དེ་རིང་ནི2026ལོའི་ཟླ04པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདའ་བཞི་རྫོང་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་པ།

2026-04-13 16:35:23   |   42

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་། མདའ་བཞི་རྫོང་གིས་གྲོང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཞིང་ཆེན་དང་། ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྫོང་ཁོངས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིར་བཟུང་སྟེ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་དམངས་ཚིས་བདེ་སྐྱིད་ཇེ་ཟབ་ཏུ་གཏོང་བའི་སྔོན་ཁྲིད་ལས་གཞིར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། གྲོང་གསེབ་ཀྱི་ལམ་དྲ་སྦྲེལ་མཐུད་ཤར་གཏོང་མི་ཐུབ་པ་དང་ཞབས་ཞུའི་ནུས་པ་མི་འདང་བ་སོགས“ཞན་ཆར་ཁ་གསབ་པ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཞབས་ཞུ་ཆེ་རུ་གཏོང་བ། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ”བཅས་གཙོ་གནད་དུ་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱེད་པ་དང་། རྒྱུན་མཐུད་ངང་མ་དངུལ་བཏང་ནས“ཕྱི་སྦྲེལ་ནང་འབྲེལ་དང་བདེ་འཇགས་སྟབས་བདེ། ཁྱབ་རྒྱ་ཆེ་བ”བཅས་ཀྱི་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཤུགས་ཆེན་བསྐྲུན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།

འཆར་འགོད་བྱས་ཏེ་ལམ་དྲ་ཇེ་ལེགས་སུ་གཏོང་རྒྱུར་སྣེ་ཁྲིད་བྱས་པ། གྲོང་གསེབ་དར་སྤེལ་དང་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་འཆར་འགོད་འབྲེལ་མཐུད་དམ་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཀྱི་ལམ་དྲ་བཀོད་སྒྲིག་བྱས་ཡོད་པ་དང་། “ལྔ་ཚན་བཅུ་བཞི་པའི”ཚུན་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར3.85བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ299.02གསར་དུ་བསྐྱར་སྐྲུན་བྱས་ཏེ། རྫོང་ཡོངས་ཀྱི་གཞུང་ལམ་འདུས་ཚད་སྤྱི་ལེ་ངོས་གྲུ་བརྒྱ་རེར་སྤྱི་ལེ42.7ཇེ་མཐོར་ཕྱིན་ཡོད། དབུལ་སྐྱོར་གནས་སྐོར་གཞུང་ལམ་དང་། མདའ་བཞི་སྡེ་བའི་ཆུ་ཚན་ཐོན་ལས་ལམ། ཝ་མགྱོགས་ཡུལ་ཚོའིS304ལམ་ཐིག་བསྐྱར་སྐྲུན་སོགས་རྐང་འཛིན་རྣམ་གྲངས་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་ཐོན་ལས་བཅས་ཀྱི་མཚམས་ཚིགས་སྦྲེལ་མཐུད་ནུས་ལྡན་བྱས་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་རིམ་པའི་གཞུང་ལམ་ཤར་གཏོང་ཐུབ་ཚད100%ལ་སླེབས་ཡོད་པ་དང་། སྲིད་འཛིན་སྡེ་བ29ལ་སྲ་འགྱུར་ལམ་ཤར་གཏོང་ཐུབ་ཚད100%ལ་སླེབས་ཡོད། རང་བྱུང་སྡེ་བར་སྲ་འགྱུར་ལམ་ཤར་གཏོང་ཐུབ་ཚད98.5%ལ་སླེབས་ཡོད། མང་ཚོགས་ཕྱིར་སྐྱོད་ཀྱི“མཐའ་མའི་སྤྱི་ལེ་གཅིག”གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་བཅད་ནས་རྫོང་ཁོངས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི“གཞུང་གསུམ་འཕྲེད་བཞིའི”ལམ་དྲའི་སྒྲོམ་གཞི་ཧ་ལམ་ཆགས་ཡོད།

བདེ་འཇགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་རྨང་གཞིའི་སྲ་བརྟན་དུ་བཏང་བ། ཐོག་མཐའ་བར་གསུམ་དུ་བདེ་འཇགས་དང་སྤུས་ཚད་ཨང་དང་པོར་བཞག་ནས་གཞུང་ལམ་བདེ་འཇགས་དང་ཚེ་སྲོག་འགོག་སྲུང་ལས་གཞི་ལག་བསྟར་བྱས་ཤིང་། རིམ་རྩིས་བྱས་ན་ཉེན་ཁ་ཆེ་བའི་ཟམ་པ10ལྷག་ཙམ་སྒྱུར་བཀོད་བྱས་པ་དང་། དམངས་བདེའི་ཟམ་པ7གསར་དུ་བསྐྲུན་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ལམ་དུམ68བཅོས་སྒྲིག་བྱས་ཡོད། འགྲོ་ལམ་འཛུགས་སྐྲུན་དང་བདག་སྐྱོང་གི་ལག་རྩལ་གསར་པ་དང་རྒྱུ་ཆ་གསར་པ་ཁྱབ་གདལ་བེད་སྤྱོད་བྱས་ནས་ཤར་བགྲོད་ཆ་རྐྱེན་ཅུང་ཞན་པའི་སྡེ་བར་ཤར་གཏོང་ཐུབ་པའི་བྱེ་ཟེགས་ལམ40ལྷག་ཙམ་སྲ་འགྱུར་དང་ཚད་ལྡན་ཅན་གྱི་ཉམས་གསོ་བྱས་པས་འགྲོ་ལམ་ལེགས་ཚད85%ཡན་བར་ཇེ་མཐོར་ཕྱིན་ཡོད། འགྲོ་ལམ་གྱི་གནོད་འགོག་ནུས་པ་དང་རླངས་འཁོར་གཏོང་བདེ་བ། བདེ་འཇགས་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཉེ་བའི་ལོ་གསུམ་རིང་གྲོང་གསེབ་གཞུང་ལམ་གྱི་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚད32%མར་ཆག་ནས་མང་ཚོགས་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་སྔར་བས་ནུས་ལྡན་བྱས་ཡོད།

ལམ་ཐོན་མཉམ་འདྲེས་ཀྱི་ནུས་པ་རྒྱ་སྐྱེད་བཏང་བ། འགྲིམ་འགྲུལ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་ཞབས་ཞུ་བཅས་མཉམ་འདྲེས་ཀྱི་རིག་གནས་གནས་སྐོར་དང་ཞིང་འབྲོག་གི་ཁྱད་ཆོས་ལ་དམིགས་ནས་ཐོན་ལས་ལམ་དང་གནས་སྐོར་ལམ་སྤྱི་ལེ386ལེ་ལག་ཚང་བའི་སྒོ་ནས་བསྐྲུན་ཡོད་པ་དང་། དཔེར་ན། པེ་ཧྲན་གཞུང་ལམ་གྱིས་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ9སྦྲེལ་ནས་ལམ་རྒྱུད་ཀྱི་ཡུལ་མིའི་སྡོད་ཁང་དང་ཞིང་ཁྱིམ་སྤྲོ་སྐྱིད་སོགས་གཉེར་སྐྱོང་ལས་གཞི100ལྷག་ཙམ་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ། ལོ་རེར་ཆ་སྙོམས་སྒོས་གནས་སྐོར་བ་སྣེ་ལེན་བྱེད་ཚད་དང་སྟབས་བདེའི་ལམ་དྲས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་ཇེ་ལེགས་སུ་གཏོང་བ་དང་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་སྐྱོད་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག6ཤར་གཏོང་བྱས་ནས་སྲིད་འཛིན་སྡེ་བ་མང་ཆེ་བར་ཁྱབ་ཡོད་པ་དང་། མང་ཚོགས་སྨན་བཅོས་དང་སློབ་ཞུགས་བྱེད་པའི་དུས་ཚོད་ཆ་སྙོམས་སྒོས40%ཇེ་ཐུང་དུ་སོང་ཡོད།

དུས་ཡུན་རིང་པོར་དོ་དམ་གསོ་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་བཏང་བ། “གྲོང་གསེབ་ཀྱི་ལམ་བཟང་པོ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་དང་། གྲོང་གསེབ་གཞུང་ལམ་གྱི“ལམ་དཔོན་ལམ་ལུགས”ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རྫོང་དང་གྲོང་གསེབ་རིམ་པ་གསུམ་གྱི་ལམ་དཔོན་བཙུགས་ནས་དོ་དམ་དང་བདག་སྐྱོང་གི་འགན་འཁྲི་བརྟན་པོར་བཟོས། “ལྔ་ཚན་བཅུ་བཞི་པའི”ཚུན་རིམ་རྩིས་བྱས་ན་བདག་སྐྱོང་མ་དངུལ་སྒོར་ཁྲི2300ལྷག་ཙམ་བཏང་ནས“ཆེད་ལས་ཅན་དང་ཁྲོམ་ར་ཅན”གྱི་བདག་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས་རྫོང་ཁོངས་ནང་གི་སྤྱི་ལེ1400ལྷག་ཙམ་གྱི་གྲོང་གསེབ་གཞུང་ལམ་བདག་སྐྱོང་བྱས་ཡོད། གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་ཟོག་འདྲེན་ཞབས་ཞུའི་དྲ་རྒྱ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར177དང་ཟོག་འདྲེན་རླངས་འཁོར456ཟིན་ནས་གྲོང་གསེབ་གཞུང་ལམ་ཡུན་རིང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་ཕན་འབྲས་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་པར་འགན་ལེན་བྱས་ཏེ། ཉེ་བའི་ལོ་གསུམ་རིང་མང་ཚོགས་ཀྱིས་གྲོང་གསེབ་ཀྱི་འགྲིམ་འགྲུལ་ལ་བློ་ཡིད་ཚིམ་ཚད95%ལ་སླེབས་ཡོད།



མཉམ་སྤྱོད།