དེ་རིང་ནི2026ལོའི་ཟླ04པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

2026-04-23 16:04:40   |   136

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་ཇུས་བླང་བྱ་དོན་འཁྱོལ་བྱེད་པ། གསོ་སྦྱོང་ནང་ཞུགས་མཁན་གྱི་ཆབ་སྲིད་བྱང་ཚད་དང་འགན་སྒྲུབ་ནུས་པ་མཐོ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱ་ཆེད། ཉེ་ལམ། མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭས་ཉིན་ལྔའི་རིང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས།

ཐེངས་འདིའི་གསོ་སྦྱོང་དེ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་དུས་བབ་གསར་པར་དམ་པོར་དམིགས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན། སློབ་ཁྲིད་དང་ཞིབ་བསྡུར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཚན་བཀོད་སྒྲིག་དང་གསོ་སྦྱོང་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གསོ་སྦྱོང་གི་ཕན་འབྲས་ལ་འགན་ལེན་བྱས་ཡོད། གསོ་སྦྱོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཙོ་གནད་དུ་བཟུང་ནས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་བློ་གསར་པ་གཏོད་དགོས》དང་།《མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དུས་རབས་གསར་པའི་མི་རིགས་ལས་དོན་ཁྲོད་སྤྱོད་པ》སོགས་ནང་དོན་གཙོ་བོར་དམིགས་ནས་སློབ་ཁྲིད་བྱས་པ་དང་། ཏང་གི་མི་རིགས་ལས་དོན་གྱི་དགོངས་དོན་སྒྲོག་འགྲེལ་དང་ཀྲུང་ཧྭ་མི་རིགས་སྣ་མང་གཅིག་གྱུར་གྱི་རྣམ་པའི་ནང་དོན་འགྲེལ་བཤད་བརྒྱབ་ཡོད།

དེ་དང་ཆབས་ཅིག་ཏུ་ད་དུང་གསོ་སྦྱོང་ནང་ཞུགས་མཁན་གྱི་མི་སྣ་རྩ་འཛུགས་བྱས་ནས་མདའ་བཞི་རྫོང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་ནས་ཡུལ་དངོས་སུ་སློབ་ཁྲིད་བྱས་ཏེ་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མར་མདའ་བཞིའི་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཐད་ཀར་མྱོང་ཚོར་ཐུབ་པ་བྱས་ཡོད།

ཐེངས་འདིའི་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་རིགས་ལས་དོན་གྱི་དངོས་སྤྱོད་ནུས་པ་ཆེ་རུ་གཏོང་བ། བྱ་བའི་ཁ་ཕྱོགས་གསལ་པོ་བཟོ་བ། མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། ལག་ལེན་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ཡོད།



མཉམ་སྤྱོད།