དེ་རིང་ནི2026ལོའི་ཟླ04པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་མ་རྩ་གསུམ་གྱི་དོ་དོམ་ལ་ཤུགས་བརྒྱབ་སྟེ་གྲོང་གསེབ་དར་སྤེལ་གྱི་ཐུན་མོང་རྒྱུ་ནོར་ལ་བདག་དོམ་བྱས་པ།

2026-04-02 11:53:28   |   28

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་ནས་ཟླ3པའི་ཚེས30ཉིན་གློག་འཕྲིན་འབྱོར་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ”(མ་དངུལ་དང་རྒྱུ་ནོར།  ཐོན་ཁུངས)དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ལམ་ལུགས་ཅན་གྱི་འཛུགས་སྐྲུན་གྱིས་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། གཞི་གྲངས་ཅན་གྱི་ནུས་པ་སྤྲད་ནས་ཕན་འབྲས་ཆེ་རུ་བཏང་བ། ཚད་ལྡན་ཅན་གྱི་དོ་དམ་གྱིས་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ་བཅས་ལ་བརྟེན་ནས་འབྲེལ་ཐག་ཧྲིལ་པོ་དང་ཕྱོགས་ཡོངས་ནས“མ་རྩ་གསུམ”དོ་དམ་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱས་ཏེ། སྡེ་བ་ཐུན་མོང་དང་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། 

མདའ་བཞི་རྫོང་གིས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི“མ་རྩ་གསུམ”གྱི་དོ་དམ་སྒྲོམ་གཞི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བགོས་མགོ་ཁྲིད་དང་ཞིང་ལས་དཔལ་འབྱོར་གྱི་ཆེད་ལས་ལས་བྱེད་པའི་འགན་འཁྲི་ཁ་གསལ་བཟོས་ཏེ། སྡེ་བ་རིམ་པའི་རྩིས་ཁྲའི་ཆེད་དོན་གཙང་བཤེར་ལག་ལེན་ཏན་ཏིག་གིས་སྤེལ་ནས་རྩིས་ཁྲའི་དོ་དམ་གྱི་བྱུར་རྐྱེན་ཁྱོན་ཡོངས་ནས་གསེད་བཀྲོལ་དང་གྲལ་བཤེར་བྱས་ཏེ་རྩིས་ཁྲའི་བེད་སྤྱོད་བརྒྱུད་རིམ་ཚད་ལྡན་དུ་བཏང་ཡོད། “མ་རྩ་གསུམ”གྱི་དོ་དམ་དེ་གཞི་རིམ་བཅོས་སྐྱོང་གི་གཙོ་གནད་ནང་དོན་ནང་བཅུག་སྟེ་ཆེད་དོན་བཀོད་གཏོང་དང་། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད། རྒྱུན་རྣམ་ཅན་གྱི་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་ཁྲིད་དང་ལྡོག་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཏེ། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ཡོད། 

མདའ་བཞི་རྫོང་གིས་ཞིང་ཆེན་རིམ་པའི་སྡེ་བའི་མཉམ་སྡེབ་ཀྱི“མ་རྩ་གསུམ”དོ་དམ་གཞི་གྲངས་ཀྱི་སྟེགས་བུ་ཁྱོན་ཡོངས་ནས་སྤྱོད་མགོ་བརྩམས་ཡོད་པ་དང་། དངུལ་ཁང་དང་ཞིང་ལས་ཐད་སྦྲེལ་མ་ལག་ཤར་གཏོང་ཐུབ་པ་དང་སྡེ་བ་རིམ་པའི་མ་དངུལ་གཏོང་ཡོང་དྲ་ཐོག་ནས་ཞིབ་མཆན་འགོད་པ་དང་དྲ་ཐོག་ནས་འཁོར་རྒྱུག་ཐུབ་པ་བཅས་བྱས་ཏེ་མ་དངུལ་དོ་དམ་གྱི“མཐའ་མའི་སྤྱི་ལེ་གཅིག་དང་རིམ་པ་དྲུག་གི་ནོར་དོན་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་བཙུགས་ནས་གོ་རིམ་ཁག་གི་ཞིབ་བཤེར་ཆོག་མཆན་འགོད་པའི་འགན་འཁྲི་ཁ་གསལ་བཟོས་བ་དང་། ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ་ཚད་ལྡན་དང་སྒྲིག་འགལ་གྱི་བཀོལ་སྤྱོད་གཏན་འགོག་བཅས་བྱས་ཡོད། ཆེད་དོན་བཅོས་སྐྱོང་གི་ལག་བསྟར་ཇུས་གཞི་བཟོས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས“མ་རྩ་གསུམ”གྱི་དོ་དམ་གནད་དོན་གྲལ་བཤེར་བཅོས་སྐྱོང་དང་། “མ་རྩ་གསུམ”གྱི་ཆེད་དོན་སྐོར་ཞིབ་རྩིས་བཤེར་གཏིང་ཟབ་ཏུ་བཏང་སྟེ་གནད་དོན་འབུར་ཐོན་དུས་ཐོག་ཏུ་རྒྱུས་ལོན་དང་བཅོས་སྐྱོང་བྱས་ཡོད། ཐབས་ལམ་མང་པོའི་ཐོག་ནས་སྡེ་བའི་ལས་དོན་ཡོངས་བསྒྲགས་བྱེད་པ་ཚད་ལྡན་དུ་བཏང་ནས་གྲངས་འཛིན་སྟེགས་བུ་དང་སྡེ་བ་རིམ་པའི་ཡོངས་བསྒྲགས་སྒྲོམ་གཞི་སོགས་གཞི་རྟེན་ལ་བརྟེན་ནས་སྡེ་བ་རིམ་པའི་ནོར་དོན་གཏོང་ཡོང་དང་རྒྱུ་ནོར་ཐག་གཅོད། ཐོན་ཁུངས་འཁོར་རྒྱུག་སོགས་ཀྱི་དོན་དག་ཁྱོན་ཡོངས་ནས་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་ཐེ་གཏོགས་དང་ཟབ་ཞུགས་དབང་ཆར་འགན་ལེན་བྱས་ཡོད། 

མདའ་བཞི་རྫོང་གིས་འགན་ནུས་ལས་ཁུངས་ཀྱི་མཉམ་འགུལ་ལྟ་སྐུལ་བྱེད་སྟངས་གསར་གཏོད་སྤྱད་དེ་སྡེ་བ་དང་སྡེ་ཚོགས་ཀྱི“མ་རྩ་གསུམ”གཙང་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་ནས“མ་རྩ་གསུམ”གྱི་གཞི་གྲངས་གསལ་རྟོགས་དང་དོ་དམ་རྩིས་ཐོ་གསལ་པོ་བཟོས་ཡོད་པ་དང་།  དུས་ཚིགས་ཀྱི་མཉམ་འབྲེལ་ཚོགས་འདུའི་རྐྱེན་སྲོལ་བཙུགས་ནས་ལས་ཁུངས་ཁག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བརྒྱབ་ནས་གྲལ་བཤེར་དང་། དག་ཐེར་ལེགས་བཅོས།  ལྡོག་འདྲེན།  སྲ་བརྟན་བཅས་ཀྱི་གདུབ་ཟུམ་དོ་དམ་མ་ལག་ཆགས་པར་བྱས་ཡོད། དབང་ཆ་ཆུང་གྲས་དང“ལྟ་སྐུལ་ཕྱོགས་གཅིག་ཐུང་བའི”ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་གཞི་རིམ་གྱི“མ་རྩ་གསུམ”དོ་དམ་སོགས་ལྟེ་བའི་ལྟ་སྐུལ་ཁྱབ་ཁོངས་ཆེན་པོ6ལ་དམིགས་ནས་ཞིབ་ཕྲའི་ལྟ་སྐུལ་དོན་ཚན80ཞིབ་ཕྲ་བཟོས་ཏེ་ལྟ་སྐུལ་གནད་འཁེལ་ཅན་དང་རྒྱུན་རྣམ་ཅན་མངོན་འགྱུར་ཡོང་བ་བྱས་ཡོད། 

དེ་དང་ཆབས་ཅིག་ཏུ“མ་རྩ་གསུམ”གྱི་དོ་དམ་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་བ་དང་། སྡེ་བ་རིམ་པའི་ནོར་དོན་དོན་ཚན་གལ་ཆེན་གྱི་ཐུན་མོང་ཐབས་ཇུས་རྐྱེན་སྲོལ་ཁྱབ་གདལ་ནན་མོ་བཏང་བ། རྒྱུན་རྣམ་ཅན་དུ“མ་རྩ་གསུམ”གྱི་དོ་དམ་ལས་སྒོའི་གསོ་སྦྱོང་སྤེལ་བ་དང་། སྡེ་བ་རིམ་པའི་སྐབས་བརྗེ་ནོར་དོན་རྩིས་སྤྲོད་ལས་དོན་ཚད་ལྡན་དང་སྡེ་བའི་ཐུན་མོང་གི་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་བཅས་ཐོ་འགོད་རྩིས་ཐོ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།  “མ་རྩ་གསུམ”གྱི་དོ་དམ་གཞི་གྲངས་གསལ་པོར་བཟོས་ཡོད། 



མཉམ་སྤྱོད།