དེ་རིང་ནི2024ལོའི་ཟླ10པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

海北州人民政府办

ཨ་ཁྱུང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་ དོ་དམ་ཨུ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས།

2022-11-19 09:30:59   |   565

ཟླ9ཚེས21ཉིན་གྱི་ཕྱི་དྲོ། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་དུ་ཕེབས་ནས་ཞིང་ཕྱུགས་ཚན་རྩལ་ལས་དོན་ལ་བརྟག་ཞིབ་གནང་།

ཨ་ཁྱུང་གིས་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་གྱི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཞིབ་ཏུ་ཉན་པ་དང་། ས་དེ་གར་ལུའུ་ཆིན་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ཆེད་མཁས་པའི་བྱ་བའི་ས་ཚིགས་དང་། ཁུལ་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཚོད་ལྟ་ཁང་། ཁུལ་ཞིང་ལས་ཐོན་རྫས་སྤུས་བཤེར་ལྟེ་གནས། མཚོ་སྔོན་དུས་རབས་གསར་པའི་ཞིབ་དཔྱད་ཚད་ལེན་ཁས་ལེན་ཚད་ཡོད་སྤྱི་གཉེར། སྐྱེ་ཁམས་ཕྱུགས་ལས་འགྲེམས་སྟོན་ཁང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ཁུལ་བཅས་སུ་གཟིགས་ཞིབ་གནང་བ་དང་། གླིང་ཁུལ་གྱི་ཚན་ཞིབ་མཉམ་ལས་དང་། གྲུབ་འབྲས་གཞན་སྒྱུར། ཕྱུགས་རྒྱུད་ལེགས་འདེམས། ཚན་རིག་དྲིལ་སྒྲོག  ལག་རྩལ་ཁྱབ་གདལ་སོགས་ཕྱོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་ཤིང་། དཔེ་སྟོན་གླིང་དོ་དམ་ཨུ་ལྷན་གྱིས་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

QQ图片20221119093539.png

ཨ་ཁྱུང་གིས་ད་ལོ་ནི་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་གྱི་མགོ་ཚུགས་པའི་ལོ་དང་འགག་རྩའི་ལོ་ཞིག་ཡིན་པས། དུས་ཚོད་ཐུང་ལ་ལས་འགན་ལྕི། ཕྱིར་གཏོང་བྱ་ཡུལ་སྣེ་ཁྲིད་ཁུལ་གྱི་འཛུགས་སྐྲུན་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་ཇི་ལྟར་སྐུལ་འདེད་གཏོང་རྒྱུའི་བྱ་སྤྱོད་དངོས་ནི་འགག་རྩ་ཡིན་པས། མིག་སྔར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས“སྤྱོད་ཚུལ་ལེགས་སུ་གཏོང་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི”སྤྱོད་ཚུལ་འཛུགས་སྐྲུན་གྱི་བྱ་སྤྱོད་གཅིག་སྡུད་ཀྱིས་སྤེལ་བཞིན་ཡོད་ལ། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཚན་རྩལ་མ་ལག་གིས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། རིགས་གཞུང་སློབ་སྦྱོང་བྱེད་པར་བརྟེན་ནས་རྣམ་པ་གསར་པ་མངོན་པ། སྤྱོད་ཚུལ་འཛུགས་སྐྲུན་ལ་བརྟེན་ནས་ཕན་འབྲས་གསར་པ་མངོན་པ། ལས་སྒྲུབ་ལས་གཏོད་ལ་བརྟེན་ནས་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ཏེ། བྱ་སྤྱོད་ཀྱི་གྲུབ་འབྲས་དེ་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་གྱི་ལས་དོན་འདིའི་ཐོག་མངོན་པར་བྱེད་དགོས་པ་བསྟན།

ཨ་ཁྱུང་གིས་ཁུལ་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་གྱིས་ཧུར་ཐག་གིས་འགན་འཁྲིའི་ངེས་གནས་ཁོང་དུ་ཆུད་པ་དང་འཕེལ་རྒྱས་འཆར་འགོད་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ལ་དམིགས་པ་དང་ཚན་ཞིབ་ལས་སྟེགས་རྒྱུན་མཐུད་དུ་བསྐྲུན་པ། ཐོན་ལས་དཔེ་སྟོན་སྣེ་ཁྲིད་ལ་སྐུལ་འདེད་བཏང་ནས། ཧུར་ཐག་གིས་གླིང་ཁུལ་གྱི་སྣ་སོ་སོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་གི་ལས་ཁུངས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་ཕྱུགས་ལས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར། ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་བྱེད་པ། མཚོ་བྱང་གི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཧྲན་ཏུང་རོགས་སྐྲུན་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གླིང་ཁུལ་གྱི་ནུས་པའི་བཀོད་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གླིང་ཁུལ་དེ་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་དུ་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་སྐར་ཁུང་ཞིག་ཏུ་འགྱུར་དུ་འཇུག་དགོས་པའི་བླང་བྱ་བཏོན།

QQ图片20221119093606.png

ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའི་ཅུ་ཀྲང་དོན་པོ་སོགས་ཀྱིས་བརྟག་ཞིབ་གནང་བར་འགྲོ་རོགས་བྱས།



མཉམ་སྤྱོད།