དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཡུས་ཀུའུ་རིགས།

2022-12-29 16:49:44   |   1089

ཡུས་ཀུའུ་རིགས(裕固族)ནི་གཙོ་བོ་ཀན་སུའུ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་ཅིང་། ཁྱོན་སྡོམ་པས་གྲངས14370ལྷག་ལས་མེད། ཁོ་ཚོས་རང་ཉིད་ལ“ཡུ་ཧོར”དང“ཞི་ལ་ཡུ་ཀུར”ཞེས་འབོད་པ་དང་། 1953ལོར་ཀན་སུའུ་ཞིང་ཆེན་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་འཛུགས་སྐབས་མི་རིགས་རང་གི་འཐུས་མི་དང་གྲོས་བསྡུར་བྱས་ཏེ“ཡུ་ཧོར”དང་སྒྲ་མཚུངས་ཤིང་རྒྱ་ཡིག་གི་དོན་དུ་སྟོབས་འབྱོར་དང་བརྟན་བརླིང་གི་ནང་དོན་མཚོན་པའི་ཡུས་ཀུའུ་རིགས་ཞེས་མིང་བཏགས། མི་རིགས་དེར་སྐད་རིགས་གསུམ་སྟེ། ནུབ་ཕྱོགས་ཡུས་ཀུའུ་སྐད་དང་ཤར་ཕྱོགས་ཡུས་ཀུའུ་སྐད། རྒྱ་སྐད་བཅས་འཆད་བཞིན་ཡོད་ཅིང་མི་རིགས་རང་ལ་ཡི་གེ་མེད་པས་རྒྱ་ཡིག་བཀོལ་བཞིན་ཡོད། 

ཡུས་ཀུའུ་རིགས་ཀྱི་སྐྱེས་པ་ཚོས་ལུས་ལ་གོང་བ་མཐོ་བའི་ལྭ་རིང་གོན་པ་དང་མདོག་དམར་པོ་དང་སྔོན་པོའི་སྐ་རགས་བཅིངས་ནས་རྐང་ལ་འཇུར་རྟ་ཡུ་རིང་གོན་པ་དང་མགོར་ཕྱིང་ཞྭ་དང་རྒྱ་ཞྭ་གོན། བུད་མེད་རྣམས་ཀྱིས་ལྭ་རིང་གོན་པ་དང་། མགོར་དུང་ཆེན་དབྱིབས་ཀྱི་ཞྭ་དམར་བོ་གོན་པར་དགའ། 

ཡུས་ཀུའུ་རིགས་ཀྱི་ངག་ཐོག་གི་རྩོམ་རིག་ལ་ལྷ་སྒྲུང་དང་གཏམ་རྒྱུད། དམངས་གླུ། དོན་བརྗོད་སྙན་ངག་སོགས་ཡོད། དེ་དག་ལས་ལྷ་སྒྲུང《མོ་ལ》དང་གཏམ་རྒྱུད《སྲིན་པོ་མགོ་དགུ་དང་དཔའ་ངར་ལྡན་པའི་གཞོན་ནུ》སོགས་ཀྱིས་མི་རིགས་དེའི་འོད་སྟོང་འབར་བའི་ལོ་རྒྱུས་དང་དཔའ་ངར་སྤྱང་གྲུང་ལྡན་པའི་གཤིས་རྒྱུད་མཚོན་ཡོད་པས། ཀྲུང་གོའི་རྩོམ་རིག་ལོ་རྒྱུས་དེབ་ཐེར་དུ་གོ་གནས་གལ་ཆེན་བཟུང་ཡོད། གཞན་ཡང་། མི་རིགས་དེ་ནི་མཛེས་རིས་ལ་ཧ་ཅང་མཁས་ཤིང་། ཁོ་ཚོས་འཐག་པའི་ས་གདན་སྟེང་གི་མེ་ཏོག་སྣ་ཚོགས་དང་ཕུར་ཁ་དང་གོང་བའི་ཁ་རུ་གཙགས་པའི་མེ་ཏོག་རྣམས་གསོན་ཉམས་ལྡན་ཞིང་ཡི་ཀྱི་དབང་བོ་འཕྲོག

ཡུས་ཀུའུ་རིགས་ལ་མགྲོན་པོར་སྣེ་ལེན་བྱེད་པའི་སྲོལ་བཟང་བོ་ཞིག་ཡོད། མགྲོན་པོ་ཁྱིམ་དུ་སླེབས་དུས་ཐོག་མར་ཇ་འདྲེན་པ་དང་རྗེས་སུ་ཆང་དྲངས་ཏེ་ལྷག་བསམ་རྣམ་དག་གིས་མགྲོན་པོར་བརྩི་བཀུར་བྱེད། ཁོ་ཚོའི་བཟའ་བཏུང་གཙོ་བོ་ནི་འབྲས་དང་ཕྱེ། འོ་མ་དང་ལུག་ཤ་བཅས་ཡིན། 

རྟ་རྒྱུག་འགྲན་སྡུར་ནི་ཡུས་ཀུའུ་རིགས་ཀྱི་ཆེས་རྒྱ་ཆེ་བའི་མང་ཚོགས་རང་བཞིན་གྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ཞིག་ཡིན། 



མཉམ་སྤྱོད།