དེ་རིང་ནི2026ལོའི་ཟླ04པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་མཚོ་སྔོན་པོའི་མཚོ་ཆུ་རྒྱས་བའི་ཉེན་ཁར་ཁ་གཏད་གཅོག་པའི་ལས་དོན་ཚོགས་འདུ་བསྡུས་པ།

2026-04-09 16:59:31   |   149

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཚོ་སྔོན་པོའི་མཚོ་ཆུ་རྒྱས་པའི་ཉེན་ཁར་ཁ་གཏད་གཅོག་པའི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཟླ4པའི་ཚེས8ཉིན་གྱི་ཕྱི་དྲོར་མདའ་བཞི་རྫོང་གིས་མཚོ་སྔོན་པོའི་མཚོ་ཆུ་རྒྱས་པའི་ཉེན་ཁར་ཁ་གཏད་གཅོག་པའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་བསྡུས།

ཚོགས་འདུའི་སྟེང་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞིང་ཆེན་ཡོངས་ཀྱི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་གི་ཆེད་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཁུལ་ཡོངས་ཀྱི་མཚོ་སྔོན་པོའི་མཚོ་ཆུ་རྒྱས་པའི་ཉེན་ཁར་ཁ་གཏད་གཅོག་པའི་ལས་དོན་གྱི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྫོང་འཕེལ་སྒྱུར་ཅུ་ཡིས་མདའ་བཞི་རྫོང་གི་མཚོ་སྔོན་པོའི་མཚོ་ཆུ་རྒྱས་པའི་ཤུགས་རྐྱེན་གསལ་རྟོགས་དང་གནས་སྤོས་ཡུལ་མིའི་གནས་ཚུལ་ཡར་ཞུ་བྱས། རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུ་དང་། རྫོང་སྐྱེ་ཁམས་ཁོར་ཡུག་ཅུ། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ། རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུ། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། རྫོང་ནོར་སྲིད་ཅུ་སོགས་སྡེ་ཁག་གིས་འགན་འཁྲི་ལས་བགོས་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་བྱ་བའི་འཕེལ་རིམ་སོ་སོ་ཡར་ཞུ་བྱས། ཝ་མགྱོགས་ཡུལ་ཚོ་དང་མཚོ་སྔོན་པོ་ཡུལ་ཚོས་ཤུགས་རྐྱེན་ཐེབས་པའི་མང་ཚོགས་ཀྱི་མཐིལ་རྟོགས་གྲལ་བཤེར་དང་། སྡོད་ཁང་ཉེན་གཡོལ་ལ་གནས་སྤོ་སྐུལ་འདེད་བྱས་ཚུལ། མང་ཚོགས་རྗེས་མཐུད་བཀོད་སྒྲིག་འགན་ལེན་སོགས་ཀྱི་གནས་ཚུལ་སོགས་ཡར་ཞུ་བྱས།

ཚོགས་འདུས་མཚོ་སྔོན་པོའི་མཚོ་ཆུ་རྒྱས་བའི་ཉེན་ཁར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྐྱེ་ཁམས་བདེ་འཇགས། དམངས་ཚིས་བདེ་སྐྱིད། ས་ཁོངས་ཀྱི་ཡུན་རིང་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པ་བསྟན་ཞིང་། རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་བསྟར་བའི་མཐོ་ཚད་ཐོག་ནས་ཉེན་ཁར་ཁ་གཏད་གཅོག་པའི་ལས་དོན་ཁག་བསྒྲུབས་སྟེ། མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་གཞི་རྩ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ་བསྟན། 

ཚོགས་འདུས་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ནན་མོ་འཁུར་བ་དང་མཐུན་སྦྱོར་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ལས་དོན་ཁག་གསུམ་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནི་ཆེད་དོན་འཛིན་གྲྭ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་བའི་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས་པ་དེ་ཡིན་ལ། རྒྱུན་རྣམ་ཅན་གྱི་སྐུལ་འདེད་དང་དུས་བཀག་ཅན་གྱི་བཀོད་གཏོང་རྒྱུན་འཁྱོངས་བྱས་ཏེ་ལས་དོན་ཚོ་ཆུང་ཁག་གིས་རང་འགན་རང་སྒྲུབ་དང་། གཞོགས་འདེགས་དམ་ཟབ་བྱས་ནས་ལས་དོན་ཁག་འབྲེལ་མཐུད་གོ་རིམ་ལྡན་པ་དང་སྐུལ་འདེད་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས། གཉིས་ནི་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱས་ཏེ་སྔོན་བརྒལ་ཇུས་འགོད་བཀོད་སྒྲིག་བྱེད་དགོས་པ་སྟེ། འབྲེལ་ཡོད་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁག་གིས་དམངས་ཚིས་འགན་ལེན་གྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གནད་ལ་འཁེལ་བའི་སྒོ་ནས་བྱ་བའི་ཇུས་གཞི་བཟོ་བ་དང་སྔོན་ལ་ཇུས་འགོད་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་འགོག་སྲུང་བརྟན་པོ་བསྐྲུན་དགོས། གསུམ་ནི་གཅིག་སྡུད་ཐོག་འགག་སྒྲོལ་དཀའ་སེལ་བྱས་ནས་ལས་འགན་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་དགོས་པ་སྟེ། སྔོན་ལ་སླ་བ་དང་རྗེས་སུ་དཀའ་བ། སྔོན་ལ་ཛ་དྲག་དང་རྗེས་སུ་ཇེ་དལ་དུ་གཏོང་བའི་རྩ་དོན་གཞིར་བཟུང་ནས་གནད་དོན་གྱི་འགན་འཁྲིའི་གསལ་ཐོ་གསེད་བཀྲོལ་དང་གཏན་འབེབས་བྱས་ཏེ་འགན་འཁྲིའི་དོན་ཚན་ཁ་གསལ་བཟོ་བ་དང་ལེགས་སྒྲུབ་ཀྱི་དུས་བཀག་ཏན་ཏིག་བཟོ་དགོས། འབྲེལ་ཡོད་ཡུལ་ཚོ་དང་གྲོང་རྡལ་གྱིས་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་པ་དང་ལག་བསྟར་ཇུས་གཞི་ཞིབ་ཚགས་དང་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན།



མཉམ་སྤྱོད།