དེ་རིང་ནི2026ལོའི་ཟླ04པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་མདའ་བཞི་རྫོང་གི་སློབ་ཚན་ཞིག་རྒྱལ་ཁབ་རིམ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོའི་མིང་ཐོའི་ཁྲོད་བདམས་ཐོན་བྱུང་བ།

2026-04-16 16:21:23   |   74

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་ནས་འབྱོར་བའི་གསར་འགྱུར་ལྟར་ན། ཉེ་ཆར་སློབ་གསོ་པུའི་གཞུང་ལས་ཐིང་དང་རྒྱལ་ཁབ་རིག་དངོས་ཅུ་གཞུང་ལས་ཁང་གིས་མཉམ་འབྲེལ་སྒོས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིའི་དམག་འཁྲུག་ངོ་རྒོལ་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བ་བརྗོད་དོན་གཙོ་བོར་བཟུང་བའི་སློབ་གྲྭ་ཆུང་འབྲིང་གི“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོའི”སྤུས་ལེགས་ཐོན་ཁུངས་འཛུགས་སྐྱོང་གི་འོས་སྦྱོར་རྣམ་གྲངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས་ཕུལ་བའི“སློག་པ་ཞིག་གི་ལེ་དབར་ཁྲི་ཡི་རྒྱང་སྐྱོད་དེ། མཚོ་སྔོན་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་འཇར་འགོག་དམག་འཁྲུག་གི་རྟགས་མཚན་འཚོལ་ཞིབ”དང“རྡུལ་ཕྲན་གྲོང་དུ་ཕྱིན་ཏེ་ཞི་བདེའི་སྲུང་དམག་བྱེད”ཅེས་པའི་སློབ་ཚན་གཉིས་སྤུས་ལེགས་སློབ་ཚན་གྱི་མིང་ཐོའི་ནང་བདེ་བླག་ངང་བདམས་ཐོན་བྱུང་ཡོད།

ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཉིས་པ་དང་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་མཉམ་འབྲེལ་སྒོས་བསྒྲུབས་པའི“སློག་པ་ཞིག་གི་ལེ་དབར་ཁྲི་ཡི་རྒྱང་སྐྱོད་དེ། མཚོ་སྔོན་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་འཇར་འགོག་དམག་འཁྲུག་གི་རྟགས་མཚན་འཚོལ་ཞིབ”ཅེས་པ་དེས་རིག་དངོས་ཁུངས་སྣེ་བྱས་ཏེ་དམར་དམག་རྒྱང་སྐྱོད་དང་མཚོ་སྔོན་མི་རིགས་ཁག་གི་མང་ཚོགས་ཀྱིས་འཇར་འགོག་དམག་འཁྲུག་ལ་རོགས་སྐྱོར་བྱས་པའི་ལོ་རྒྱུས་སློབ་ཁྲིད་དང་། རིག་དངོས་གསེད་འགྲེལ། མི་སྣས་འཁྲབ་སྟོན་བཅས་བྱས་པ་བརྒྱུད། མཚོ་སྔོན་ནི་འཇར་འགོག་དམག་འཁྲུག་གི་རྒྱབ་ཕྱོགས་ཆེན་པོ་ཡིན་པའི་ཐད་ནས་བྱས་རྗེས་གལ་ཆེན་བཞག་པ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཤིང་། འདི་ལ་རྒྱལ་གཅེས་རིང་ལུགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པར་དགེ་མཚན་བླ་ལྷག་ལྡན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མདོ་ལ་རི་བོ་སློབ་ཆུང་དང་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་གིས་མཉམ་འབྲེལ་སྒོས་བསྒྲུབས་པའི“རྡུལ་ཕྲན་གྲོང་དུ་ཕྱིན་ཏེ་ཞི་བདེའི་སྲུང་དམག་བྱེད”ཅེས་པའི་བསམ་བློ་ཆབ་སྲིད་སློབ་ཚན་གྱིས་རྡུལ་ཕྲན་གྲོང་གི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་བཤམས་སྟོན་ཁང་དང་སློབ་གྲྭ་མཉམ་འབྲེལ། ཡུལ་དངོས་ནས་ཞིབ་སློབ་བྱེད་པ། མཉམ་འགུལ་མཉམ་འབྲེལ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་མ་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་རྒྱུས་ལོན་དང་། འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་དྲན་གསོ་དང་བློ་ལ་བརྟན་པོར་ངེས་པ། ཞི་བདེའི་འདུ་ཤེས་བསྐྱེད་པ་བཅས་བྱས་ནས་གསར་བརྗེ་སྙིང་སྟོབས་བརྟན་པོར་བསྐྱེད་ཡོད།

ཐེངས་འདིར་བདམས་ཐོན་བྱུང་བའི་སློབ་ཚན་དེས་མཚོ་སྔོན་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་དམིགས་བསལ་རིན་ཐང་དང་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་གསར་གཏོད་སྟོབས་ཤུགས་མངོན་ཡོད་པ་དང་། རྗེས་མར་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས་གསར་བརྗེའི་རིག་དངོས་བེད་སྤྱོད་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་གསར་བརྗེའི་ཐོན་ཁུངས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། གཏིང་ཟབ་པ་དང་དྲོད་ཁོལ་ལྡན་པ། ཁྱད་ཆོས་ལྡན་པ་བཅས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་རྩེ་གྲ་སྔར་ལས་མང་བ་བསྒྲུབ་སྟེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་བསམ་བློའི་དཔའ་གདེང་ཆེ་རུ་བསྐྱེད་པར་དགེ་མཚན་ཆེན་པོ་ལྡན།



མཉམ་སྤྱོད།