དེ་རིང་ནི2026ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་སྡུར་སྐབས་གསུམ་པ་སྤེལ།

2026-04-30 14:25:07   |   134

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ90འཁོར་བར་དྲན་གསོ་ཞུ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་གོ་རིམ་ཁྲོད་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་གལ་ཆེན་འདོན་སྤེལ་ནུས་ལྡན་བྱེད་པ། སྐད་ཡིག་ཕན་ཚུན་མཐུན་སྦྱོར་ལ་བརྟེན་ནས་མི་རིགས་སོ་སོའི་སེམས་ཁམས་དང་རིག་གནས་ཕན་ཚུན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞི་རྒྱུན་ཆད་མེད་པར་བསྐྲུན་པ་བཅས་ཀྱི་ཆེད་དུ། ཟླ4པའི་ཚེས27ཉིན་མདའ་བཞི་རྫོང་གིས་གྲངས་ཉུང་མི་རིགས་ཀྱི་ཞིང་འབྲོག་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་སྐབས་གསུམ་པ་བདེ་བླག་ངང་སྤེལ་ཞིང་། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་རྫོང་ཨུའི་དྲིལ་སྒྲོག་པུ་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དག་བྱེད་སྒོར་ཞུགས་ཡོད་པ་དང་རོང་འབྲོག་མང་ཚོགས་ཀྱི་འཐུས་མི100ལྷག་ཙམ་གྱིས་འགྲན་སྡུར་ལ་བལྟས་པ་དང་འགྲན་ཞུགས་པ27ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཡོད།

02.png

འགྲན་ཞུགས་པ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་བརྗོད་དོན་དུ་བཟུང་སྟེ། དཔེ་མཚོན་གསར་པ་དང་ཟུང་འབྲེལ་བྱས་ཏེ་མི་རིགས་སོ་སོའི་ཕན་ཚུན་རོགས་རེས་དང་། མཐུན་སྒྲིལ་མདུན་སྐྱོད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བཅས་བྱས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྩེ་བ་སེམས་ཟབ་མོས་ངག་ལ་གྱེར་ཞིང་། ཏང་གི་བཀའ་དྲིན་དྲན་པ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ། ཡིད་འོང་གི་འཚོ་བར་ཡིད་སྨོན་བྱེད་པའི་བསམ་པ་བཅས་མཚོན་པར་བྱས་ནས། དུས་རབས་གསར་པའི་རོང་འབྲོག་མང་ཚོགས་ཀྱི་ཏང་ཡོན་གྱི་དཔའ་གདེང་སྐྱེད་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་འདུན་མཚོན་པར་བྱས་ཡོད། འགྲན་ཞུགས་པ་ཚོའི་ལྷག་བསམ་ཟོལ་མེད་ཀྱི་གཏམ་བཤད་ཀྱིས་ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་བཀུག་ཅིང་དགའ་བསུའི་ཐལ་མོའི་རྡེབ་སྒྲས་ཁེངས། ཛ་དྲག་གི་འགྲན་སྡུར་བརྒྱུད་མཐར་བྱ་དགའ་ཨང་དང་པོ་ཐོབ་མཁན1དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན2བྱ་དགའ་ཨང་གསུམ་པ་ཐོབ་མཁན3ཕུལ་བྱུང་བྱ་དགའ་ཐོབ་མཁན་འགའ་བཅས་དཔྱད་འདེམས་བྱས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་དག་ལ་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད།

ཐེངས་འདིའི་བྱ་འགུལ་ནི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་འཇོན་ནུས་མངོན་པ་ཞིག་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་ཡིན་པས། རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་སྤྲོ་སེམས་སྔར་ལས་འཕེལ་བ་དང་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། ས་གནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

03.png

གོམ་སྟབས་རྗེས་མར་མདའ་བཞི་རྫོང་གིས་ཐེངས་འདིའི་འགྲན་སྡུར་དེ་མགོ་འཛུགས་ས་གསར་པ་བྱས་ཏེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་ཁྱབ་སྤེལ་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་རྣམ་པ་སྣ་ཚོགས་དང་གཞི་རིམ་དང་ཐག་ཉེ་བ། མང་ཚོགས་དང་ཉེ་བ་བཅས་ཀྱི་སློབ་སྦྱོང་ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ཏེ་མང་ཚོགས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་བེད་སྤྱོད་ནུས་པ་དང་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་བྱས་རྗེས་དང་གསོན་ཉམས་ལྡན་པའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་དང་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི“སེ་འབྲུ་མེ་ཏོག”མདའ་བཞིའི་ས་གཞིའི་སྟེང་རྟག་ཏུ་བཞད་པ་དང་རྣམ་པར་བཀྲ་བའི་སྒོ་ནས་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་འགྲོ་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་སྣོན་ཐུབ་ངེས།



མཉམ་སྤྱོད།