དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

དབྱིས་རིགས།

2022-12-29 16:48:47   |   1120

དབྱིས་རིགས(彝族)ནི་སི་ཁྲོན་དང་ཡུན་ནན། ཀོས་ཀྲིག་བྱང་ཕྱོགས། ཀོང་ཏུང་གི་ནུབ་བྱང་ཕྱོགས་སུ་གནས་ཡོད་ལ། ལིང་ཧྲན་ཆེ་ཆུང་གཉིས་ནི་དབྱིས་རིགས་མང་བོ་འདུས་སྡོད་བྱེད་སའི་གནས་ཡིན། ཁྱོན་སྡོམ་མི་གྲངས8714390ལྷག་ཡོད། 

དབྱིས་རིགས་ཀྱི་གྱོན་ཆས་ལ་རྣམ་པ་མང་ཞིང་ས་ཁུལ་སོ་སོར་རང་གི་ཁྱད་ཆོས་ཡོད།  དུས་རྒྱུན་དུ་མཐོང་བའི་སི་ཁྲོན་ལིང་ཧྲན་དང་ཀོས་ཀྲིག་ས་ཁུལ་སྐོར་ཞིག་གི་སྐྱེས་པ་ཚོས་སྟོད་ལ་རྒྱབ་ཁེབས་ནག་པོ་དང་རྐང་སྣམ་དུང་ཆེན་ཁ་གྱོན། སྐྱེས་མ་ཚོས་ཕུར་ཁ་དོག་པའི་ལྭ་རིང་གྱོན་ཞིང་ཐོག་ཏུ་སྟོད་ཐུང་གྱོན་པར་དགའ། 

དབྱིས་རིགས་ཀྱི་རྩོམ་རིག་མང་ཆེ་བ་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་ཡིན་ལ། དེའི་ནང་དུ་ལྷ་སྒྲུང་དང་གཏམ་རྒྱུད། དོན་བརྗོད་སྙན་ངག ལེགས་བཤད་སོགས་འདུས། དབྱིས་རིགས་ཀྱི་སྲོལ་རྒྱུན་དམངས་ཁྲོད་རྩོམ་རིག་ནང《མེ་ཀུ》དང《ཁྲ་མུའུ》སོགས་ནི་ལྷ་སྒྲུང་གི་དཔེ་མཚོན་བརྩམས་ཆོས་ཡིན། 《ཨ་ཧྲི་མ》དང《ཨ་མའི་བུ་མོ》སོགས་ནི་དོན་བརྗོད་སྙན་ངག་རིང་མོ་ཡིན། ལྷག་པར་དུ《ཨ་ཧྲི་མ》ལ་མངོན་གསལ་གྱི་མི་དམངས་རང་བཞིན་དང་ཚད་མཐོ་བའི་སྒྱུ་རྩལ་རང་བཞིན་ལྡན་པས་རྩོམ་རིག་ལས་རིགས་སྟེང་གདེང་འཇོག་ཚད་ཆེན་པོ་ཐོབ་ཡོད། 1954ལོར《ཨ་ཧྲི་མ》པར་སྐྲུན་འགྲེམ་སྤེལ་བྱས་པ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། འཇར་པན་སོགས་ཀྱི་ཡིག་རིགས་ལ་བསྒྱུར་པ་ཅིང་གློག་བརྙན་དུའང་སྒྱུར་བཅོས་བྱས་ཡོད། བཅིངས་འགྲོལ་རྗེས་སུ་དབྱིས་རིགས་རྩོམ་རིག་ལ་རྣམ་པ་གསར་བ་བྱུང་ཞིང་རྩོམ་པ་པོ་མི་ཉུང་བ་ཞིག་བྱུང་ཡོད་པ་དཔེར་ན། ལིས་ཆོད་དང་སུའུ་ཞོད་ཞིན། སྙན་ངག་པ་ཕུའུ་ཧྥེ་དང་ཝུའུ་ཆི་ལ་ཏ་སོགས་ཡོད། ཁོ་ཚོའི་བརྩམས་ཆོས་ལ་རྩོམ་རིག་ལས་རིགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། 

དབྱིས་རིགས་ལ་སྲོལ་རྒྱུན་གྱི་དུས་ཆེན་མང་བོ་ཡོད་པ། དཔེར་ན། “དཔལ་འབར་དུས་ཆེན”(ལུགས་གསར་གྱི་བདུན་པའི་ཚེས་ཉི་ཤུ་ནས་ཉེར་གཉིས་བར)དང“དབྱིས་རིགས་ཀྱི་ལོ་སར”(ལུགས་རྙིང་གི་ཟླ་བཅུ་བའི་ཟླ་སྟོད)དུས་ཆེན་སྐབས་སུ་འཇུ་རེས་བྱེད་པ་དང་མདའ་འཕེན་པ། གླུ་ལེན་གར་རྩེ་སོགས་ཀྱི་བྱ་འགུལ་སྤེལ་བ་ཡིན། དབྱིས་རིགས་ཀྱི་ཆོས་ལུགས་དད་ཡུལ་གཙོ་བོ་ནི་རང་བྱུང་ཁམས་ན་ཡོད་པའི་སྲོག་ལྡན་དངོས་པོ་མཐའ་དག་དང་མེས་པོ་ཡིན་ལ། དུས་ཡུན་རིང་བོར་མི་རིགས་བར་དུ་རིག་གནས་བརྗེ་རེས་བརྒྱུད་ཁོ་ཚོས་ཐུབ་བསྟན་ཆོས་ལུགས་དང་ད་དུང་ཏོ་ཅོ་ཆོས་ལུགས་ལའང་དད་པ་བྱེད། 



མཉམ་སྤྱོད།