དེ་རིང་ནི2026ལོའི་ཟླ04པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས་གཏིང་ཟབ་སྒོས་སྤེལ་ནས་ཞིབ་དཔྱོད་ཀྱིས་དམངས་ཚིས་ལས་དོན་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་གསར་བ་བསྐྲུན་པ།

2026-04-01 16:17:10   |   276

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་མཚོ་སྔོན་ལག་ལེན་མུ་མཐུད་གཏིང་ཟབ་ཏུ་སྤེལ་ཆེད། མདའ་བཞི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་འགན་ནུས་གཙོར་བཟུང་ནས“གོམ་སྟབས་ལྔའི་སྨན་བཅོས་བཅའ་ཁྲིམས”དང“ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”གསར་གཏོད་དང་བེད་སྤྱོད་བྱས་ནས། ཞུ་གཏུག་རྒྱུ་མཚན་ཞུ་འབུལ་གྱི་ཞིབ་དཔྱོད་ཞབས་ཞུ་དེ་གཞི་རིམ་བཅོས་སྐྱོང་ཐད་འདྲེས་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཏན་ཏིག་གིས་མཐོར་འདེགས་བཏང་ཡོད། 

ཆེད་མཁས་པས་སློབ་ཁྲིད་བྱས་ནས་བསམ་བློས་ལག་ལེན་ལ་སྣེ་ཁྲིད་དེ་འགག་སྒྲོལ་བྱས་པ། ཞིབ་དཔྱོད་མི་སྣས་ཁྲིམས་སྐྱོང་གི་བསམ་གཞིག་ལ་བརྟེན་ནས་གཞི་རིམ་གྱི་འགལ་བ་སེལ་བའི་ནུས་པ་ཆེ་རུ་གཏོང་ཆེད། མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་རྒན་གྲས་ཆེད་མངགས་གདན་དྲངས་ནས“དུས་རབས་གསར་པའི‘ཧྥེང་ཆའོ་ཉམས་མྱོང’དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བའི”ཆེད་དོན་སློབ་ཁྲིད་བྱསཤིང་། གསོ་སྦྱོང་དེ་མདའ་བཞི་རྫོང་གི་མི་རིགས་མང་པོ་འདུས་སྡོད་དང་ཞིང་འབྲོག་མཉམ་འདྲེས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས“ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”ཀྱི་ལྟེ་བའི་དོན་སྙིང་ལ་གསལ་འགྲེལ་གཏིང་ཟབ་བྱས། གྱོད་དཔེར་དབྱེ་ཞིབ་དང་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་བྱས་པ་བརྒྱུད་ཞིབ་དཔྱོད་མི་སྣས“མངོན་མེད་རྐྱེན་ངན་ཆུང་ཆུང་སྔ་མོ་ནས་གྲལ་བཤེར་དང་། རྩོད་གཞི་ཆུང་ཆུང་མགྱོགས་མྱུར་འདུམ་འགྲིག”བྱ་རྒྱུ་དེ་ནི་བྱ་བའི་བྱེད་ཐབས་ཤིག་ཡིན་པ་མ་ཟད། “མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པའི”ཁྲིམས་འཛིན་འདུ་ཤེས་ལག་ལེན་བསྟར་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཞིབ་དཔྱོད་མི་སྣའི“འགལ་བ་གོང་ལ་མི་སྤྲོད་པ་དང་། དོན་དག་མི་འབྱུང་བ་བར་བདེ་འཇགས་ཡིན་པ། ཞབས་ཞུས་དགོས་མཁོ་སྐོང་བ་བཅས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་ཡོད།

འབྱུང་རྩ་ནས་སྔོན་འགོག་བྱེད་པར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ནས་ཚགས་དམ་པོར་བྱས་པ། “སྔོན་འགོག་སྔ་མོ་ནས་བྱེད་པ་དང་། ཐག་གཅོད་ཆུང་ངུ་ནས་བྱེད་པ”རྒྱུན་འཁྱོངས་བྱས་ཏེ་ཞིབ་དཔྱོད་མི་སྣ་རྩ་འཛུགས་བྱས་ནས་སྡེ་བ་དང་སྡེ་ཚོགས་སོགས་དང་མཉམ་འབྲེལ་བྱས་ཏེ། “ཡོངས་སུ་ཁྱབ་པའི”རྣམ་པའི་ཁྲིམས་སྐྱོང་འདྲི་རྟོག་བྱས་ཤིང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་སྤེལ་རེས་དང་མང་ཚོགས་དང་རྒྱུན་གཏན་གླེང་མོལ་བྱས་པ་བརྒྱུད་གཞི་རིམ་གྱི་སྤྱི་ཚོགས་གནས་ཚུལ་དང་དམངས་འདོད་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ་རྩྭ་རའི་འགན་གཙང་ལེན་དང་ཁྱིམ་མཚེས་འཆམ་མཐུན་མཉམ་གནས་བྱེད་པ། དམངས་ཚིས་རེ་འདུན་སོགས་ཐད་ཀྱི་མང་ཚོགས་ཀྱི་བཅའ་ཁྲིམས་ཐད་ཀྱི་སོམ་ཉིའི་དྲ་བར་ཚུད་པ་དང་དངོས་ཡོད་དཀའ་ངལ་བཅར་འདྲི་བྱེད་རིང་ཞིབ་དཔྱོད་མི་སྣས་མང་ཚོགས་ཀྱི“དཀའ་ངལ་དངོས་མར་སེམས་ཁྲལ་བྱེད་པ་བཅས་ཀྱི་ཁྲོད་ནས་མི་མངོན་པའི་འགལ་བ་དང་ཉེན་ཁའི་གནས་འཛིན་རྒྱུར་མཐོང་ཆེན་བྱས་ཏེ་ཁྲིམས་སྐྱོང་དྲིལ་སྒྲོག་དང་ཞབས་ཞུ་རྒྱུན་གཏན་གྱི་བཅར་འདྲི་ནང་མཉམ་འདྲེས་བྱས་ནས་ཁྲིམས་སྐྱོང་ཁྲིད་སྟོན་དང་སྲིད་ཇུས་གསལ་འགྲེལ་སྔ་སྣུར་བྱས་ཏེ་ཞིབ་དཔྱོད་ཞབས་ཞུའི་འགག་སྒོ་མང་ཚོགས་ཀྱི་སྒོ་འགྲམ་དུ་སྤོ་སྒྱུར་ཏན་ཏིག་བྱས་ནས་སྤྱི་ཚོགས་བརྟན་ལྷིང་གི“འགོག་སྲུང་འཛིང་རགས་དང་པོ”བརྟན་པོར་བསྐྲུན་ཡོད། 

གྱོད་གཞིར་ཞིབ་དཔྱད་བྱས་ནས་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཆེ་རུ་བཏང་སྟེ“ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་པ”སྲ་བརྟན་དུ་བཏང་བ། “ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”དེ་གྱོད་གཞིའི་སྤུས་ཚད་དོ་དམ་ནང་འདྲེས་ནས་དུས་ཚིགས་དང་པོའི་གྱོད་གཞིའི་སྤུས་ཚད་དཔྱད་བསྡུར་ལས་དོན་སྤེལ་བ་དང་། དཔྱད་ཞིབ་ཚན་ཆུང་གིས“གྱོད་གཞི་ཚང་མར་ངེས་པར་དུ་ཞིབ་བཤེར་བྱེད་པའི”བྱ་བའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ནས“གྱོད་གཞི་ཆུང་གྲས་ལ་ཆད་པ་ཆེན་པོ་གཅོད་པ”དང“ཡུན་རིང་ནར་འགྱངས་བྱས་ནས་ཐག་གཅོད་མི་བྱེད་པ”སོགས་ཀྱི་གནད་དོན་ཡོད་མེད་ལ་དམིགས་ནས། བདག་སྤྲོད་བྱས་པ་མ་ཟད་མཇུག་སྒྲིལ་ཟིན་པའི་གྱོད་གཞི་ལ“བརྟག་དཔྱད”བྱས་ཏེ་བཅའ་ཁྲིམས་སྤྱད་འཐུས་དང་གོ་རིམ་ཚད་ལྡན། འགལ་བ་སེལ་བའི་ཕན་འབྲས་དངོས་བཅས་གཙོ་གནད་ཐོག་དཔྱད་ཞིབ་བྱས་ནས། གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ལ་དཔྱད་ཞིབ་བྱས་པ་བརྒྱུད་གྱོད་གཞི་ཞིབ་གཅོད་མི་སྣའི་འགན་འཁྲིའི་འདུ་ཤེས་དང་སྤུས་ཚད་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་བཏང་ནས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་དམ་ཚགས་ཡོང་བར་སྐུལ་འདེད་བཏང་ཡོད།

ཁྲིམས་འཛིན་རོགས་སྐྱོབ་གནད་ལ་འཁེལ་བའི་སྒོ་ནས“དམངས་ཚིས་ལ་ཞིབ་བཤེར་སྲུང་སྐྱོང”བྱས་ནས“ཁྲིམས་སྐྱོང་བརྒྱུད་སྤྲོད་བྱས་པ། “རང་ཉིད་ཞུ་གཏུག་བྱེད་པ་དང་རང་ཉིད་དཀའ་ངལ་གྱི་གནས་སུ་གྱར་བའི”དམངས་དོན་གྱི་བརྩེ་སེམས་ལ་བརྟེན་ནས་ཁྲིམས་འཛིན་རོགས་སྐྱོབ་དེ“ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”ཀྱི་ནང་གཏིང་ཟབ་མཉམ་འདྲེས་བྱས་ནས“གཞན་དབང་རེ་ཞུ”དེ“རང་རྟོགས་རོགས་སྐྱོབ”ལ་བསྒྱུར་བ། “ཁྲིམས་སྐྱོང་གྲོང་གསེབ་ཏུ་སྤེལ་བ”སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞིའི་ཁུངས་སྣེ་འཚོལ་ཞིབ་དང་བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་གནོད་འཚེ་ཕོག་མཁན་གཉིས་ལ་འཕྲལ་མར་རོགས་སྐྱོབ་གོ་རིམ་སྤེལ་མགོ་བརྩམས་པ་དང་། རང་རྟོགས་ངང་དོ་བདག་ལ་རོགས་རམ་བྱས་ནས་རེ་ཞུའི་དཔྱད་གཞི་འཐུས་ཚང་དང་རོགས་སྐྱོབ་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། དུས་ཐོག་ཏུ་ཁུངས་སྣེ་གོང་རིམ་ཁྲིམས་ཁང་ལ་ཡར་ཞུ་བྱས་ནས་རྒྱབ་སྐྱོར་བརྩོན་ལེན་བྱས་ཡོད། གནད་ལ་འཁེལ་བའི་རྣམ་པའི་རོགས་སྐྱོབ་ཞབས་ཞུ་བརྒྱུད་ནས། དྲང་གཞག་དྲང་བདེན་ཚོར་ཐུབ་པ་དང་ཞིབ་དཔྱོད་ཀྱི་བརྩེ་སེམས་དམངས་སེམས་ཀྱིས་ཐད་ཀར་ཚོར་ཐུབ་པ་བྱས་ཡོད།

ཐེངས་རྗེས་མར་མདའ་བཞི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”ཀྱི་ལག་ལེན་མུ་མཐུད་གཏིང་ཇེ་ཟབ་ཏུ་བཏང་ནས། མཚོ་བྱང་ཁུལ་གྱི“གོམ་སྟབས་ལྔའི་སྨན་བཅོས་བཅའ་ཁྲིམས”ཀྱི་ཉམས་མྱོང་དང་བྱེད་སྟངས་ལ་ཟུང་འབྲེལ་བྱས་ནས“དམངས་ཚིས་ཆེན་པོ”བསྒྲུབས་ཏེ་བདེ་བརྟན་མདའ་བཞི་དང་ཁྲིམས་སྐྱོང་མདའ་བཞི་བསྐྲུན་པར་འབད་བརྩོན་བྱ་རྒྱུ།



མཉམ་སྤྱོད།