མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ཀྱིས་ཁུལ་མཐོ་གཞོང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་བརྟག་ཞིབ་བྱས།

2022-11-19 10:53:54   |   597

ཟླ9ཚེས20ཉིན་གྱི་སྔ་དྲོ་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ལགས་ཁུལ་མཐོ་གཞོང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་བརྟག་ཞིབ་གནང་བར་ཕེབས། དཔེ་སྟོན་གླིང་གི་ཚན་རིག་ཞིབ་འཇུག་བརྗེ་རེས་ལྟེ་གནས་དང་སྐྱེ་ཁམས་ཕྱུགས་ལས་འགྲེམས་སྟོན་ཁང་། ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ཁང་། ནོར་ལུག་ཚོད་ལྟ་ཚད་འཇལ་ཁང་། ཕྱུགས་རྩྭ་ཚོད་ལྟའི་གནས་གཞི་བཅས་སུ་སོང་ནས་ཡུལ་དངོས་ནས་ཚན་རྩལ་མཉམ་ལས་བརྗེ་རེས་དང་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད། ཕྱུགས་ལས་སོན་བཟང་གསོ་སྤེལ། ཚན་རིག་ཤེས་བྱ་ཁྱབ་གདལ། ལག་རྩལ་ཁྱབ་གདལ་བེད་སྤྱོད་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཉེ་ལམ། ཤ་བོ་སྐྱབས་སྔ་རྗེས་སུ་དཔེ་སྟོན་གླིང་དུ་བརྟག་ཞིབ་ཐེངས་མང་བྱེད་པར་སོང་།  དེའི་རིང་། དཔེ་སྟོན་གླིང་གིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རྗེས་ཕྱོགས་ཀྱིས་བྱ་བར་ཞིབ་ཕྲའི་བླང་བྱ་བཏོན།

01.png

ཤ་བོ་སྐྱབས་ཀྱིས་བསྟན་དོན། ནོར་གནག་དང་བོད་ལུག་གི་ཐོན་ལས་ནི་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཤིག་ཡིན་པ་དང་། དཔེ་སྟོན་གླིང་གིས་སྤེལ་བའི་བོད་ལུག་གིས“ལོ་གཉིས་ལ་མངལ་ཐེངས་གསུམ་སྦྲུམ་པ”དང་། སྦྲུམ་མང་བའི་བོད་ལུག་འདེམས་གསོ་བྱེད་པ། ནོར་གནག་གིས“ལོ་གཅིག་ལ་མངལ་གཅིག་སྦྲུམ་པ”སོགས་ཀྱི་ཞིང་ཕྱུགས་ཚན་རིག་ཞིབ་འཇུག་ཁྱབ་གདལ་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་ཕན་འབྲས་ཇེ་མཐོ། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད །  མིག་སྔར། རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གྱི་སྣེ་ཁྲིད་ས་ཁུལ་འཛུགས་སྐྲུན་བྱེད་བཞིན་པའི་གནད་འགག་གི་དུས་སྐབས་ཤིག་ལ་ཁེལ་ཡོད་པས། ཁུལ་དང་རྫོང་གི་ཞིང་ཕྱུགས་ཚན་རྩལ་ལས་ཁུངས་ཀྱིས་མཚོ་བྱང་ཞིང་ཕྱུགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། འགན་འཁྲི་དམ་འཛིན་ནན་པོ་སྒོས་སྣེ་ཁྲིད་ས་ཁུལ་འཛུགས་སྐྲུན་གྱི་འཆར་གཞི་དང་ཇུས་འགོད་ལེགས་པོ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་རྒྱུན་ཆད་མེད་པར་ཇེ་བཟང་ཇེ་ལེགས་སུ་བཏང་ནས་མཚོ་བྱང་གི་ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་བ་འབྲི་བཞེངས་བྱེད་དགོས།

02.png

ཤ་བོ་སྐྱབས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གྱི་སྣེ་ཁྲིད་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། ཆབ་སྲིད་ཀྱི་བླང་བྱ་ཞིག་ཀྱང་རེད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་སྐོང་བ། ཡུལ་སྡེ་དར་སྤེལ་གྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ཐད་དུ་དངོས་ཡོད་ཀྱི་དོན་སྙིང་དང་ཤུགས་རྐྱེན་ཟབ་མོ་ལྡན་པ་ཡིན།  ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གྱི་འགག་རྩ་ནི་ཐོན་རྫས་གང་ཞིག་གཏོང་རྒྱུ་དང་། ཇི་ལྟར་གཏོང་བ། གང་དུ་གཏོང་བ། སུས་གཏོང་རྒྱུའི་གནད་དོན་ཐག་གཅོད་བྱས་ཏེ། ཐོན་རྫས་ཀྱི་སྣ་ཁ་ཧྲག་བསྡུས་དང་སྤུས་ཚད་ཇེ་མཐོ།  ཚོང་རྟགས་ཆེར་བཟོ། ཚད་ལྡན་ཅན་དུ་གཏོང་བ་བཅས་དམིགས་སུ་འཛིན་པ་དང་། ཁྱད་ཆོས་མངོན་པར་བཏོད་པ།  ལྗང་མདོག་དམིགས་སུ་བསལ་བ། ཚོང་རྟགས་གསར་དུ་བཏོད་པ། གཞན་སྒྱུར་སྐུལ་འདེད་བྱེད་པ། མ་ལག་འཐུས་ཚང་བཟོ་བ། རྨང་གཞི་བརྟན་པོར་འདིང་བའི་འཛུགས་སྐྲུན་གྱི་ལམ་ཕྱོགས་ལ་བརྟེན་ནས་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

03.png

ཤ་བོ་སྐྱབས་ཀྱིས་གཅིག་ནི་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་དགོས།  གཞུང་དྲང་གསར་གཏོད་དང་འཕེལ་རྒྱས་འཆར་འགོད། རང་འགུལ་ངང་“ས་ཁུལ་བཞིའི་འཛུགས་སྐྲུན”ནང་ཞུགས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ས་ཁུལ་འཛུགས་སྐྲུན་ཐད་དཔེ་སྟོན་སྣེ་ཁྲིད་དང་ལག་རྩལ་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་ཁྱབ་གདལ་གཏོང་བ་དང་། ལམ་གསར་པ་འཚོལ་ཞིབ་བྱེད་དགོས།  གཉིས་ནི་འགྲེམས་སྟོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་འགྲེམས་སྟོན་ཁང་གི་རིག་དངོས་བཤམས་སྟངས་འཆར་འགོད་ཀྱི་དུས་མགོའི་ལས་དོན་གང་མགྱོགས་ངང་ལེགས་སྒྲུབ་བྱས་ཏེ།  བྱེད་ནུས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་རིག་དངོས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  ཚན་རྩལ་གྱི་བཤམས་སྟངས་མངོན་གསལ་དོད་པོར་བྱས་ནས་ལོ་རྒྱུས་ཀྱི་གཏམ་རྒྱུད་ལེགས་པར་བཤད་པ་དང་། མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་ཀྱི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས། གསུམ་ནི་འགྲེམས་ཚོང་བྱེད་སྟངས་གསར་གཏོད་བྱེད་དགོས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་གཙོ་བོར་ཡིན་པའི“ཐོན་རྫས་གྲགས་ཅན་དང་། ཁྱད་ལྡན་ཐོན་རྫས། ཐོན་རྫས་སྤུས་ལེགས་ཅན”བཅས་ཀྱི་འགྲེམས་སྟོན་སྣ་ཁ་ཇེ་མང་དང་གཞི་ཁྱོན་ཆེ་རུ་བཏང་ནས་ཚོང་གཉེར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། “ཐད་གཏོང་ཟོང་འཚོང”སོགས་ཀྱི་ཚོང་གཉེར་བྱེད་སྟངས་གསར་སྤེལ་བྱེད་པ་དང་། ཐོན་རྫས་ཀྱི་སྐད་གྲགས་ཇེ་ཆེར་བཏང་ནས་མཚོ་བྱང་གི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྙན་གྲགས་མཆེད་པར་བྱེད་དགོས།  བཞི་ནི་སོན་བཟང་འགྲེམས་སྟོན་ཡག་པོ་བྱེད་དགོས། དཔེ་སྟོན་གླིང་གི་སོན་བཟང་གི“གསོ་སྤེལ་དང་སྐྱེ་འཕེལ། ཁྱབ་གདལ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་དེ་གར་འཚམ་པའི་རྒྱུད་བཟང་ཕྱུགས་རིགས་སྣ་ཚོགས་ནང་འདྲེན་གྱིས་གཅིག་སྡུད་ཐོག་དྲིལ་སྒྲོག་འགྲེམས་སྟོན་བྱེད་པ་དང་།  སོན་བཟང་གི་སྙན་གྲགས་མཆེད་ཚད་ཆེ་རུ་བཏང་ནས་མཚོ་བྱང་ཁུལ་གྱི་ཕྱུགས་རིགས་སོན་བཟང་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་ལམ་གཏོད་དགོས།  ལྔ་ནི་ཐོན་ལས་ཀྱི་སྐུལ་ཁྲིད་ལ་སྐུལ་འདེད་བྱེད་དགོས། ཐོན་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ“ཚན་ཞིབ་ལས་ཁུངས+མཉམ་ལས་ཁང+དཔེ་སྟོན་གནས་གཞི+རོང་འབྲོག་དུད་ཁྱིམ”བཅས་གཉེར་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ནས་དེང་རབས་ཕན་མཐོའི་ཕྱུགས་ལས་གསོ་སྤེལ་གྱི་ལམ་དུ་ཞུགས་དགོས།  དྲུག་ནི་ཚན་ཞིབ་ལས་སྟེགས་གསར་བསྐྲུན་བྱེད་དགོས། ཤེས་ལྡན་པ་གདན་འདྲེན་གྱིས་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། ཞིང་ཆེན་ཕྱི་ནང་གི་ཚན་ཞིབ་ལས་ཁུངས་དང་། ཞིང་འབྲེལ་སློབ་གླིང་། ཚན་རྩལ་ཁེ་ལས་བར་གྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། བོད་ལུག་དང་ནོར་གནག་གི་ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་སྒྲོལ་ལག་རྩལ་གྱི་མཉམ་ལས་གཙོ་གནད་དུ་བཟུང་ནས། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཁག་གཅིག་སྡུད་བྱས་ཐོག་ཁྱབ་གདལ་གཏོང་དགོས་ཤེས་བླང་བྱ་བཏོན།

ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན་དང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུའི་ཅུ་ཀྲང་དོན་བྷོ་ཡིས་བརྟག་ཞིབ་གནང་བར་ཕེབས་རོགས་བྱས།

ཡོངས་ཁུངས།  མཚོ་བྱང་སྲིད་དོན།


མཉམ་སྤྱོད།