དེ་རིང་ནི2026ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདའ་བཞི་རྫོང་གིས་གནས་གསུམ་གཞི་གཅིག་གི་དོ་དམ་སྲུང་སྐྱོང་མ་ལག་གིས་ཆུ་བོ་དང་མཚེའུ་བཅོས་སྐྱོང་གི་ཐབས་ལམ་གསར་བ་བསྐྲུན་པ།

2026-04-27 15:50:47   |   150

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་གྱིས་ཟླ4ཚེས24ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ས་མཐོའི་ཆུའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་གྱི་ལྟེ་བའི་ལས་འགན་དམ་འཛིན་དང་། ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ། མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ཏེ“ཕྱོགས་གསུམ་གཞི་གཅིག”བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་རྩ་འཛུགས་མ་ལག་ཇེ་བརྟན་དུ་གཏོང་བ་དང་། མཉམ་འབྲེལ་ཁྲིམས་འཛིན་གཏིང་ཟབ་ཏུ་གཏོང་བ། མ་ལག་སླར་གསོ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་ས་མཐོའི་ཁྱད་ཆོས་ལྡན་པ་དང་རྫོང་ཁོངས་ཀྱི་དོན་དངོས་དང་འཚམ་པའི་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།

མདའ་བཞི་རྫོང་གིས་འགན་འཁྲིའི་འབྲེལ་ཐག་ཇེ་བརྟན་དུ་བཏང་ནས་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི“འགན་འཁྲིའི་དྲ་བ”ཚགས་ཇེ་དམ་དུ་བཏང་བ་དང་། སྔ་རྗེས་སུ་རྫོང་རིམ་པའི་ཆུ་བོ་དང་མཚེའུའི་སྤྱི་ཁྱབ་དཔོན་གྱི་བཀའ་རྒྱ་དང་ཆུ་དཔོན་དང་མཚེའུ་དཔོན་གྱི་བཀའ་རྒྱ་བཏང་བ་དང་། “ཆུ་བོ་དང་མཚེའུ་ཡི་སྤྱི་ཁྱབ་དཔོན”ཀྱིས་སྣེ་ཁྲིད་བྱེད་པའི་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ཡོད། རྫོང་རིམ་པའི་ཆུ་དཔོན་དང་མཚེའུ་དཔོན14དང་། ཡུལ་ཚོ་རིམ་པའི་ཆུ་དཔོན་དང་མཚེའུ་དཔོན16དང་། སྡེ་བ་རིམ་པའི་ཆུ་དཔོན་དང་མཚེའུ་དཔོན32བཅས་ཀྱི་འགུལ་རྣམ་ལེགས་སྒྲིག་དང་ཆུ་བོ་དང་མཚེའུ་ཡི་ཆུའི་སྤུས་ཚད་དང་དེ་བཞིན་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད།

དེ་དང་ཆབས་ཅིག་“ཁོངས་མི་ལྔ་གཅིག་སྒྲིལ”གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས་རིམ་པ་ཁག་གི་ཆུ་དཔོན་དང་མཚེའུ་དཔོན62དང་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་མི་སྣ203གྱིས་རིམ་དབྱེའི་སྐོར་ཞིབ་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་ཆུ་བོ་དང་མཚེའུར་སྐོར་ཞིབ་དོ་དམ་སྲུང་སྐྱོང་བྱས་ནས2025ལོར་རིམ་རྩིས་བྱས་ན་མི་ཐེངས་ཁྲི2.4གྱིས་ཆུ་བོ་དང་མཚེའུར་སྐོར་ཞིབ་བྱས་པ་དང་། ཆུ་བོ་དང་མཚེའུ་ཡི་གད་སྙིགས་ཏུན40ལྷག་ཙམ་གཙང་བཤེར་བྱས་ནས་ཆུ་བོ་དང་མཚེའུ་ཡི་སྤུས་ཚད་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད།

མདའ་བཞི་རྫོང་གིས་ཆུ་ལམ་གྱི་བྱེ་མ་སྔོག་འདོན་དོ་དམ་གྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་ནན་མོ་དང་རྒྱུན་གཏན་གྱི་སྐོར་ཞིབ་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་སྟེ། 2025ལོའི་ལོ་ཧྲིལ་པོར་བྱེ་མ་ལྐོག་འདོན་སོགས་སྒྲིག་འགལ་གྱི་བྱ་སྤྱོད་མ་བྱུང་བ་དང་ཆུ་ལམ་གྱི་བྱེ་མ་སྔོག་འདོན་གྱི་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་ཡོད། “ཆུ་དཔོན་དང་མཚེའུ་དཔོན+ཞིབ་དཔྱོད་མགོ་ཁྲིད+སྐྱེ་ཁམས་ཉེན་རྟོག་མགོ་ཁྲིད”ཀྱི་མཉམ་འབྲེལ་སྐོར་ཞིབ་ཁྲིམས་འཛིན་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས་མཉམ་འཛིན་ཐུན་མོང་དོ་དམ་དང་མཐུན་སྦྱོར་ཤུགས་འདོན་གྱི་ཁྲིམས་འཛིན་རྣམ་པ་ཆགས་པར་བྱས་ཡོད། ཆུ་བོ་དང་མཚེའུ་ཡི་རྒྱང་ཚོར་རི་མོའི་ཁྲ་ཐིག་ཞིབ་བཤེར་ལས་དོན་ཏན་ཏིག་གིས་སྤེལ་ནས་དོགས་ཡོད་རི་མོའི་ཁྲ་ཐིག་ཁག25ངོས་འཛིན་བྱས་ཡོད་པ་དང་། 2021ལོ་ནས2024ལོའི་བར་གྱི་དཔེ་རིས་དག་ཐེར་ལེགས་བཅོས་ཀྱི“ཕྱིར་མིག་ལྟ་བ”ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས། ཆུ་རགས་དོ་དམ་ཁྱབ་ཁོངས་ནང་གི་རང་སྐྲུན་སྡོད་ཁང་གི་བདེ་འཇགས་བྱུར་རྐྱེན་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། ཆུ་བོ་དང་མཚེའུ་སྣ་ཚོགས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་མཐའ་གཅིག་ཏུ་བྱས་ཡོད།

མདའ་བཞི་རྫོང་གིས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ། ཆུ་བོ་དང་མཚེའུ་སྲུང་སྐྱོབ་ཀྱི་ལམ་རིམ་གསར་བཏོད་བྱས་ཡོད་དེ། ཆུའི་སྤུས་ཚད་རྒྱུན་རྣམ་ཅན་གྱི་ཞིབ་དཔྱད་ཚད་ལེན་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས་ཆུ་མགོའི་སྲུང་སྐྱོང་ཁུལ25དབྱེ་འབྱེད་གཏན་འཁེལ་བྱེད་པའི་ལས་དོན་ལེགས་འགྲུབ་བྱུང་ཡོད་པ་དང་། ཆུ་མགོའི་བཙོག་འབུད་སྒོ118ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་ཡོད། རྫོང་ཡོངས་ཀྱི་བཙོག་ཆུ་གཅིག་སྡུད་གཙང་སེལ་བྱེད་ཚད93%ཡན་ལ་སླེབས་ཡོད་པ་དང་། འཐུང་ཆུའི་ཆུ་མགོའི་ཆུའི་སྤུས་ཚད་ཚད་གཞིར་སླེབས་ཚད100%ཡིན། ཆུ་བོ་གཙོ་བོའི་རྒྱལ་མཚམས་ནས་ཐོན་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅡཡིན་པ་དང་དེའི་ཡན་ལ་བརྟན་པོ་ཡོང་བར་བྱས་ཡོད།

མདའ་བཞི་རྫོང་གིས་ཆུའི་ཐོན་ཁུངས་དོ་དམ་གྱི“རྩ་དོན་གསུམ”ནན་སྲུང་བྱས་ཏེ་གཙོ་གནད་ཆུ་ལེན་ཚན་པ6དང་དེ་བཞིན་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་ལས་གཞི་ཁག42ལ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལྟ་སྐུལ་དོ་དམ་བྱས་ནས་སྐྱེ་ཁམས་ཀྱི་རྨང་གཞིའི་རྒྱུན་རྣམ་གྱི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ཏེ། ཆུའི་ཐོན་ཁུངས་གསར་སྤེལ་ལུགས་མཐུན་དང་བེད་སྤྱོད་ཤུགས་ཆེར་བྱས་ཡོད། གསེར་མཚོ་དང་ཝ་མགྱོགས་ཆུ་བོར་ཞིང་ཆེན་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚེའུའི་མཚན་སྙན་བསྐྲུན་པའི་རྨང་གཞིའི་ཐོག2025ལོར་དཔལ་སྦྱིན་གཙང་བོའི“བདེ་འཇགས+སྐྱེ་ཁམས”ལྟེ་བའི་ངེས་གནས་ལ་དམིགས་ཏེ། ཆུ་ལམ་གཙང་སེལ་དང་ཆུ་ངོགས་ལྗང་སྒྱུར། སྔོན་ཚུད་ཉེན་བརྡའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་འགན་སྤུས་ཚད་མཐོ་བའི་ངང་ལེགས་སྒྲུབ་བྱས་ཤིང་། ཞིང་ཆེན་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚེའུ་བདེ་བླག་ངང་བསྐྲུན་ཏེ་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།



མཉམ་སྤྱོད།