ་ཡོད། “གྲངས་ཉུང་མྱུར་སྐྱོབ”རྐྱེན་སྲོལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ནས་སྒོར5000མན་གྱི་གནས་སྐབས་རོགས་སྐྱོབ་ཞིབ་མཆན་འགོད་པའི་དུས་ཚད་ཉིན7བར་ཇེ་ཐུང་དུ་བཏང་ནས་རོགས་སྐྱོབ་ཀྱི་ཕན་འབྲས་ཆེ་རུ་བཏང་། མིག་སྔའི་བར་ཁྱིམ་ཚང187དང་མི492ལ་ནུས་ཆེའི་སྒོ་ནས་རོགས་སྐྱོབ་མ་དངུལ་སྒོར་ཁྲི39.9སྤྲད་ཡོད། དུས་ཆེན་གཉིས་ཀྱི་འཚམས་འདྲི་དང་ཟུང་འབྲེལ་གྱིས་མི་ཐེངས70ལྷག་ལ་གཅེས་སྐྱོང་ཞབས་ཞུ་བྱས་པ་དང་དངོས་ཟོག་དང་འཚམས་འདྲིའི་དངུལ་སྒོར་ཁྲི3.08སྤྲད་དེ་ཏང་དང་སྲིད་གཞུང་གི་དྲོད་ཁོལ་མང་ཚོགས་ཀྱི་སེམས་ལ་བསྐྱལ་ཡོད།



མཉམ་སྤྱོད།